སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྡོ་སོལ་གྱིས་ལོ་རེར་སྒོར་དུང་ཕྱུར་ཁྲི་ཕྲག་རྙེད་ཀྱང་མི་ཁྲི་ཕྲག་ཡན་འཆི་ལམ་དུ་བརྫངས་ཀྱིན་ཡོད།
སྤེལ་དུས། 2015-04-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  གཡང་སྒྲོལ།

ཞིབ་འཇུག་ལས།  ༢༠༡༢ ལོར་ཀྲུང་གོའི་མི་ས་ཡ་བདུན་དང་ཁྲི་བརྒྱད་སོལ་རྡུལ་གྱིས་ཤི་བ་བཀོད་ཡོད།

 ཀྲུང་གོ་ནི་ད་ཆ་འཛམ་གླིང་ཐོག་རྡོ་སོལ་ཐོན་སྐྱེད་དང་འཛད་སྤྱོད་བྱེད་མཁན་གྱི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་ཡོད། རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པས་རྡོ་སོལ་གྱིས་མིའི་བདེ་ཐང་ལ་འཚེ་བའི་སྐོར་གྱི་ཞིབ་འཇུག་སྙན་ཞུ་ཞིག་ཏུ ༢༠༡༢ ལོར་རྡོ་སོལ་ལས་བྱུང་བའི་ནད་རིགས་ཀྱིས་རྒྱལ་ཡོངས་ཀྱི་མི་ས་ཡ་བདུན་དང་ཁྲི་བརྒྱད་འཆི་ལམ་དུ་བརྫངས་པ་དང་། མི་ཁྲི་ལྷག་ལ་སོལ་རྡུལ་གྱི་གློ་ནད་བྱུང་ཡོད། གལ་ཏེ་ཀྲུང་གོས་རྡོ་སོལ་འཛད་སྤྱོད་ལ་ཚོད་འཛིན་ནན་མོ་མ་བྱས་ཚེ་ལོ་རེར་སྒོར་དུང་ཕྱུར་བརྒྱ་ཕྲག་ལྷག་གི་དཔལ་འབྱོར་ཁེ་ཕན་བསྐྲུན་ཐུབ་ཀྱང་མི་ཁྲི་ཕྲག་འཆི་ལམ་ལ་བརྫངས་ངེས་པ་གསལ་བོར་བསྟན་འདུག། 

ཟླ ༤ ཚེས ༨ ཉིན་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་མཐུན་ཚོགས(NRDC)དང་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ(WWF)གཉིས་ཀྱིས་པེ་ཅིང་དུརྡོ་སོལ་འཛད་སྤྱོད་ཉུང་དུ་བཏང་ན་མིའི་བདེ་ཐང་ལ་ཕན་ཞིང་མ་གནས་ཆུད་ཟས་སུ་མི་འགྲོ་བར་ཕན་པའིསྐོར་གྱི་སྙན་ཞུགཤམ་ནས་སྙན་ཞུ་ཞེས་འགོད་རྒྱུཡོངས་བསྒྲགས་བྱས་ལ།  དེ་ནི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་གཉིས་ཀྱིས་ཀྲུང་གོའི་རྡོ་སོལ་ཚོད་འཛིན་རྣམ་གྲངས་ཚོགས་ཆུང་གི་ཞིབ་འཇུག་འབྲས་བུ་དང་།  རྒྱལ་ནང་གི་གཞུང་ཕྱོགས་རིག་ནུས་མཛོད་དང་། ཚན་ཞིབ་གླིང་། ལས་རིགས་མཐུན་ཚོགས་སོགས་ལས་ཁུངས་ཉི་ཤུ་ལྷག་གིས་མཉམ་ལས་ཐོག་ལེགས་འགྲུབ་བྱུང་བའི་སྙན་ཞུ་རེད།

སྙན་ཞུས་རྡོ་སོལ་འཛད་སྤྱོད་ཀྱིས་རང་རྒྱལ་གྱི་ལས་ཞུགས་དང་། ཆུའི་ཐོན་ཁུངས་སོགས་ཁོར་ཡུག་ལ་ཐེབས་པའི་གནོད་འཚེར་རྩིས་བཤེར་བརྒྱབ་པའི་ཁར། མིའི་བདེ་ཐང་ལ་འཚེ་བ་ཆེན་པོ་ཡོད་པར་དམིགས་ནས་སྲིད་གཞུང་གིས་རྡོ་སོལ་འཛད་སྤྱོད་ཚོད་འཛིན་དང་ནུས་ཁུངས་སྙོམས་སྒྲིག་བྱེད་ཐབས་དེ་ལོ་ལྔ་འཆར་བཅུ་གསུམ་པའི་འཆར་འགོད་ནང་བླངས་ནས་མང་ཚོགས་ཀྱི་བདེ་ཐང་ལ་གནོད་ཅིང་སྤྱི་ཚོགས་ལ་གྱོང་གུད་ཐེབས་སྐྱེན་པའི་གནོད་འཚེ་སྔོན་འགོག་ཅི་ཐུབ་བྱེད་དགོས་པའི་ཐུགས་རེ་བཏོན་འདུག   

རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱི་སྤྱི་བསྒྲགས་སུ། ༢༠༡༢ ལོ་ཡོངས་ལ་ཀྲུང་གོས་ཚད་ལྡན་རྡོ་སོལ་སྟེ་ནུས་ཁུངས་འཛད་སྤྱོད་སྤྱི་འབོར་ཏུན་དུང་ཕྱུར ༣༦   བྱས་ཡོད་ཅིང་། དེ་ལས་བརྒྱ་ཆའི ༦༦ གི་ནུས་ཁུངས་འཛད་སྤྱོད་ནི་སྤྱིར་བཏང་གི་རྡོ་སོལ་ཡིན། ལོ་དེར BPཞེས་པའི་འཛམ་གླིང་ནུས་ཁུངས་ཀྱི་ལོའི་སྡོམ་རྩིས་ལ་དབྱེ་འབྱེད་བྱས་པ་ལས། རང་རྒྱལ་གྱིས་རྡོ་སོལ་འཛད་སྤྱོད་བྱས་པའི་སྤྱི་འབོར་འཛམ་གླིང་གི་ཕྱེད་ཀར་བརྒལ་ཡོད་འདུག    སྤྱིར་རྡུལ་ཕྲན PM2.5 ནི་རྡོ་སོལ་འབར་སྐབས་སུ་བཙོག་རྫས་རླུང་ཁམས་ཆེན་མོར་འཐོར་བ་ལས་བྱུང་བ་ཡིན་ལ།  དེའི་ནང་བདེ་ཐང་ལ་གནོད་པའི་རྫས་དང་རྡུལ་ཕྲན་ཅི་རིགས་འདུས་ཞེས་བཀོད་ཡོད།

 སྙན་ཞུས་ད་ལྟ་རྒྱུགས་ཆེ་བའི་ནད་རིགས་སྒྲུབ་བྱེད་གཞིར་བཟུང་སྟེ PM2.5 ལས་བྱུང་བའི་ཁྲག་སྐྱོན་རང་བཞིན་གྱི་སྙིང་ནད་དང་། གྲིབ་ནད། གློ་འགག་དལ་ནད། གློའི་འབྲས་སྐྲན་སོགས་ནད་རིགས་བཞི་དམིགས་སུ་བཟུང་ནས་ཞིབ་འཇུག་བྱས་པའི་མཇུག་འབྲས་ནང་། ༢༠༡༢ ལོར་སོལ་རྡུལ་གྱིས་རྒྱུ་རིང་བོར་གཙེས་པའི་མི་ས་ཡ་བདུན་དང་ཁྲི་བརྒྱད་ཤི་བ་དང་། དེའི་ནང་དུ་གློ་འགག་དལ་ནད་ཀྱིས་མི་ཁྲི་ཚོ་དགུ་ཤི་བ་དང་། ཁྲག་སྐྱོན་སྙིང་ནད་ཀྱིས་མི་ས་ཡ་གཅིག་དང་འབུམ་བདུན་ཁྲི་གསུམ་ཤི།  གྲིབ་ནད་ཀྱིས་མི་ས་ཡ་གསུམ་འབུམ་བདུན་ཁྲི་བདུན་ཤི།  གློའི་འབྲས་སྐྲན་གྱིས་མི་འབུམ་དྲུག་དང་ཁྲི་དགུ་ཤི་ཡོད་པ་རེད།  གནོད་ཁུངས་གཙོ་བོ་པེ་ཅིང་དང་།  ཐིན་ཅིན།  ཧེ་པའེ།  ཧྲན་ཏུང་།  ཧེ་ནན།  ཨན་ཧུའེ།  ཅང་སུའུ།  སི་ཁྲོན།  ཀུའེ་ཀྲོའུ།  ཤར་གྱི་ཞིང་ཆེན་གསུམ།  མཚོ་བརྒྱུད་ཀྱི་གྲོང་ཁྱེར་བཅས་ཀྱི་རྡོ་སོལ་འཛད་སྤྱོད་དང་ཐོན་སྐྱེད་ཅུང་མང་པོའི་ཞིང་ཆེན་དང་གྲོང་ཁྱེར་རེད།

རྡོ་སོལ་ཐོན་སྐྱེད་ཁྲོད་སོལ་རྡུལ་ཀྱིས་ལས་རིགས་ལ་གནོད་པ་བཟོས་པ་ཧ་ཅང་ཚབས་ཆེ་པ་རེད། སྙན་ཞུས ༢༠༡༢ ལོར་ཀྲུང་གོར་རྡུལ་ཕོག་གློ་ནད་ཞེས་པའི་ནད་གསར་བ་ཕོག་མཁན་གྱི་ནད་པ ༢༤༢༠༦ ལ་སླེབས་ཏེ་ལས་རིགས་ནད་སྤྱིའི་ཕོག་གྲངས་ཀྱི་བརྒྱ་ཆའི ༨༨ ཟིན་ཡོད་ལ། དེ་ལས་རྡོ་སོལ་ལས་རིགས་ལས་བྱུང་བའི་ནད་པས་ཕྱེད་ཀ་ཟིན་ཡོད་ཅེས་བསྟན།

ད་ལོའི་ཟླ་གཉིས་པའི་ནང་དུ།པེ་ཅིང་སློབ་ཆེན་གྱི་སྤྱི་བའི་འཕྲོད་བསྟེན་སློབ་གླིང་གི་དགེ་རྒན་ཆེན་མོ་ཕན་ཞའོ་ཁྲུན་གྱིས་གོང་གི་སྙན་ཞུ་ལྟ་བུའི་ཞིབ་འཇུག་དཔྱད་རྩོམ་ཞིག་ཏུ།  ༢༠༡༣ ལོར་རླུང་ཁམས་ཆེན་མོར་ཐེབས་པའི་ PM2.5 ཡི་བཙོག་དངོས་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་ལྟེ་གནས་གྲོང་ཁྱེར ༣༡ དང་།  ཁོངས་གཏོགས་གྲོང་ཁྱེར་གྱི་མི་ས་ཡ་གཉིས་དང་འབུམ་ལྔ་ཁྲི་བདུན་འཆི་ལམ་དུ་བརྫངས་ཞེས་བཀོད་ཡོད། 

དུས་མཚུངས་སུ་སྙན་ཞུས་ཀྱང་མི་རྣམས་ལ་རྡོ་སོལ་འཛད་སྤྱོད་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཐེབས་པར་ངེས་པར་དུ་དོ་སྣང་བྱེད་དགོས་པ་དང་། རྡོ་སོལ་འཛད་སྤྱོད་ཚོད་འཛིན་བྱས་ནས་དབྱིང་གཉིས་ཐཱན་འགྱུར་སོགས་དྲོད་ཁང་རླངས་གཟུགས་འབུད་སྐྱུར་ཇེ་ཉུང་དང་། གནམ་གཤིས་ཇེ་ལེགས་སུ་བཏང་ན།  གནམ་གཤིས་འགྱུར་ལྡོག་གི་ཐན་སྐྱོན་ལས་མི་ཤི་ནད་ཕོག་གི་མི་གྲངས་ཚོད་འཛིན་ཐུབ་ལ།  སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་ལས་འབྱུང་བའི་འགོས་ནད་ཁྱབ་ཁོངས་ཇེ་ཆེར་དང་འགོས་ཚད་ཇེ་དྲག་འགྲོ་བ་ལ་ཡང་ཚོད་འཛིན་ཐུབ་ཅེས་དྲན་སྐུལ་གནང་འདུག

གོང་གི་ཁ་དབུགས་འབག་བཙོག་ཚོད་འཛིན་དམ་ཡང་ན་གནམ་གཤིས་འགྱུར་ལྡོག་ཇེ་སྙོམས་སུ་གཏོང་བ་སོགས་གང་ཡིན་རུང་། ཀྲུང་གོས་ཐོག་མར་རྡོ་སོལ་འཛད་སྤྱོད་སྤྱི་འབོར་ལ་ཚོད་འཛིན་ནན་མོ་བྱེད་དགོས་པ་དེ་རེད།  སྙན་ཞུ་འདིས་རྡོ་སོལ་འཛད་སྤྱོད་སྤྱི་འབོར་ཚོད་འཛིན་བྱས་ན PM2.5 ཇེ་ཉུང་དུ་གཏོང་ཐུབ་པ་དང་།  དེས་དཔལ་འབྱོར་ལ་སྒོར་དུང་ཕྱུར་བརྒྱ་ཕྲག་གི་གྱོང་གུད་ཐེབས་ངེས་ཡང་མི་ཁྲི་ཕྲག་གི་སྲོག་སྐྱོབ་ཐུབ་ཚུལ་གསལ་བོར་བསྟན་ཡོད།  WWFཀྲུང་གོགནམ་གཤིས་དང་ནུས་ཁུངས་རྣམ་གྲངས་ཀྱི་སྤྱི་ཁྱབ་ལྟ་སྐུལ་བ་ལུ་ལུན་ཡན་གྱིས་སྐྱོན་བརྗོད་ཀྱི་ཚུལ་དུ།  རྒྱལ་ནང་གི་ཁ་དབུགས་འབག་བཙོག་དང་ཀྲུང་གོས་འཛམ་གླིང་ལ་བཟོས་པའི་དྲོད་ཁང་རླངས་གཟུགས་འབུད་སྐྱུར་སོགས་ནི་རྡོ་སོལ་བག་མེད་དུ་སྤྱད་པ་ལ་འབྲེལ་བ་ཆེན་པོ་ཡོད། ཀྲུང་གོས་ད་ནས་བཟུང་སྙིང་སྟོབས་ཆེན་པོས་འཆར་གཞི་ཡོད་པའི་སྒོ་ནས་རྡོ་སོལ་འཛད་སྤྱོད་ཚོད་འཛིན་ཏན་ཏག་དགོས་པ་མ་ཟད།  སླར་སྐྱེས་ནུས་ཁུངས་ཀྱིས་རྡོ་སོལ་ཚབ་བྱེད་པར་བརྩོན་ལེན་བྱས་ཏེ།མང་ཚོགས་སྔ་མོ་ནས་མི་གཙང་བའི་ཁ་དབུགས་ཀྱི་གནོད་འཚེ་དང་འབྲལ་ཐུབ་པ་བྱ་དགོས་ཚུལ་བསྟན་འདུག་གོ །

ཁ་བྱང་ཕྱི་མོ། རྡོ་སོལ་གྱིས་ལོ་རེར་སྒོར་དུང་ཕྱུར་ཁྲི་ཕྲག་རྙེད་ཀྱང་མི་ཁྲི་ཕྲག་ཡན་འཆི་ལམ་དུ་བརྫངས་ཀྱིན་ཡོད།

རྩོམ་འགན་པ། སྒྲོལ་ཚེ།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070