སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
༢༠༡༤ ལོའི།འཛམ་གླིང་གི་གནའ་རྫས་རིག་པའི་དོན་ཆེན་བཅུ་གཅིག
སྤེལ་དུས། 2015-01-29   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རིང་རྣམ་རྒྱལ།

ཉེ་ལམ།ཨ་རིའི《གནའ་རྫས་རིག་པདུས་དེབ་ཀྱིས། སྔར་ལོ་བཞིན ༢༠༡༤ ལོར་འཛམ་གླིང་གི་གནའ་རྫས་རིག་པའི་དོན་ཆེན་བཅུ་སྟེ། དཔེར་ན་ཨམ་ཧྥེ་ཕི་ལེ་སི(Amphipolid)ཡི་གནའ་བོའི་བང་སོ་སྔོན་འདོན་དང་ལོ་བརྒྱ་དང་བདུན་ཅུའི་ཡར་སྔོན་མཚོ་རུ་སྙིགས་པའི་གཟིངས་ལག་སོན་བྱུང་བ། མོ་ཞི་ཁོ་ནས་བུད་པའི་མགོ་རུས་ལ་དཔྱད་དེ་ཨ་མེ་རི་ཁ་གླིང་གི་ཡུལ་མི་ངོ་སྤྲོད་པ།ལུམ་བིའི་ཚལ་དུ་ཤིང་གི་མཆོད་སྒམ་བྱུང་བ་སོགས་བཅུ་བཀོད་འདུག་པའི་ཐོག་ངེད་དྲ་བས"མིག་སྔར་དུས་ཚོད་སྔ་ཤོས་ཀྱི་བོད་ཡིག་གསར་རྙེད་བྱུང"བའི་སྐོར་བསྣན་ནས ༢༠༡༤ ལོའི་འཛམ་གླིང་གནའ་རྫས་རིག་པའི་དོན་ཆེན་བཅུ་གཅིག་ཅེས་བརྗོད་དེ།ངོ་སྤྲོད་རགས་ཙམ་བགྱི་བ་ལ།

དང་པོ།ཆི་ལེན་རི་བོ--"མིག་སྔར་དུས་ཚོད་སྔ་ཤོས་ཀྱི་བོད་ཡིག་གསར་རྙེད་བྱུང"གསར་རྙེད་འདིས་བོད་ཡིག་དར་འཕེལ་ལོ་རྒྱུས་ལ་ཚ་འདྲི་གཏོང་སྲིད།

ཉིན་ཁ་ཤས་ཀྱི་སྔོན་དུ།ཀན་སུའུ་དང་མཚོ་སྔོན་གྱི་ས་མཚམས་ནས"ཆེས་གནའ་བོའི་བོད་ཡིག་གསར་རྙེད་བྱུང"ཞེས་པའི་བརྡ་ཞིག་གྲགས་བྱུང་། ལུང་དང་ལུང་འདྲེན་པའི་རང་རེའི་བོད་ཀྱི་ལོ་རྒྱུས་ལ་མཚོན་ན་བཀྲ་ཤིས་པའི་གཏམ་བཟང་ཞིག་ཅི་ལ་མིན།ཤིན་ལང་པོ་ཕྲན་དུ་བཀོད་པའི་རྒྱ་ཡིག་གི་མ་ཡིག་དེར་བལྟས་ནདྲ་གནསhttp://bolog.sina.com.cn/s/blog_5048dcb601010xrf.html)གཡུ་ལེབ་ཁ་ཤས་བཀྲམས་འདུག་ལ།དེའི་ངོས་སུ་བོད་ཡིག་གི་གཟུགས་ཀྱང་འདྲ་འདྲ་ཞིག་འདུག ལིའུ་ཧན་ཀིན་ལ་སོགས་ཀྱིས་དེ་དག་བྱུང་ཚད་སྤྱི་ལོ་སྔོན་གྱི་དུས་རབས་ཉེར་གཅིག་པ་ནས་སྔོན་གྱི་དུས་རབས་བཅུ་དྲུག་པའི་བར་ཡིན་པར་བཞེད།བདེན་དུ་གྲུབ་ན།བོད་ཡིག་དར་འཕེལ་ལོ་རྒྱུས་ལ་དོན་སྙིང་གལ་ཆེན་ལྡན།

གཉིས་པ།དབྱིན་ཇིའི་ཝོར་ཕྲི་ཧྲར(Wiltshire)ཕ་བོང་ཚོགས་ཀྱི་རྒྱ་ཁྱོན་འཇལ་བ།

འཚོལ་ཞིབ་འཕྲུལ་ཆས་རྟག་རྒྱབ་ཀྱི་ཕ་བོང་ཚོགས་ནི། རྡོ་ཆས་གསར་བའི་མཛེས་ལྗོངས་ཀྱི་ཆ་ཤས་ཙམ་རེད། མཁའ་སྤྱོད་སྐུལ་འོད་དང་སར་ཞིབ་ལེ་ཏ། རྒྱང་ཚོར་ལག་རྩལ་གྱིས་མིག་ལམ་ནས།ལོ་ངོ་སྟོང་ལྔར་འགྱིངས་པའི་ཕ་བོང་གི་ཚོགས་དེ་ནི། རྡོ་ཆས་གསར་བའི་དུས་རབས་ཀྱི་མཛེས་ལྗོངས་ཀྱི་ཆ་ཤས་ཙམ་རེད། ༢༠༡༤ ལོའི་ཟླ ༩ པའི་ནང་དུ། དབྱིན་ཇིའི་ཚན་རིག་པས་གསར་རྙེད་འདི་ཕྱི་ལ་བསྒྲགས། ཐེངས་འདིར་གསར་རྙེད་བྱུང་བའི་རྡོ་རིང་བཅུ་བདུན་དང་། མཆོད་སྒམ་ཆུང་ཆུང་། དུར་སྒང་། ས་གཤོང་སོགས་འགྲེལ་མི་ནུས་པའི་ཤུལ་དངོས་རིགས་སྟོང་ལས་བརྒལ་བ་འདུག་ལ།དེ་དག་སིར་ལི་སི་ཕོར(Salisbury)ཡི་བདེ་ཐང་གི་ཉེ་འཁོར་གྱི་སྤྱི་ལེ་གྲུ་བཞི་མ་ལྔའི་ནང་དུ་ཁྱབས་ནས་འདུག

གསུམ་པ།དབྱིན་ཇིའི་ཏེ་ཝིན་གྲོང(Devon County)_Seaton Downདངུལ་མཛོད་ཁང་།

རོ་མའི་དངུལ་མཛོད་ཁང་གི་དངུལ་འདི་དག་སྐར་ཟུར་ལྟ་བུ་ཡིན་རུང་། དེས་གསར་རྙེད་ཀྱི་རིན་ཐང་བཅག་མི་ནུས།

དབྱིན་ཀི་ལན་ནུབ་བྱང་ནས་ལྕགས་རིགས་འཚོལ་ཞིབ་འཕྲུལ་ཆས་ཤིག་གིས་རོ་མའི་དངུལ་མཛོད་ཁང་ཆེས་ཆེ་ཤོས་རྙེདམིག་སྔརདེ་རུ་དུས་རབས་གསུམ་པ་ནས་བཞི་བའི་བར་གྱི་དངུལ་གྲངས ༢༢༠༠༠ ལྷག་འདུག སྔོག་འདོན་ལ་ཞུགས་པའི་དབྱིན་ཇི་ཆེ་མོའི་དངོས་བཤམས་ཁང་གི་དངུལ་སྒོར་ཆེད་མཁས་པVincent Drostཡིས། དངུལ་མཛོད་ཁང་འདི་ནི་མི་སྒེར་གྱི་ཡོང་འབབ་ཞིག་གམ་ཚོར་གཉེར་བའི་མ་རྩ།ཡང་ན་དམག་གི་ཕོགས་ཀྱང་ཡིན་སྲིད་ཅེས་གསུངས།འདི་དག་གི་ཁྲོད་དུ་སྐར་ཟུར་ལྟ་བུས་གྲུབ་པ་ཤིན་ཏུ་མང་བས།མཛོད་ཁང་ཧྲིལ་བོའི་རིན་ཐང་གསེར་གྱི་དངུལ་ཁ་ཤས་ལ་མི་ད(Solidi)གནའ་བོའི་རོ་མ་རྒྱལ་ཁབ་ཀྱི་དངུལ་གྱི་རིགས་ཤིག)འོན་ཀྱང་། ཞིབ་འཇུག་པ་དག་གིས་གསར་རྙེད་འདི་གནའ་བོའི་རོ་མའི་དངུལ་རིགས་ཞིབ་འཇུག་བྱེད་པར་ཕན་ཆེ་བས། རིན་ཐང་ཤིན་ཏུ་ཆེ་བར་འདོད།

བཞི་པ། ཀེ་རི་སེའི་ཨམ་ཧྥེ་ཕི་ལེ་སི(Amphipolis)ཀེ་རི་སེའི་ཆེས་ཆེ་བའི་གནའ་བོའི་བང་མཛོད།

ཨམ་ཧྥེ་ཕི་ལེ་སི་གྲོང་རྙིང་གི་སྒོ་ཡི་རྡོའི་སེང་གཟུགས་མི་གདོང(Sphinx)ཆ་གཅིག

༢༠༡༠ ལོར། གནའ་རྫས་རྟོག་ཞིབ་པས་ཨ་ཐེན་སི(ཡ་ཏེན)ཡི་བྱང་གི་སྤྱི་ལེ ༥༧༠ མཚམས་ཀྱི།ཨམ་ཧྥེ་ཕི་ལེ་སིའི་གྲོང་རྙིང་གི་ཉེ་འཁོར་ནས་དབྱིན་ཁྲེ ༡༥༠༠ ལྷག་རིང་བའི་རྡོ་ཀ་མ་རུ་དང་རྡོ་ཐལ་བྲག་རྡོ་ལས་གྲུབ་པའི་རྫོང་མཁར་ཞིག་རྙེད། ༢༠༡༤  ལོ་ད་གཟོད་རྗེས་ཤུལ་འདིའི་སྒོ་རྙེད།སྒོ་རུ་རྡོའི་སེང་གཟུགས་མི་གདོང་ཆ་གཅིག་དང་ཁེར་ཚུགས་ཀྱི་བང་སོ་གསུམ་འདུག བང་སོ་དང་པོའི་ནང་དུ་ཀ་མ་རུ་དཀར་པོ་བཏིངས་ནས།དབྱིན་ཁྲེ་བཅུ་ཟིན་པའི་རྡོའི་བུད་མེད་ཆ་གཅིག་འདུག བང་སོ་གཉིས་པའི་རྡོ་བཅལ་ནི་གཤིན་རྒྱལ་གྱིས་ཕོར་སེ་ཧྥིན(Perephoneཀེ་རི་སིའི་ལྷ་སྒྲུང་དུ་གཤིན་རྒྱལ་གྱི་བཙུན་མོ)བཙན་ཁྲིད་བྱེད་པའི་ལྷ་སྒྲུང་གི་རི་མོས་བྱས།བང་སོ་གསུམ་པའི་སྒོར་དབྱིན་ཁྲེ་བཞི་ལས་བརྒལ་ཡོད་ལ་ནང་དུ་འབུར་རིས་མང་པོ་འདུག གནའ་བོའི་བང་སོ་འདི་སྤྱི་ལོ་སྔོན་གྱི་དུས་རབས་བཞི་བའི་མཇུག་གི་ལོ་བཅུ་ཕྲག་བར་དུ་འདེད་ཐུབ་ལ།སྐབས་དེར་ཨམ་ཧྥེ་ཕི་ལེ་སི་ནི་མ་ཆི་ཏོནསྤྱི་ལོ་སྔོན་གྱི ༨༠༠ ནས་སྔོན་གྱི ༡༤༦ བར།གནའ་བོའི་ཀེ་རི་སེའི་བྱང་ཕྱོགས་རྒྱལ་ཕྲན་ཞིག་གི་རྒྱལ་བོམངའ་ཁོངས་ཀྱི་གལ་ཆེ་བའི་གྲོང་ཁྱེར་ཡིན།

ལྔ་བ།བལ་བོའི་ལུམ་བིའི་ཚལ(Lambini)སངས་རྒྱས་ཆོས་ལུགས་ཀྱི་ཁུངས།

ལུམ་བིའི་ཚལ་གྱིས་སྔོག་འདོན་འདིས།"སྟོན་པ་དུས་ནམ་བཞུགས"ལ་དཔང་བོ་གསར་བ་ཞིག་རྙེད་ཐུབ་སྙམ། བལ་བོའི་ཡུལ་གྱི་ལུམ་བིའི་ཚལ་ནས་ཐོན་པའི་རིག་དངོས་ཀྱིས་སངས་རྒྱས་ཆོས་ལུགས་ཐོག་མར་དར་བའི་སྐོར་གྱི་གནས་ཚུལ་ཁ་ཤས་ཇེ་གསལ་དུ་ཡོང་སྲིད།བཤད་རྒྱུན་དུ།ལུམ་བའི་ཚལ་ནི་ཡུམ་སྒྱུ་འཕྲུལ་མའི(Maya Devi)མངལ་ལསSiddharthaདངGautamaའཁྲུངས་པའི་གནས་ཡིན་ལ།རྗེས་མ་ཀོ་ཏ་མ་ནི་སྟོན་པ་ཡིན་ནོ།སངས་རྒྱས་ཆོས་ལུགས་ཀྱི་མཆོད་སྒམ་རྙིང་བ་གང་མང་ཞིག་བསྟན་པ་དར་བར་བྱས་རྗེ་བླ་ན་མེད་པའི་ཆོས་རྒྱལ་མྱ་ངན་མེད་དང་།ཁོང་གི་་གུབྟའི་རྒྱལ་རབས་ཀྱི་ལོ་སྟེ།སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པར་འདེད་ཐུབ།དེ་ལྟར་ལགས་མོད། གནའ་རྫས་རྟོག་ཞིབ་པས།ལུམ་བའི་ཚལ་དུ་གུབྟའི་རྒྱལ་རབས་སུ་བཞེངས་པའི་འདུ་ཁང་ལས་ཤིང་གི་མཆོད་སྒམ་ཞིག་རྙེད་པ་དེ།སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པའི་བར་འདེད་ཐུབ་པར་བཞེད།འདི་ནི་མིག་སྔར་ལག་སོན་བྱུང་བའི་ཆེས་རྙིང་བའི་མཆོད་སྒམ་ཡིན་ལ།འདིས"སྟོན་པ་དུས་ནམ་བཞུགས"ཀྱི་དཔང་པོ་གསར་བ་བྱེད།གསར་རྙེད་བྱུང་སའི་འདུ་ཁང་ད་ལྟའང་བཀོལ་བཞིན་ཡོད་པས།གྲྭ་བ་དང་འཇལ་སྐོར་བས་གོང་དུ་ཁ་དོན་དགེ་སྦྱོར་དང་འོག་ཏུ་ཞིབ་འཇུག་པས་རིག་དངོས་འཚོལ་ཞིབ་བྱེད་བཞིན་ཡོད།

དྲུག་པ། དབྱི་སི་རལ་གྱི་ཅེ་རུས་ས་ལེམ(Jerusalem)ཉི་ཨན་གྲོལ་མིའི (Neander)གཞི་རྒྱུའི་གསང་བ་གྲོལ།

ད་ལོར་ཉི་ཨན་གྲོལ་མིའི(Neander)གཞི་རྒྱུར་ཞིབ་འཇུག་ཐབས་གསར་བ་བྱུང་།

ཅེ་རུས་ས་ལེམ་ཧེ་པོར་སློབ་ཆེན(The Hebrew University of Jerusalem)དང་མར་ཁེ་སིཕོར་ལང་ཁི་མིའི་རིགས་འཕེལ་འགྱུར་སྨྲ་བའི་ཚོགས་ཆུང་གིས།སྔ་རྗེས་སུ་བྱེད་ཐབས་གསར་བ་སྤྱད་དེ་ཉི་ཨན་གྲོལ་མིའི་གྲུབ་གཟུགས་གཞི་རྒྱུ་ལ་ཚོད་ལེན་བྱས།སྲོལ་རྒྱུན་ཞིབ་འཇུག་ཐབས་ཀྱིས་ཉུང་དྲགས་པའི་ཉི་ཨན་གྲོལ་མིའི་གཞི་རྒྱུ་འཕྲོ་བརླག་དང་གནོད་ཕོག་པས་འཚམ་པོ་རང་མི་འདུག འོན་ཀྱང་ཁོ་ཚོའི་བྱེད་ཐབས་གསར་བ་འདིས། དེ་རིང་གི་མི་ཉི་ཨན་གྲོལ་མི་ལས་འཕེལ་འགྱུར་བྱུང་རྗེས་ཀླད་པ་དང་ཤ་ཁྲག་ཆགས་རིམ་ཚོད་ལེན་བྱེད་ཐུབ་པས།ད་ལྟ་སྡོམ་ཚིག་གསར་བ་ཞིག་ཐོབ་ཡོད་དེ།མིའི་གཟུགས་གཞི་ཆགས་པར་ཕན་ཆེ་བའི་གཞི་རྒྱུ་ཁག་གཉིས་ཉི་ཨན་གྲོལ་མིའི་ལུས་སུ་བརྟན་འཇགས་སུ་ཡོད་ཀྱང་།དེ་རབས་མིའི་ལུས་སུ་འགུལ་བསྐྱོད་བྱེད་མུས་སུ་འདུག ཉི་ཨན་གྲོལ་མིའི་ཐུག་པའི་ལག་མཐིལ།སྦོམ་ཆེ་བའི་པུས་འགོ་དང་ལྷུ་ཚིགས།དེར་ལྟོས་ཀྱིས་རྐང་ལག་རིང་པོ་མེད་པའི་གནས་ཚུལ་ཡང་འདི་ནས་རྟོགས་དགོས་པ་འདྲ།

གཞན་ཡང་ནད་རིགས་དང་འབྲེལ་ཡོད་ཀྱི་ཧོན་ལོག་དང་ཁེར་སྡོད་སྨྲ་ཉུང་།དྲན་ཤེས་ཉམས་པའི་གཞི་རྒྱུ་སོགས་དེང་གི་མིའི་ལུས་སུ་རྒྱུན་དུ་འགུལ་བསྐྱོད་བྱ་བཞིན་ཡོད་ན་ཡང་།ཉི་ཨན་གྲོལ་མིའི་ལུས་སུ་བརྟན་འཇགས་ཀྱི་བསྡད་འདུག གཞི་རྒྱུར་ཞིབ་འཇུག་པ་ཞིག་གིས།གཞི་རྒྱུ་འདི་དག་གིས་འཕེལ་འགྱུར་གྱི"དམག་ཁྲིམས་ཉེར་གཉིས(འདི་ནི་བརྩམས་སྒྲུང་ཞིག་གི་མིང་ཡིན་ལ།གཏན་ཚིག་དང་འགལ་བའི་ཆ་རྐྱེན་ཉེར་གཅིག་གིས་དཀའ་གནས་ནམ་ཡང་ཐར་དུ་མེད།ཡང་དང་བསྐྱར་དུ་ཟློས་ཏེ་འགྱུར་བ་མེད་པ་ཞིག་ཏུ་གོ་ན་འགྲིག་པར་བསམས།སྒྱུར་མཆན)"བཙུགས་ཏེ།ཕན་ཅུང་ཙམ་ཞིག་བསྐྱེད་ཀྱང་།ནད་ངན་འབྱུང་བའི་ཉེན་ཁ་ཡང་ཆེ་རུ་བཏང་འདུག་ཅེས་གསུངས།

བདུན་པ། ཁ་ན་སྒྲའི་ཝོ་ཁེ་ཁྲོ་རེ་ཡVictoria)-Erebusརྟགས་ཅན་གྱི་གཟིངས་རྙེད།

ཁ་ན་སྒྲའི་ཝོ་ཁེ་ཁྲོ་རེ་ཡའི་མཚོ་འགག་ནས་དུས་རབས་ཕྱེད་ཀྱི་སྔོན་དུ་སྙིགས་པའི་གཟིངས་རྙེད་པ།རྒྱལ་ཁབ་དབུ་ཁྲིད་ཀྱིས་གནའ་རྫས་གསར་རྙེད་བྱུང་སྐོར་ཁྱབས་བསྒྲགས་བྱས་པ་ཤིན་ཏུ་ཉུང་མོད།ད་ལོའི་ཟླ་དགུ་བར་ཁ་ན་སྒྲའི་དབུ་འཛིན་ཧྲི་ཐེ་ཧྥུན་ཧ་པོརStephen Harperགྱིས།བདག་གིས་སྤྲོ་སེམས་འཁོར་བའི་ངང་ཁྱབས་བསྒྲགས་བྱ་རྒྱུ་ཞིག་ལ།ད་ལོའི་ཝོ་ཁེ་ཁྲོ་རེ་ཡའི་མཚོ་འགག་འཚོལ་ཞིབ་ཀྱིས ༡༨༤༦ ལོར་ཧྥོ་རན་ཁིFranklinམྱུལ་དཔྱད་རུ་ཁག་གི་གང་བཞུད་མ་ཤེས་པའི་གཟིངས་གཉིས་པོ་རྙེད་བྱུངཞེས་བསྒྲགས།

༡༩༤༥ ལོའི་ཟླ་ལྔ་བརJohn Franklinཡིས HMS Erebus དངTerrorརྟགས་ཅན་གྱི་གཟིངས་གཉིས་ཁྲིད་དེ་མྱུལ་དཔྱད་ཀྱི་རྡོག་འགོ་མནན།འོན་ཀྱང་།དབྱིན་ཀི་ལན་ནས་ནུབ་བྱང་མཚོ་ལམ་འཚོལ་ཞིབ་བྱེད་དུས།གར་སོང་ངེས་མེད་དུ་གྱུར།ལོ་ངོ་བརྒྱ་ལྷག་གི་རིང་གཟིངས་འདི་འཚོལ་བ་ཆད་མ་མྱོང་།ཁ་ན་སྒྲའི་དབུ་འཛིན་གྱིས་བསྒྲགས་པའི་བདུན་གསུམ་པར།གནའ་རྫས་རྟོག་ཞིབ་པས་གསར་རྙེད་བྱུང་བའི་གཟིངས་ནིErebusརྟགས་ཅན་ཡིན་པ་ཁག་ཐེག་བྱས།ཁ་ན་སྒྲ་ལ་མཚོན་ན།འདི་ནི་ཡུན་རིང་འགོར་བའི་གབ་ལན་ཞིག་གསལ་བ་ཙམ་མ་ཟད།བྱང་འཁྱག་གཏེར་རྒྱ་མཚོ་དང་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་བདག་དབང་བསྒྲགས་པ་ཡིན་ནོ།

བརྒྱད་པ། ཐུར་ཁེའི་ཨི་ཟི་ལི་ཁེ་གཙང་བོIznik)-བྱིང་བའི་པེ་ཙན་ཐིམ་ཕོ་བྲང་Byzantium

གནའ་རྫས་རྟོག་ཞིབ་པས་གནའ་བོའི་ཉ་སིས་ཡAncient city of nicaeaགྲོང་ཁྱེར་གྱི་མཚོ་ཁོངས་སུ་དུས་རབས་ལྔ་བའི་ཕོ་བྲང་ཞིག་རྙེད།

དབྱི་སི་ཐམ་པོ་དང་དབྱིན་ལེ ༡༠༠ ཙམ་ཡོད་པའི་ཨི་ཟི་ལི་ཁེ་གཙང་བོའི་འགྲམ་གྱི་གནའ་བོའི་ཉ་སིས་ཡ་གྲོང་ཁྱེར་ནས།གནའ་རྫས་རྟོག་ཞིབ་པ་ས་ཧནMustafa Sahinགྱི་འཚོལ་ཞིབ་ཐེངས་ཤིག་གི་ཁྲོད་ནས་དུས་རབས་ལྔ་བའི་ཕོ་བྲང་འདི་རྙེད།"སྐབས་དེར་གནམ་གྲུའི་ནང་ནས་རང་གི་མིག་ལའང་ཡིད་མི་ཆེས་པར་གྱུར།གཞན་གྱིས་སྔོན་ལ་མི་རྙེད་དོན་ཞིག་མི་འདུག"ཅེས་གསུངས།ཤུལ་བཞག་འདི་དག་ད་ལྟ་རྡོ་ཡིས་སྲ་བརྒྱབ་ཡོད་ལ།གཙང་ཞབས་དངོས་བཤམས་ཁང་ཞིག་ཏུ་བསྒྱུར་རྩིས་ཡོད།

དགུ་པ།དབྱིན་ཀི་ལན་གྱི་ཡོ་ཁི་ཧྲYorkshire)-ཧྥེ་རོPharaohསྔོན་གྱི་དམར་གདུང་།

དམར་གདུང་བཟོ་པའི་ཐབས་ནི་སྤྱི་ལོ་སྔོན་གྱི ༤༣༠༠ ལ་དར་པས།ཧྥེ་རོ་ཡིས་ཨེ་ཅིབ་དབང་དུ་མ་བསྡུས་བའི་སྔ་རོལ་ནས་བྱུང་འདུག དབྱིན་ཇིའི་པོར་ཏོན་དངོས་བཤམས་ཁང་དུ་ཉར་ཚགས་བྱེད་པའི་དམར་གདུང་ལ་ཞིབ་འཇུག་བྱས་པ་ལྟར་ན།ཨེ་ཅིབ་དུ་དམར་གདུང་གི་ལག་རྩལ་སྤྱི་ལོ་སྔོན་གྱི ༤༣༠༠ ལོར་ཡོད་པས།མི་རྣམས་ཀྱིས་བསམ་ཚུལ་ལས་ལོ ༡༥༠༠ ལས་སྔ་བར་ཡོད་ལ།ཧྥེ་རོས(རྒྱའི་སྐད་དུ法老ཞེས་འབོད་ལ།དབུ་བླ་དང་འདྲ་བའི་ཆ་འདུག་པར་སྙམ།སྒྱུར་མཆན)ཨེ་ཅིབ་དབང་དུ་མ་བསྡུས་པའི་སྔ་རོལ་ནས་བྱུང་འདུག ཡོ་ཁི་སློབ་ཆེན་གྱི་གནའ་རྫས་རྟོག་ཞིབ་པStephen Buckleyཡིས་བཤད་རྒྱུར།གདུང་ཤུན་འདི་དག་གི་ངོས་སུ་ཐང་ཆུ་དང་དྲི་ཞིམ་བྱུགས་རྫས།སྐྱེ་དངོས་ཀྱི་སྤྱིན་དང་སྣུམ།རང་བྱུང་སྣུམ་སོགས་ཁྱབས་འདུག "འདི་ནི་ལོ་ངོ ༣༠༠༠ རྗེས་ཀྱི་སྦྱོར་ཐབས་དང་གཅིག་མཚུངས་རེད"ངོ་མཚར་བ་ཞིག་ལ།ཐོག་མའི་དམར་གདུང་ནི་དབུ་དང་ཕྱག ཞབས་སོགས་ལས་བྱེད་པ་མེད་ན་ཡང་།རྗེས་སུ་གདུང་སྔར་ལས་ལེགས་པོ་ཞིག་ཡོང་ཆེད་ཧྲིལ་བོ་དམར་གདུང་དུ་བྱེད་པའི་སྲོལ་དར་འདུག་ཅེས་གསུངས།

བཅུ་བ། ཏེན་མག་གིK geལན་ཡཡི་རྫོང་མཁར།

ཏེན་མག་ནས་གསར་རྙེད་ཀྱི་རྫོང་མཁར་འདི་དུས་རབས་བཅུ་ཡས་མས་སུ་འཚོ་བའི་ཝེ་ཁེན་མཚོ་ཇག་ལན་ཡས་བརྩིགས་པ་རེད། ད་ལོར། ཁོ་ཕེན་ཧ་ཀེན(Copenhagenགྱི་ལྷོ་ནུབ་ནས་ཧར་ཏིསHarald Gormssonལན་ཡ་ནི་ཁོའི་མཚང་མིང་ཡིན་དབྱིན་ཡིག་ཏུBluetoothཞེས་འབྲི།ཁ་པར་དུ་སྤྱོད་པའི་ལན་ཡ་ཞེས་ཐ་སྙད་ཀྱི་ཁུངས་ཡིན་ནོ)བརྩིགས་པའི་མཁར་རྫོང་ཞིག་རྙེད།ཏེན་མག་གི་རྒྱལ་པོ་ཐོག་མ་འདི་དུས་རབས་བཅུ་པའི་ནང་བྱུང་ལ།སྐད་གྲགས་ཆོད་པའི་མཚོ་ཇག་ཅིག་ཡིན།ལོ་ངོ་དྲུག་ཅུའི་རིང་ཏེན་མག་ནས་འདི་ལྟ་བུའི་མཁར་རྫོང་རྙེད་པ་ཐོག་མ་ཡིན་ལ།གནའ་ཞིབ་པས་རྒྱང་ཚོར་ལག་རྩལ་གྱིས་ཚོད་ལེན་བྱས་ཏེ།དབྱིན་ཁྲེ ༤༧༥ ལྡན་པའི་སྒོར་དབྱིབས་འཛུགས་བསྐྲུན་དང་ཉེ་འཁོར་གྱི་ཅ་ལག་གཞན་ཤེས་རྟོགས་བྱུང་ཡོད།དེར་མ་ཟད།ཁོ་ཚོས་མཁར་རྫོང་གི་སྒོ་ཆེན་གཉིས་དང་སོལ་བའི་རྗེས་ཀྱང་རྙེད་འདུག་པས།མཁར་རྫོང་འདི་བཙན་འཛུལ་ཐེབས་པའམ་གང་དགར་བསྐྱུར་བའི་བདེན་དཔང་དུ་གྲུབ།མིག་སྔར་ཏེན་མག་ནས་ཤེས་རྟོགས་བྱུང་བའི་ཝེ་ཁེན་མཁར་རྫོང་བཞི་ཙམ་འདུག་ལ།ཚང་མ་ཧར་ཏིས་དབང་བསྒྱུར་བའི་སྤྱི་ལོ ༩༨༡ ཡས་མས་སུ་འདེད་ཐུབ།མ་ཟད་དབྱིབས་ཀྱང་གཅིག་མཚུངས་སུ་སྣང་།ཐེངས་འདིའི་གསར་རྙེད་ཀྱིས་ལོ་རྒྱུས་པར་མཐོང་སྣེ་གཞན་བསྲིང་སྲིད།

བཅུ་གཅིག མོ་ཞི་ཁོའི་ཡོ་ཁ་ཕྲའནYucatanགླིང་ཕྲནNaia13000སོན་པའི་ཨ་རིའི་ཡུལ་མི།

Naiaམགོ་རུས་ལ་ཞིབ་འཇུག་བྱས་པ་ལས།མོ་ནི་མིག་སྔར་གསར་རྙེད་ལས་ཆེས་སྔ་བའི་ཨ་རའི་ཡུལ་མི་རེད། ༢༠༠༧ ལོར། ཆུ་འཛུལ་བ་ཞིག་གིས་མོ་ཞི་ཁོའི་ཡོ་ཁ་ཕྲའན་གླིང་ཕྲན་ནས།ལོ ༡༥ ནས ༡༦ བར་བྱིས་པའི་མགོ་རུས་ཆ་ཚང་ཞིག་རྙེད།ཁོ་ཚོསNaiaཞེས་འབོད་བཞིན་འདུག་ལ་བུད་མེད་ཅིག་རེད།ད་ལོར།ཚན་རིག་པསNaiaམགོ་རུས་ཞིབ་མཇུག་བྱས་པའི་འབྲས་བུ་བསྒྲགས། ཐབས་སྣ་ཚོགས་ཀྱིས་བསྒྲུབས་ནNaiaལོ ༡༢༠༠ནས ༡༣༠༠ སྔོན་དུ་སྐྱེས།དེ་ནི་མིག་སྔར་གསར་རྙེད་བྱུང་བའི་ཆེས་སྔ་བའི་ཨ་མེ་རི་ཁ་གླིང་གི་མི་རེད།ཁོ་མོའིDNAཡི་གཞི་རྒྱུ་ཚོགས་ཁ་ཤས། ཨ་མེ་རི་ཁ་གླིང་དུ་འཚོ་སྡོད་བྱེད་བཞིན་པའི་ཡུལ་མའི་གཞི་རྒྱུ་དང་འདྲ་བར་འདུག མགོ་རུས་ཀྱི་ཆགས་ཚུལ་ཁེ་ན་ཝེར་ཁ་རིགས(ཨ་མེ་རི་ཁ་གླིང་གི་ས་སྐྱེས་རྡོ་སྐྱེས་ཀྱི་མི)དང་ཤིན་ཏུ་མཚུངས།

རྩོམ་འགན་པ། སྒྲོལ་ཚེ།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070