སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རང་རྒྱལ་གྱི་ཡོང་འབབ་ཧེ་བག་དུས་རབས་འདིའི་མཐོ་ཤོས་སུ་སླེབས་པས་བཅོས་བསྒྱུར་ཁ་ཚ་དགོས་གཏུག་ཆགས།
སྤེལ་དུས། 2014-10-13   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  གཡས་རྒྱན།

ཟླ་འདིའི་ཚེས ༡༢ ཉིན་ཤེས་གསལ་ལྟར་ན། མི་དམངས་སློབ་ཆེན་གྱི་འབུམ་རམས་པ་རྒན་པའི་གླེང་སྟེགས་ཐོག་མ་དེ་ཀྲུང་གོའི་མི་དམངས་སློབ་ཆེན་དུ་སྤེལ་བ་རེད།  གླེང་སྟེགས་སུ་ཀྲུང་གོ་མི་དམངས་སློབ་ཆེན་མི་དོན་དང་ངལ་རྩོལ་སློབ་གླིང་གི་གླིང་གཙོ་ཙེང་ཞང་ཆོན་ནས་དུས་རབས་འདིའི་རྒྱལ་ཡོངས་ཀྱི་ཡོངས་འབབ་མཐོ་དམའི་ཧེ་བག་ཆུ་ཚད་ཆེས་མཐོ་ཤོས་སུ་སླེབས་ཡོད། ཡོངས་འབབ་དབྱེ་བགོའི་བཅོས་བསྒྱུར་བྱ་བ་དལ་བར་མི་རུང་ཞེས་གསུངས།

ཙེང་ཞང་ཆོན་ནས་སྡོད་དམངས་ཡོང་འབབ་ཀྱི་དབྱེ་བགོའི་ཁྱད་པར་གྱི་ཅི་ཉི་སིའི་གྲངས་གཞི་དེ་རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱི་སྡོམ་རྩིས་ལྟར་ན ༠.༤༨ དང་།  ལྷོ་ནུབ་ནོར་དཔལ་སློབ་སློབ་ཆེན་གྱི་ཆེད་མཁས་པའི་སྡོམ་རྩིས་ལྟར་ན ༠.༦༡ རེད། གང་ལྟར་དེ་གཉིས་ཀ ༠.༤ ཡི་ཉེན་ཐིག་ལས་རིང་དུ་འགལ་ཡོད་ཅེས་དང་། ཁོང་གིས་རང་རྒྱལ་ཀྱི་སྒེར་ཁྲལ་རིམ་འཕར་རང་བཞིན་མཐོ་ཡང་། ཆ་སྙོམས་ཁྲལ་ཚད་དམའ་བས། དེས་ཡོང་འབབ་ཀྱི་ཧེ་བག་སྙོམས་སྒྲིག་བྱ་བར་ཚ་བཀག་ཐེབས་ཀྱི་ཡོད། ཡོང་འབབས་ཧེ་བག་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་དག་ལས། ཐེམ་ཁོངས་དང་ཕོ་མོ། ཉམས་མྱོང་དང་དབང་བའི་ལམ་ལུགས་སོགས་མར་ཉམས་པ་དང་། སློབ་གསོ་དང་ཁེ་ལས་ཀྱི་གཞི་རྒྱའི་ཤུགས་རྐྱེན་དེ་ཇེ་ཆེར་འཕར་གྱི་ཡོད་པའི་ངོས་འཛིན་གནང་།

ཙེང་ཞང་ཆོན་གྱིས། ད་ཆ་ཀྲུང་གོར་ཡོང་འབབ་འབྲིང་གི་ཉེན་ཁ་འཕྲད་ཉེན་ཡོད་པའི་ལྟ་ཚུལ་བརྗོད།  ཡོང་འབབ་འབྲིང་གི་ཉེན་ཁ་ཞེས་པ་ནི་འཛམ་གླིང་དངུལ་ཁང་གིས་བཏོན་པའི་ཐ་སྙད་གཅིག་ཡིན་ཅིང་། དེའི་གོ་དོན་ནི་གསར་དར་ཁྲོམ་ར་ཅན་གྱི་རྒྱལ་ཁབ་དག་དབུལ་ཕོངས་གི་ཉེན་ཁ་ལས་མཆོངས་བསྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་རྗེས་དཔལ་འབྱོར་ཡུན་རིང་པོར་འཕེལ་མེད་སོར་གནས་ཀྱི་ཚུལ་དུ་གནས་སླ་བ་དང་། དེ་ཡང་གསར་གཏོད་ཀྱིས་དབུལ་བས། རིན་ཐང་གསར་པ་སྣོན་ཐབས་མེད་པ་དང་། དེ་དང་སྦྲགས་ནས་ངལ་རྩོལ་ནུས་ཤུགས་ཀྱི་གོང་ཚད་དམའ་བའི་ལེགས་ཆ་ཡང་ཤོར་འགྲོ་བ་དེ་རེད། ཡོང་འབབས་འབྲིང་གི་ཉེན་ཁ་ལས་ཐར་དགོས་ན་ཅི་ཉི་སིའི་གྲངས་གཞི ༠.༣༣ ལས་དམའ་དགོས་ཀྱང་། ཀྲུང་གོའི་གྲངས་གཞི ༠.༤ ལས་ཀྱང་རིང་དུ་བརྒལ་ཡོད།

མ་འོངས་པའི་ཡོང་འབབ་དབྱེ་བགོའི་བཅོས་བསྒྱུར་སྐོར་གླེང་བར། ཙེང་ཞང་ཆོན་གྱིས་དུས་ཐུང་གི་བྱ་ཐབས་ནི་ཁྲལ་བསྡུའི་ལམ་ལུགས་དང་ཤུལ་བཞག་རྒྱུ་ནོར་གྱི་དཔྱ་ཁྲལ། རྒྱུ་དངོས་དཔྱ་ཁྲལ་དང་སྒེར་ཐོབ་དཔྱ་ཁྲལ་བཅས་འཐུས་ཚང་གཏོང་རྒྱུའི་ཐད་ལ། ཕྱོགས་ཡོངས་ལམ་ལུགས་ཀྱི་མི་སྒེར་ཐོབ་ཁྲལ་གྱི་རྣམ་པ་ལག་བསྟར་བྱ་བ་ལས་ད་ཕན་རིགས་དབྱེའི་ཐོབ་ཁྲལ་ཡིན་པའི་རྣམ་པ་ཡིན་མི་རུང་བ་དང་། གཞན་ལས་མིའི་གླ་ཕོགས་རྒྱུན་ལྡན་ལྟར་འཕར་བའི་སྒྲིག་བཀོད་སྐྲུན་དགོས་ཤིང་། འདིར་བཤད་པའི་ལས་མིའི་གླ་ཆར་གཞུང་ཞབས་པ།  ཁེ་ལས་དང་བྱ་གཞག་ཚན་པའི་ལས་མི་སོགས་ངལ་རྩོལ་མང་ཚོགས་རྣམས་ཡིན།

ཕུགས་རྒྱང་རིང་པོ་ནས་བསམ་ཚེ། ཙེང་ཞང་ཆོན་ནས། ཡུན་རིང་གི་ཡོང་འབབ་དབྱེ་བགོ་བཅོས་བསྒྱུར་གྱི་འཐབ་ཇུས་འཛུགས་པར་ཞིབ་འཇུག་བྱ་དགོས་ཤིང་། དེའི་ནང་ཡོང་འབབ་འདྲ་མཉམ་མིན་པ་ཇེ་ཉུང་དུ་གཏོང་བའི་སྤྱིའི་དམིགས་ཡུལ་དང་ཡོང་འབབ་དབྱེ་བགོའི་བཅོས་བསྒྱུར་ལག་ལེན་བྱ་བ། མི་ཤུགས་ཐད་ཀྱི་མ་འཇོག་ཤུགས་ཆེར་གཏོང་བ་དང་། སློབ་གསོ་དང་བདེ་ཐང་ལ་མ་འཇོག་ཆ་མཉམ་པར་བྱེད་པ་སྐུལ་འདེད་གཏང་ནས། གོ་སྐབས་མང་ཉུང་གིས་འདྲ་མཉམ་མ་ཡིན་པའི་གནད་དོན་ཐོན་པ་ཇེ་ཉུང་དུ་གཏོང་དགོས་ལ། ངལ་རྩོལ་ནུས་ཤུགས་ཀྱི་ཁྲོམ་རའི་འགྲན་རྩོད་འཐུས་ཚང་དུ་གཏོང་བ་དང་མཐོང་ཆུང་མི་རུང་བའི་ལམ་ལུགས་འཛུགས་སྐྲུན་བྱས་ནས། འདྲ་མཉམ་ངང་འགྲན་རྩོད་བྱེད་པའི་ཁོར་ཡུག་ཆེན་པོ་བསྐྲུན་དགོས་ཞེས་པའི་བསམ་འཆར་བཏོན་པ་རེད། 

ཁ་བྱང་ཕྱི་མོ།  རང་རྒྱལ་གྱི་ཡོང་འབབ་ཧེ་བག་དུས་རབས་འདིའི་མཐོ་ཤོས་སུ་སླེབས་པས་བཅོས་བསྒྱུར་ཁ་ཚ་དགོས་གཏུག་ཆགས།

(རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070