སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཁོར་བྱང་དུ་འབྱོར་བའི་ཁུ་པ་ཡི་སྐུ་ཚབ་དང་ཀེམ་ཅོང་ཨིན་གྱིས་ཐུཊ་འཕྲད་བྱས་པའི་མི་སྣ།
སྤེལ་དུས། 2015-09-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན།
ཀེམ་ཅོང་ཨིན་གྱིས་ཁུ་པའི་འཚམས་འདྲི་ཚོཊ་པ་དགའ་སྤྲོས་བསུ་བ།(ཁོར་བྱང《ངལ་རྩོལ་གསར་འགྱུར》དྲ་བ)

ཀེམ་ཅོང་ཨིན་དང་ཁུ་པ་སྐུ་ཚབ་ཚོཊ་པའི་ལྷན་བཞུགས་དྲན་རྟེན་འདྲ་པར།ཁོར་བྱངངལ་རྩོལ་གསར་འགྱུར དྲ་བ

ཁོ་རེ་ཡ་བྱང་མའི་ཆེས་མཐོའི་འགོ་ཁྲིད་ཀེམ་ཅོང་ཨིན་གྱིས་ཚེས ༧ ཉིན་ཁུ་པའི་རིམ་མཐོའི་དབང་འཛིན་གཞོན་པ་མི་ཀོལ་ཊི་ཨ་ཙེ་ཁཱ་ནོའོ་ཡིས་སྣེ་ཁྲིད་པའི་ཁུ་པ་རྒྱལ་ཁབ་སྐུ་ཚབ་ཚོགས་པ་དང་ཐུགས་འཕྲད་བྱས་ཡོད་པ་རེད། ད་ཐེངས་ཀྱི་ཐུགས་འཕྲད་འདི་སྤྱི་ལོ ༢༠༡༣ ལོའི་ཟླ ༧ པའི་ཚུན་ཆད་དུ་ཁོ་པས་ཕྱི་རྒྱལ་གྱི་རིམ་མཐོའི་འགོ་ཁྲིད་དང་ཐུགས་འཕྲད་བྱེད་ཐེངས་དང་པོ་དེར་གྱུར།

  ཁོར་བྱང་དབུས་གཞུང་འཕྲིན་གཏོང་ལྟེ་གནས་ཀྱིས་གསར་འཕྲིན་སྤེལ་གསལ་ལྟར། ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་དོན་ཨུ་ཡོན་ལྷན་ཚོགས་ཀྱི་གཙོ་བཞུགས་ཀྲུའུ་ཞི་གཞོན་པ། པུའུ་ཀྲང་གྲོས་ཚོགས་ཀྱི་གཙོ་བཞུགས་ཀྲུའུ་ཞི་གཞོན་པ་ཊི་ཨ་ཙེ་ཁཱ་ནོའོ་ཡིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཚེས ༤ ཉིན་ཁོར་བྱང་རྒྱལ་ས་ཕིང་དབྱང་དུ་འཚམས་འདྲིར་འབྱོར་ཡོད་འདུག། 

  ཀེམ་ཅོང་ཨིན་གྱིས་བརྗོད་དོན། ཁོར་བྱང་ངལ་རྩོལ་ཏང་དབུ་བརྙེས་ཏེ་ལོ་ངོ ༧༠ འཁོར་བའི་དྲན་གསོའི་ཉིན་མོའི་བར་ཟླ་གཅིག་ཁོ་ན་ལས་ལྷག་མེད་པའི་དུས་མཚམས་འདིར་ཁུ་པ་རྒྱལ་ཁབ་སྐུ་ཚབ་ཚོགས་པ་ཁོར་བྱང་དུ་འཚམས་འདྲིར་མངགས་པ་དེས་ཁོར་བྱང་དམག་དམངས་ཡོངས་ལ་སེམས་འགུལ་ཚད་མེད་ཐེབས་སུ་བཅུག་ཅེས་དང་། དུས་རབས་གསར་པར་སྒོ་ཀུན་ནས་ཁོར་ཁུ་རྒྱལ་ཁབ་གཉིས་པོའི་མཛའ་འབྲེལ་གྱི་སྲོལ་བཟང་དང་ལོ་རྒྱུས་ཉམས་སུ་མྱོང་རྒྱུ་ནི། མུ་མཐུད་ནས་རྒྱལ་ཁབ་གཉིས་པོའི་ཕུ་ནུ་ལྟ་བུའི་མཛའ་འབྲེལ་སྔར་ལས་ལྷག་པར་འཕེལ་རྒྱས་གཏོང་རྒྱུར་གལ་ཆེའི་དོན་སྙིང་ལྡན་ཡོད”ཅེས་ཟེར།

  ཁོང་ནས་བརྗོད་རྒྱུར། ཕྱོགས་གཉིས་པོས་ཐུན་མོང་གི་ཧུར་བརྩོན་འོག་ཁོར་ཁུ་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་གྱི་འབྲེལ་བ་སྔར་བས་ཇེ་ཟབ་དང་ཇེ་རྒྱས་སུ་འགྲོ་རྒྱུར་ཡིད་ཆེས་ཡོད་ཟེར། 

ད་ལོ་ནི་ཁོར་བྱང་དང་ཁུ་པ་རྒྱལ་ཁབ་གཉིས་པོ་ཕྱི་འབྲེལ་བཙུགས་ཏེ་ལོ་ངོ ༥༥ འཁོར་བའི་དུས་དྲན་རེད། ཀེམ་ཅོང་ཨིན་གྱིས་ཊི་ཨ་ཙེ་ཁཱ་ནོའོ་ལ་བཀའ་སྒོས་ཀྱིས་ཁུ་པ་གསར་བརྗེའི་དབུ་ཁྲིད་ཧྥེེ་ཏེར་ཁཱ་སེ་ཐཱ་ལོའོ་དང་ཁུ་པ་རྒྱལ་དོན་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཅིག་ལྕོགས་ལའོ་ཨེར་ཁཱ་སེ་ཐཱ་ལོའོ་གཉིས་ལ་ཁམས་བདེའི་འཚམས་འདྲི་ཞུས་པ་རེད། 

  གྲོས་མོལ་ཚོགས་འདུའི་ཐོག་ཊི་ཨ་ཙེ་ཁཱ་ནོའོ་ཡིས་ཀེམ་ཅོང་ཨིན་ལ་ཧྥེེ་ཏེར་ཁཱ་སེ་ཐཱ་ལོའོ་དང་ལའོ་ཨེར་ཁཱ་སེ་ཐཱ་ལོའོ་གཉིས་ཀྱི་འཚམས་འདྲིའི་ཞུ་ཚིག་བརྒྱུད་སྒྲོག་བྱས་ཤིང་ཀེམ་ཅོང་ཨིན་ལ་ཕྱག་རྟགས་ཕུལ། ཀེམ་ཅོང་ཨིན་གྱིས་བཀའ་དྲིན་མཚོན་པར་བྱས་རྗེས་ཁུ་པའི་རྒྱལ་ཁབ་སྐུ་ཚབ་ཚོགས་པ་དང་མཉམ་དུ་ལྷན་བཞུགས་འདྲ་པར་བསྐྱོན་པ་རེད། 

ཉིན་དེར་ཀེམ་ཅོང་ཨིན་གྱིས་ཁུ་པ་སྐུ་ཚབ་ཚོགས་པ་དང་མཉམ་དུ་ཁོར་བྱང་པད་ཤིང་རི་བོ་རོལ་དབྱངས་ཚོགས་པའི་འཁྲབ་སྟོན་ལ་གཟིགས་ཤིང། ཀེམ་ཅོང་ཨིན་གྱི་ཆུང་མ་རི་སོའོ་ཅོ། ཁོར་བྱང་དམག་དཔུང་སྤྱི་ཁྱབ་ཆབ་སྲིད་ཅུས་ཀྱི་ཅུས་ཀྲང་ཧོང་པེན་ཧྲེ། ཁོར་བྱང་ངལ་རྩོལ་ཏང་གི་ཀྲུང་དབྱང་ཧྲུའུ་ཅི་ཚུའེ་ལུང་ཧའེ། ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཅིན་ཡང་ཅན་དང་ཁོར་བྱང་ཕྱི་དོན་བློན་ཆེན་ལིའི་ཀྲུའུ་གཡུང་བཅས་མཉམ་དུ་གཟིགས་མོར་ཕེབས། 

ཚེས ༧ ཉིན་གྱི་དགོང་མོ་ཁུ་པ་རྒྱལ་ཁབ་སྐུ་ཚབ་ཚོགས་པ་ཕིང་དབྱང་ནས་གྱེས།

  ཁོ་རེ་ཡ་མཉམ་འབྲེལ་གསར་ཁང་གིས་གསར་འགྱུར་སྤེལ་བར་གཞིགས་ན། ད་ཐེངས་ཀྱི་ཐུགས་འཕྲད་འདི་ཀེམ་ཅོང་ཨིན་གྱིས་སྤྱི་ལོ ༢༠༡༡ ལོ་ནས་བཟུང་རྒྱལ་སྲིད་སྐྱོང་ཚུན་ཕྱི་རྒྱལ་གྱི་གཞུང་ཚབ་དང་ཐུག་འཕྲད་བྱེད་ཐེངས་ལྔ་པ་དེ་རེད་ཟེར། ༢༠༡༢ ལོར། ཀེམ་ཅོང་ཨིན་གྱིས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་མཐུད་པུའུ་ཡི་པུའུ་ཀྲང་གཅིག་ལྕོགས་ཝང་ཅཱ་རུད་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ལི་ཅན་ཀོ་རྣམ་གཉིས་དང་མཇལ་འཕྲད་གནང་། ༢༠༡༣ ལོར་སི་རི་ཡའི་ཨ་རབ་བསྐྱར་དར་ཏང་གི་ས་ཁུལ་འགོ་ཁྲིད་ལས་ཁུངས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་གཞོན་པ་ཨབ་ཊུ་ལྷ་མ་ཧ་མཱ་དང་ཀྲུང་གོའི་རྒྱལ་ཁབ་ཀྲུའུ་ཞི་གཞོན་པ་ལི་ཡོན་ཁྲའོ་གཉིས་ལ་མཇལ་འཕྲད་གནང་ཞེས་འཁོད་འདུག།

  ཁ་བྱང་ཕྱི་མོ། ཁོར་བྱང་དུ་འབྱོར་བའི་ཁུ་པ་ཡི་སྐུ་ཚབ་དང་ཀེམ་ཅོང་ཨིན་གྱིས་ཐུཊ་འཕྲད་བྱས་པའི་མི་སྣ།

(རྩོམ་འགན་པ། བསྟན་འཛིན)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070