སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
འཆི་མེད་དབང་མོར་སྐབས་བཅུ་བའི་གསེར་གླག་བརྙན་འཕྲིན་སྒྱུ་རྩལ་དུས་ཆེན་ཐོག་ཕུལ་བྱུང་མདོ་འཛིན་བྱ་དགའ་ཐོབ།
སྤེལ་དུས། 2014-10-13   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་སྒྲིག་པ།  ཀླུ་འབུམ་རྒྱལ།

༢༠༡༤ལོའི་ཟླ༡༠པའི་ཚེས༡༢ཉིན་གྱི་དགོང་མོའི་ཆུ་ཚོད༧དང་སྐར་མ༣༥སྟེང་དུ་སྐབས་བཅུ་བའི་ཀྲུང་གོའི་གསེར་གླག་བརྙན་འཕྲིན་སྒྱུ་རྩལ་དུས་ཆེན་གྱི་གཟེངས་བསྟོད་དགོང་ཚོགས་ནི་ཁྲང་ཧྲ་གྲོང་ཁྱེར་ནས་ཚོགས་པ་དང་། སི་ཁྲོན་ཁམས་པ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་འཆི་མེད་དབང་མོ་ལ་ཕུལ་བྱུང་མདོ་འཛིན་པའི་བྱ་དགའ་ཐོབ།

འཆི་མེད་དབང་མོ་ནི་༢༠༠༠ལོར་ཁམས་དར་མདོའི་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་པ་དང་ལོ་དེའི་ཟླ་༧པར་དར་མདོ་རྫོང་གི་བརྙན་འཕྲིན་ཁང་དུ་ཡིག་རྒྱུགས་སྤྲད་དེ་ལས་ཞུགས་གནང་། གཙོ་བོ་རྒྱང་བསྒྲགས་དང་མདོ་འཛིན་པ། གསར་འགོད་པ། ལོ་ཙཱ་བ་སོགས་ཀྱི་ལས་ཀ་བསྒྲུབས། ༢༠༠༩ལོའི་ཟླ༩པར་ཁམས་པའི་བོད་སྐད་བརྙན་འཕྲིན་ཁང་དུ་ཞུགས་པ་དང་། གསར་འགྱུར་སྒྲོག་མཁན་གཙོ་བོའི་འགན་བཞེས།

དེ་སྔོན་རྒྱལ་ཡོངས་ཚོགས་ཆེན་གཉིས་པ་དང་། ༥.༡༢ཀྱི་ས་འགུལ་བྱུང་ནས་ལོ་གསུམ་འཁོར་བའི་རྗེས་དྲན་ཚོགས་འདུ། ཡུལ་ཤུལ་ས་འགུལ་བྱུང་ནས་ལོ་གཅིག་འཁོར་བའི་རྗེས་དྲན་ཚོགས་འདུ་སོགས་རྣམ་པ་རྒྱ་ཆེ་བའི་ཚོགས་ཆེན་རིམ་པར་འཕྲིན་སྤེལ་དང་བཅར་འདྲི་ཀྱི་ལས་ཀ་བསྒྲུབས། སི་ཁྲོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་དུས་ཆེན་དང་ཁམས་པའི་རིག་གནས་སྒྱུ་རྩལ་དུས་ཆེན། ཁམས་པ་བརྙན་འཕྲིན་ཁང་གི་བོད་ཀྱི་ལོ་སར་དགོང་ཚོགས། བོད་ལྗོངས་བརྙན་འཕྲིན་ཁང་གི་ལོ༢༥ཡི་སྤྲོ་སྟོན་དགོང་ཚོགས། མཚོ་སྔོན་བརྙན་འཕྲིན་ཁང་གི་ཡུལ་ཤུལ་ས་འགུལ་གྱི་རྗེས་དྲན་བྱ་འགུལ། དཀར་མཛེས་ཁུལ་གྱི་ལོ༦༠ཡི་ཁུལ་སྟོན་སོགས་གཞི་རྒྱ་ཆེ་བའི་རིག་གནས་སྒྱུ་རྩལ་གྱི་ལས་ཚན་ལ་མདོ་འཛིན་བྱས། ༢༠༡༤ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གདན་ཞུས་ལྟར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་མདོ་འཛིན་པ་གྲགས་ཆེན་པེ་ཡན་སུང་དང་ཀྲོའུ་ཐོ། ཏུང་ཆིན་དང་ཀྲུའུ་ཅུན་སོགས་དང་ལྷན་དུ་ཡུལ་ཤུལ་ས་ཡོམ་གྱི་རྗེས་དྲན་ཚོགས་འདུར་མདོ་འཛིན་གནང་།

༢༠༡༡ལོའི་ཟླ༣པར་ཁོ་མོའི་མིང་ནས་བཏགས་པའི་སྐད་གཉིས་ཁ་བརྡའི་ལེ་ཚན"འཆི་མེད་ཀྱི་གླེང་མོལ"ཞེས་པ་དངོས་སུ་གཏོང་མགོ་བརྩམས། འཆི་མེད་ནས་ལེ་ཚན་འདིའི་སྒྲིག་མཁན་དང་མདོ་འཛིན་པ་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ནས་ད་ལྟའི་བར་དུ་འབད་བརྩོན་ཆེན་པོས་སྒྲུབ་བཞིན་ཡོད་པ་དང་། མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐེབས་ཡོད།

 

ཁ་བྱང་ཕྱི་མོ། འཆི་མེད་དབང་མོ་ལ་སྐབས་བཅུ་བའི་ཀྲུང་གོའི་གསེར་གླག་བརྙན་འཕྲིན་སྒྱུ་རྩལ་དུས་ཆེན་ཐོག་ཕུལ་བྱུང་མདོ་འཛིན་པའི་བྱ་དགའ་ཐོབ།

རྩོམ་འགན་པ། སྒྲོལ་ཚེ།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070