སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་དབྱང་གིས་ཡིག་ཆ་སྤེལ་ནས་ལས་བཟོ་བའི་གུང་སེང་ཁེ་དབང་ལ་འགན་ལེན་བྱས་ཡོད།
སྤེལ་དུས། 2015-04-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  དཔལ་མགོན་སྐྱབས།
  ཀྲུང་གུང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར《འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པའི་སྐོར་གྱི་བསམ་འཆར》ཞེས་པ་སྤེལ། ཡིག་ཆ་དེ་ནི་ཚེས ༨ ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་པར་དབང་བླངས་ནས་འགྲེམ་སྤེལ་བྱས་པ་རེད།
   ཡིག་ཆ་ལས། རང་རྒྱལ་ནི་སྤྱི་ཚོགས་དང་དཔལ་འབྱོར་གྱི་རྣམ་པ་བརྗེ་བསྒྱུར་བྱེད་པའི་དུས་རིམ་དུ་སླེབས་ཡོད་ལ། ངལ་རྩོལ་འབྲེལ་བ་དང་ཁེ་དབང་གཏུག་བཤེར་གྱི་གནས་ཚུལ་ཇེ་མང་ནས་ཇེ་མང་འགྱུར་བཞིན་ཡོད་པས། ངལ་རྩོལ་འབྲེལ་བའི་འགལ་བ་འབུར་ཐོན་དང་འབྱུང་ཐེངས་མང་བའི་དུས་རིམ་དུ་སླེབས་ཡོད་པ་དང་། ངལ་རྩོལ་རྩོད་གཞིའི་གྱོད་དོན་ཚད་གྲངས་མཐོན་པོར་གནས་ཡོད། ས་གནས་ལ་ལས་ཞིང་བ་གླ་བའི་གླ་ཕོགས་ཆད་ལྷག་གཏོང་བ་སོགས་ལས་བཟོ་བའི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་སྣང་ཚུལ་སྔར་བཞིན་འབུར་ཐོན་ཡིན་པས། ལས་བཟོ་བས་མཉམ་གཅིག་ཏུ་ལས་མཚམས་འཇོག་པ་དང་དོན་རྐྱེན་སྣ་མང་བྱུང་བཞིན་ཡོད་པས། འཆམ་མཐུན་གྱི་ངལ་རྩོལ་འབྲེལ་བ་འཛུགས་པའི་ལས་འགན་ཧ་ཅང་ལྗིད་པ་རེད་ཅེས་བསྟན་ཡོད།
   བསམ་འཆར་ལས། གླ་ཕོགས་སྤྲོད་པའི་སྐོར་གྱི་གཏན་འབེབས་ཆ་ཚང་བཟོ་བ་དང་ལག་བསྟར་བྱེད་དགོས་ལ། གླ་ཕོགས་སྤྲོད་རྒྱུར་ལྟ་ཞིབ་ཚོད་འཛིན་དང་། གླ་ཕོགས་འགན་ལེན་མ་དངུལ་དང་སྦག་གླ་ཆད་པའི་བབ་བསྟུན་འཁོར་སྐྱོད་མ་དངུལ་ལམ་ལུགས་བཅས་ཆ་ཚང་འཛུགས་པ། སྦག་གླ་ཆད་པའི་འགན་ལེན་མ་དངུལ་ལམ་ལུགས་འཛུགས་པ། སྦག་གླ་ཆད་ལྷག་གཏོང་བའི་འགན་གཙང་ལེན་མཁན་ཁེ་ལས་ཀྱི་འོས་འགན་ལམ་ལུགས། ཁྲིམས་ལྟར་ངལ་རྩོལ་གླ་ཕོགས་མི་སྤྲོད་མཁན་ལ་ཆད་པ་གཅོད་པ་སོགས་ལག་བསྟར་བྱས་ནས། ལས་བཟོ་བ་དང་ལྷག་པར་དུ་ཞིང་བ་གླ་བར་དུས་ལྟར་གླ་ཕོགས་སྤྲོད་རྒྱུ་འགན་ལེན་བྱེད་དགོས་པ་བཏོན་ཡོད།
   བསམ་འཆར་ལས། རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་ལས་བཟོ་བའི་ལས་སྒྲུབ་དུས་ཡུན་དང་། རྒྱལ་ཡོངས་ཀྱི་དུས་ཆེན་དང་རྗེས་དྲན་ཉིན་མོ། གླ་ཕོགས་ལེན་བཞིན་དུ་གུང་གསེང་གཏོང་ཆོག་པ་སོགས་སྐོར་གྱི་གཏན་འབེབས་ལག་བསྟར་བྱེད་པ་དང་། ཁེ་ལས་ཀྱིས་དམིགས་བསལ་ལས་སྒྲུབ་དུས་ཚོད་ཀྱི་ལམ་ལུགས་ལག་བསྟར་བྱེད་པར་ཞིབ་མཆན་གནང་རྒྱུ་ཚད་ལྡན་གཏོང་བ། ཁེ་ལས་ཀྱིས་ཁྲིམས་ལྟར་ལས་བཟོ་བའི་ངལ་གསོ་ དུས་ཚོད་བཀོད་སྒྲིག་བྱ་རྒྱུར་ལྟ་སྐུལ་བཅས་བྱེད་དགོས། ཐོན་སྐྱེད་དང་ཚོང་གཉེར་དགོས་མཁོའི་དབང་གིས་ཁེ་ལས་ཀྱིས་ལས་བཟོ་བའི་ལས་སྒྲུབ་དུས་ཡུན་ཇེ་རིང་གཏོང་དགོས་ཚེ། བཟོ་ཚོགས་དང་བཟོ་ལས་མཐུན་ཚོགས་ལ་གྲོས་མོལ་བྱེད་དགོས་པ་མ་ཟད། ད་དུང་ཁྲིམས་ལྟར་ལས་བཟོ་བར་གླ་ཕོགས་ཁ་སྣོན་བྱེད་དགོས་པ་སོགས་ནན་ཏུ་བསྟན་ཡོད་པ་རེད།
   བསམ་འཆར་ལས། ལས་བཟོ་བར་ངལ་རྩོལ་བདེ་འཇགས་དང་འཕྲོད་བསྟེན་སྲུང་སྐྱོང་གི་ཁེ་དབང་ཐོབ་པར་འགན་ལེན་བྱེད་དགོས་པ་དང་། དོན་དངོས་སུ་ཁོ་ཚོར་སྤྱི་ཚོགས་ཉེན་འགོག་འགན་ལེན་དང་ལས་རིགས་ལག་རྩལ་གསོ་སྦྱོང་གི་ཁེ་དབང་རེག་པར་འགན་ལེན་བྱེད་དགོས། གཟབ་ནན་གྱིས་སྤྱི་ཚོགས་ཉེན་འགོག་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱས་ནས། མུ་མཐུད་དུ་སྤྱི་ཚོགས་ཉེན་འགོག་འགན་ལེན་འབྲེལ་བ་བརྗེ་བསྒྱུར་ཐབས་ལམ་ཆ་ཚང་གཏོང་བ་དང་། ཧུར་ཐག་གིས་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱིས་ཡོངས་སུ་ཁེབས་ཐུབ་པ་བྱས་ནས། རྒྱ་ཆེའི་ལས་བཟོ་བ་དང་ལྷག་པར་དུ་ཞིང་བ་གླ་བ། མངག་གཏོང་གླ་བའི་སྤྱི་ཚོགས་ཉེན་འགོག་འགན་ལེན་གྱི་ཁེ་དབང་ལག་བསྟར་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
      ཁ་བྱང་ཕྱི་མོ། ཀྲུང་དབྱང་གིས་ཡིག་ཆ་སྤེལ་ནས་ལས་བཟོ་བའི་གུང་སེང་ཁེ་དབང་ལ་འགན་ལེན་བྱས་ཡོད།
(རྩོམ་འགན་པ། ལྷ་དབང)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070