སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་གོའི་ཞིང་ལས་ཐོན་རྫས་ཉོ་ཚོང་འགྲེམ་ཚོགས་ཐོག་བོད་ལྗོངས་དང་ཤིན་ཅང་གི་ཞིང་ལས་འགྲེམ་ཁུལ་ལ་དོ་སྣང་ཐོབ།
སྤེལ་དུས། 2014-09-28   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ།

བོད་ཆས་གྱོན་པའི་ལས་བྱེད་པས་སྐུ་མགྲོན་རྣམས་ལ་མངའ་རིས་རིག་གནས་ངོ་སྤྲོད་གནང་བཞིན་པ།

བོད་རིགས་བུ་མོ་སྒྲོལ་མས་མངའ་རིས་ཁྱད་ལྡན་ཐོན་རྫས་ལེགས་སྒྲིག་བྱེད་བཞིན་པ།

ཚེས༢༧ཉིན་ཀྲུང་གོའི"ལང་ཧྥེང"ཞིང་ལས་ཐོན་རྫས་ཉོ་ཚོང་འགྲེམས་ཚོགས་ཐོག  བོད་ལྗོངས་དང་ཤིན་ཅང་གི་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ཁྱད་ལྡན་ཞིང་ལས་འགྲེམ་ཁུལ་གྱིས་གཟིགས་མོ་བ་མང་པོའི་ཡིད་དབང་བཀུག 

ལང་ཧྥེང་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་ཀྱི་འགྲེམ་རBནང་མི་ཚོགས་ཀྱིས་ཚང་ཁ་རྒྱག་ཅིང་། དེ་ནི་བོད་ལྗོངས་མངའ་རིས་ས་ཁུལ་ཞིང་ལས་ཐོན་རྫས་ཀྱི་འགྲེམ་ཁུལ་ཡིན།  རྩམ་པ་དང་། ཕྱུར་བ།  ཁམ་བུའི་ཆང་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་བཟའ་ཆས་གྲལ་བསྒྲིགས་ནས་བཀྲམས་ཡོད།  མངའ་རིས་ཀྱི་སྲོལ་རྒྱུན་ཟས་མཆོག་དང་། གངས་རིན་པོ་ཆེའི་རྫ་ཆུ།  ལུག་བལ་ལས་བཟོས་པའི་ཐོན་རྫས་སོགས་ལ་ཀུན་གྱིས་དགའ་བསུ་ཐོབ།

འཛམ་གླིང་ཡང་རྩེ་ཡི་ཡང་རྩེ།  རི་ཚོགས་སྟོང་གི་ལྷུན་པོ། ཆུ་རིགས་ཁྲི་ཡི་འབྱུང་ཁུངས། དེ་མིན་ཀྲུང་གོའི་ལུག་བལ་གྱི་ཕ་ས་སོགས་མིང་བྱང་དེ་དག་འགྲེམ་ཁུལ་དུ་གང་འདོད་མཐོང་ཐུབ།  མགྲོན་བསུ་ལ་དགའ་བའི་བོད་རིགས་བུ་མོ་སྒྲོལ་མས་མངའ་རིས་ཀྱི་ཁྱད་ལྡན་ཐོན་རྫས་མི་རྣམས་ལ་མཚམས་སྦྱོར་གནང་བཞིན་ཡོད་ལ། ལན་རེར་ཕར་འགྲོ་ཚུར་འོང་གི་སྐུ་མགྲོན་ཚར་བསུས་ནས་ཐོན་རྫས་ལ་རོལ་མྱོང་བྱེད་དུ་འཇུག་པ་རེད།

སྒྲོལ་མས། ཧོ་པེ་ལ་འབྱོར་ནས་སྐུ་མགྲོན་འདི་འདྲའི་མང་པོ་ཞིག་ལ་བོད་ཀྱི་ཁྱད་ཆོས་ངོམ་ཐུབ་པ་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད།  ངས་མི་སྔར་ལས་མང་པོས་བོད་ལྗོངས་ཤེས་རྟོགས་དང་བོད་དུ་ཡོང་བར་དགའ་བསུ་བྱེད་ཅེས་བཤད།  མངའ་རིས་གྱི་འགྲེམ་ཁུལ་དུ་ཁྲ་ཆིལ་ལེར་བཀྲམས་པའི་ཐོན་རྫས་དང་། མངའ་རིས་ཀྱི་ལོ་རྒྱུས་དང་། ས་ཁམས།  ཡུལ་སྲོལ་བཅས་ཀྱི་དྲིལ་སྒྲོག་དེབ་བཀྲམས་ཡོད་པ་མཐོང་ཐུབ། མངའ་རིས་ས་ཁུལ་ཚོད་དོན་ཅུས་ཚོང་རའི་སྐྱེལ་འདྲེན་ཁུའུ་ཡི་འགན་འཁུར་བ་ལིན་ཤིན་ཕེང་གིས། འདི་ནི་མངའ་རིས་ས་ཁུལ་གྱི་ཞིང་ལས་ཐོན་རྫས་ཐེངས་དང་པོར་ཀྲུང་གོའི་ཞིང་ལས་ཉོ་ཚོང་ཚོགས་འདུར་ཞུགས་པ་ཡིན། ཧོ་པེ་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་གྱིས་བོད་ལྗོངས་མངའ་རིས་ལ་འཛུགས་སྐྲུན་བྱས་པར་བརྟེན་ནས་ཐེངས་འདིའི་འགྲེམ་ཚོགས་སུ་མངའ་རིས་ས་ཁུལ་གྱི་ཞིང་ལས་ཐོན་རྫས་ཞུགས་ཐུབ་པར་བྱུང་བ་ཡིན།  གོ་སྐབས་འདིར་བརྟེན་ནས་བོད་ལྗོངས་ཀྱི་ཡུལ་སྐོར་དང་། རིག་གནས། ཞིང་ལས་ཐོན་རྫས་དག་དྲིལ་སྒྲོག་བྱེད་ཐུབ་པའི་རེ་བ་བཅངས་ཡོད་ཟེར།  

ལིན་ཤིན་ཕེང་གིས་ཞིང་ལས་ཉོ་ཚོང་འགྲེམ་ཚོགས་ནི་ཕན་ཚུན་སྤེལ་རེས་དང་། འཛད་སྤྱོད་བར་ཐག་སྦྲེལ་བའི་སྟེགས་བུ་ཆེན་པོ་ཞིག་ཡིན་པས་སྦྲེལ་ཟམ་གྱི་ནུས་པ་ལྡན་པ་མ་ཟད། ཞིང་ལས་དང་སྒོ་རྩིས་སྦྲེལ་མཐུད་ལ་དོ་སྣང་བྱས་ཏེ་ཞིང་ལས་ཐོན་རྫས་དེ་ཚོང་རར་བསྐྱོད་པར་ལམ་བུ་ཡག་པོ་ཞིག་བཅོས་ཡོད་ཟེར། ཤིན་ཅང་པ་ཀྲོའུ་དང་བོད་ལྗོངས་མངའ་རིས་གཉིས་ཆ་འདྲ་བར།  ཧོ་པེ་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་འཛུགས་སྐྲུན་བྱེད་ཡུལ་ཡིན། ཐེངས་འདིའི་ཞིང་ལས་ཉོ་ཚོང་འགྲེམ་ཚོགས་ཐོག  གཙོ་སྒྲུབ་ཕྱོགས་ཀྱིས་ཆེད་དུ་པ་ཀྲོའུ་འགྲེམ་སྟེགས་བཀོད་སྒྲིག་བྱས་ཏེ།  ཤིན་ཅང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་གདན་དྲངས་ནས་འགྲེམ་ཚོགས་སུ་ཞུགས་ཡོད་པ་རེད།

ཧོ་པེ་ཞིང་ཆེན་ཤིན་སྐྱོར་གཞུང་སྒྲུབ་ཁང་གི་འགོ་གཙོ་གཞོན་པ་ཀའོ་ཅུ་ཅུན་གྱིས། ང་ཚོས་སྔར་ལས་ཤིན་ཅང་ས་ཁུལ་གྱི་བརྗེ་རེས་དང་མཉམ་བསྲེས་ལ་ཤུགས་བསྣན་ཏེ། ཤིན་ཅང་གི་དཔལ་འབྱོར་མགྱོགས་པོར་གོང་དུ་སྤེལ་བར་རོགས་རམ་བྱེད་པ་དང་། ཞིང་ལས་ཉོ་ཚོང་འགྲེམ་ཚོགས་བརྒྱུད་ནས་ཤིན་ཅང་གི་གོང་འཕེལ་ལ་གསོན་ཤུགས་གསར་བ་བསྣན་པ་དང་ཆབས་ཅིག མི་རིགས་བར་གྱི་བརྩེ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཁ་བྱང་ཕྱི་མོ། ཀྲུང་གོའི་ཞིང་ལས་ཐོན་རྫས་ཉོ་ཚོང་འགྲེམ་ཚོགས་ཐོག་བོད་ལྗོངས་དང་ཤིན་ཅང་གི་ཁྱད་ལྡན་ཞིང་ལས་འགྲེམ་ཁུལ་ལ་དོ་སྣང་ཐོབ།

རྩོམ་འགན་པ། སྒྲོལ་ཚེ།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070