སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་ན་རེ། དོན་ཐོག་ཏུ་མ་འཁྱོལ་ན། མེ་ལོང་ནང་གི་མེ་ཏོག་དང་ཆུ་ནང་གི་ཟླ་བ་ཡིན།
སྤེལ་དུས། 2014-10-14   ཡོང་ཁུངས། མི་དམངས་ཉིན་ཚཊ།   རྩོམ་སྒྲིག་པ།  རྟ་མགྲིན་གྱིས་བསྒྲིཊ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ ༡༠ ཚེས ༡༡ ཉིན་གློག་འཕྲིན་བཏང་གསལ། ཚེས ༡༠ དང་ཚེས ༡༡ ཉིན་རྒྱལ་ཡོངས་ཏང་ཨུད་ཀྱི་དྲུང་ཆེའི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུ་མ་འཚོག་གོང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་དངོས་གཉེར་གོང་ན་བཀུར་བ་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་དགོས་ཞེས་ངས་ནན་བཤད་ཡང་ཡང་བྱེད་ཀྱི་ཡོད། གལ་ཏེ་ཡིད་རྣལ་དུ་ཕབ་ནས་དོན་འཁྱོལ་ཐད་དམ་འཛིན་མ་བྱས་ན། དམིགས་ཚད་དང་འཆར་གཞི་ཡག་པོ་ག་ཚོད་ཡོད་ཀྱང་ཤེལ་སྒོའི་ནང་གི་མེ་ཏོག་དང་ཆུའི་ནང་གི་ཟླ་བ་ལྟ་བུ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཨུད་གཞུང་དོན་ཐིང་ཁོངས་གཏོགས་ཀྱིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུའི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད་ལ། ནུས་པ་གལ་ཆེན་ཡང་བཏོན་ཡོད།ད་ཐེངས་རྒྱལ་ཡོངས་ཏང་ཨུད་ཀྱི་དྲུང་ཆེའི་ཚོགས་འདུའི་ཐོག་སླར་ཡང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་གནད་དོན་ཐད་ཆེད་དོན་ཞིབ་འཇུག་བྱས་ཡོད། རིམ་ཁག་ཏང་ཨུད་གཞུང་དོན་ཐིང(ཁང)གིས་གཞི་རྩའི་འགན་ནུས་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ་སྟོབས་ཤུགས་དེ་བས་འདོན་པ་དང་དེ་བས་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་དབྱང་སྲིད་བཀའ་ཐོགས་མེད་དང་ཐབས་ཇུས་དོན་འཁྱོལ་གཏིང་ཟབ་ཐུབ་རྒྱུ་འགན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུའི་ཐོག་གསུང་བཤད་གནང་ཞིང་། ཁོང་གིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཀྲུང་དབྱང་གི་སྲིད་བཀའ་ཐོགས་མེད་འགན་ལེན་བྱ་རྒྱུ་བཅས་ནི་ཏང་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན་ལ། ཏང་ཨུད་གཞུང་དོན་ཐིང(ཁང)ལས་དོན་གྱི་རྩ་བའི་འགན་འཁྲི་དང་ལྟེ་བའི་ལས་འགན་ཞིག་ཀྱང་ཡིན། མིག་སྔར་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བས། རིམ་ཁག་ཏང་ཨུད་གཞུང་དོན་ཐིང(ཁང)གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་གཞིར་བཟུང་། དོན་འཁྱོལ་དམ་འཛིན་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རང་འགུལ་ངང་བྱ་བ་དོན་གཉེར་དང་། འགན་འཁུར་ཕོད་པ། རྒྱུན་སྲིང་ལྷོད་མེད། དམ་འཛིན་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་ཐུབ་རྒྱུའི་འགན་ལེན་བྱེད་དགོས། དོན་འཁྱོལ་དམ་འཛིན་བྱ་རྒྱུར་དམིགས་ནས།ཏང་ཨུད་གཞུང་དོན་ཐིང་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་མུ་མཐུད་སྒྲིག་འཛུགས་བྱས་ཏེ་སྐུལ་འདེད་བཏང་ནས་སློབ་སྲོལ་སྔར་བས་ལེགས་སུ་གཏོང་བ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས་པ་དང་། མུ་མཐུད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།སྤྱོད་ཚུལ་བཞིབཅོས་སྒྲིག་གཏིང་ཟབ་བྱས་ཏེ་སྤྱོད་ཚུལ་ལེགས་སུ་གཏོང་བའི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཡག་པོ་རྒྱག་དགོས་པ། ཀྲུང་དབྱང་གཞུང་དོན་ཐིང་དུ་ལྟ་ཞིབ་བརྟག་ཞིབ་གནང་སྐབས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་མུ་མཐུད་མཛུབ་ཁྲིད་དུ་བྱེད་པ་དང་གཞུང་དོན་ཐིང(ཁང)གི་འཛུགས་སྐྲུན་ཁག་དམ་འཛིན་ཏན་ཏིག་བྱས་ཏེ་གཞུང་དོན་ཐིང(ཁང)འདི་ཉིད་ཀྲུང་དབྱང་དང་རིམ་ཁག་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་མདུན་སྒོ་དང་སྲ་ཞིང་བརྟན་པའི་རྒྱབ་སྒོར་བསྐྲུན་དགོས་པ། མཐུན་སྦྱོར་དང་། ལྟ་ཞིབ། སྒྲིག་འཛུགས་བཅས་ཀྱི་ཐོག་ནས་ཀྲུང་དབྱང་གི་ལས་དོན་གལ་ཆེན་ཁག་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་ཨུད་གཞུང་དོན་ཐིང་ཁོངས་གཏོགས་ཀྱི་དོན་འཁྱོལ་དམ་འཛིན་ཐད་ཀྱི་ཉམས་མྱོང་དང་བྱེད་ཐབས་སྤེལ་རེས་བྱས་པ་དང་འབྲེལ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་ནང་དོན་དང་།གཙོ་གནད། དམིགས་ཚད། བྱེད་ཐབས་བཅས་སྔར་བས་དོན་འཁྱོལ་བྱ་རྒྱུར་ཞིབ་འཇུག་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།

ཁ་བྱང་ཕྱི་མོ། ཞིས་ཅིན་ཕིང་ན་རེ། དོན་ཐོག་ཏུ་མ་འཁྱོལ་ན། མེ་ལོང་ནང་གི་མེ་ཏོག་དང་ཆུ་ནང་གི་ཟླ་བ་ཡིན།

(རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070