སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྟ་རྩལ་འཛམ་གླིང་བུམ་པའི་འགྲན་བསྡུར་ཁྲོད་སྤེན་པ་ཚེ་རིང་ལ་ཨང་གཉིས་པ་ཐོབ།
སྤེལ་དུས། 2014-10-10   ཡོང་ཁུངས། ཀང་ཀྲུའུ་ཉིན་རེའི་ཚགས་པར།   རྩོམ་སྒྲིག་པ།  དཔལ་མགོན་སྐྱབས།

   ༢༠༡༤ ལོའི་རྒྱལ་སྤྱིའི་རྟ་རྩལ་མཉམ་འབྲེལ་འགྲན་རའི་བཀག་རྒྱ་ཅན་གྱི་འཛམ་གླིང་བུམ་པའི་ཀྲུང་གོའི་རིམ་མཚུངས་མཉམ་འགྲན་གྱི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་དེ་རིང་མཇུག་རྫོགས། ཆེས་མཇུག་མཐའི་འགྲན་བསྡུར་མཁན་འགྲན་རར་ཞུགས་པའི་ཡར་སྔོན་དུ། མི་མང་པོ་ཞིག་གི་འགྲན་འབྲས་གཅིག་མཚུངས་སུ་ཨང་དང་པོར་གནས་ཡོད། འོན་ཀྱང་ཧོ་ལན་གྱི་འགྲན་ཞུགས་པ་ཧྥན་ཧྥོ་ལུན་ཏེན་གྱིས་བཀག་ཤིང་གཅིག་ཀྱང་སར་ལྷུང་དུ་མ་བཅུག་པས། ཆེས་མཇུག་མཐར་སྐར་ཆ ༨༠.༡༤ ཡི་འགྲན་འབྲས་བཟང་པོ་ཡིས་ཨང་དང་པོ་ཐོབ་པ་རེད། བོད་ལྗོངས་རྟ་རྩལ་རུ་ཁག་ནས་ཡོང་བའི་སྤེན་པ་ཚེ་རིང་ལ་ཨང་གཉིས་པ་ཐོབ་ལ། ཁོ་རང་ནི་ཐེངས་འདིའི་ཀྲུང་གོའི་འགྲན་ཞུགས་པ་བཅུ་བདུན་ལས་འགྲན་འབྲས་ཆེས་བཟང་བ་དེ་ཡིན་པ་རེད།  

   དེ་རིང་གི་འགྲན་བསྡུར་ཐེངས་གཉིས་ཀྱི་ཁྲོད་དུ། ཀྲུང་གོའི་འགྲན་ཞུགས་མཁན་ཚོའི་ནང་དུ ༢༠༠༨ ལོའི་ཨོ་རྩལ་འགྲན་ཚོགས་སུ་ཞུགས་མྱོང་བའི་ཧང་ཙུའུ་ཕིང་དང་ལི་ཀྲིན་ཆང་སོགས་འགྲན་བསྡུར་མཁན་རྒན་པ་ཡོད་ལ། ཀྲོའུ་མེའུ་མེའུ་དང་ཆེན་ཡུས་ལྟ་བའི་ན་གཞོན་ཡང་ཡོད། འོན་ཀྱང་ཀྲུང་གོའི་རྟ་བ་རྒན་གཞོན་ཀུན་ལ་དེ་འདྲའི་འགྲན་འབྲས་བཟང་པོ་མ་ཐོབ། དཔེར་ན་ཧང་ཙུའུ་ཕིང་གི་ཞོན་རྟས་བཀག་རྒྱ་ལས་ལྡིང་མ་ཐུབ་པས་འགྲན་བསྡུར་ལས་ཕྱིར་བུད། ཀྲོའུ་མེའུ་མེའུ་ཡིས་བཀག་རྒྱ་མང་པོ་ལས་ལྡིང་མ་ཐུབ་པས་འགྲན་བསྡུར་ནས་ཕུད། འོན་ཀྱང་འགྲན་ཞུགས་པ་གསར་བ་སྤེན་པ་ཚེ་རིང་གིས་བརྟན་འཇགས་ངང་འགྲན་འབྲས་བཟང་པོ་བླངས་ཡོད་པ་རེད།  

   འགྲན་བསྡུར་ཚ་དྲག་ཧ་ཅང་ཆེ་བ་དང་། ཆེས་མཇུག་མཐར་ཧོ་ལན་གྱི་འགྲན་ཞུགས་པ་ཧྥན་ཧྥོ་ལུན་ཏེན་གྱིས་གནོན་ཤུགས་ཆེན་པོའི་འོག་ཏུ་འགྲན་རྟ་དང་མཉམ་དུ། མགྱོགས་ཚད་ཅུང་དལ་མོ་ལ་བརྟེན་ནས་ལེགས་འགྲུབ་བྱུང་། འོན་ཀྱང་ཆེས་རྗེས་མཐའི་བཀག་རྒྱ་གཉིས་པ་དང་གསུམ་པའི་སྐབས་སུ་རྟའི་རྨིག་པ་བཀག་རྒྱ་ལ་འཕྲད་ཀྱང་སར་མ་ལྷུང་བས། ཆེས་མཇུག་མཐར་ཨང་དང་པོ་ཐོབ་པ་རེད།  

 

   ཁ་བྱང་ཕྱི་མོ། རྟ་རྩལ་འཛམ་གླིང་བུམ་པའི་འགྲན་བསྡུར་ཁྲོད་སྤེན་པ་ཚེ་རིང་ལ་ཨང་གཉིས་པ་ཐོབ།

(རྩོམ་འགན་པ། ལྷ་དབང)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070