སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་ཨ་རིའི་སེ་ཐི་ཨོ་ལ་སླེབས་ཏེ་ཨ་རིར་འཚམས་འདྲི་བྱེད་འགོ་ཚུགས།
སྤེལ་དུས། 2015-09-23   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  དབང་འབུམ།
   

  ཤིན་ཧྭ་དྲ་བའི་ཨ་རིའི་སེ་ཐི་ཨོའི(Seattle)ཟླ༩པའི་ཚེས༢༢ཉིན་གྱི་གློག་འཕྲིན་ལྟར་ན།  རྒྱལ་ཁབ་གཙོ་འཛིན་ཞིས་ཅིན་ཕིང་ཨ་རིའི་ཝ་ཧྲིན་ཐོན(Washington State)་གྱི་གྲོང་ཁྱེར་ཆེས་ཆེན་པོ་སེ་ཐི་ཨོ་ལ་ཐོན་ནས་ཨ་རིའི་རྒྱལ་ཁབ་ལ་འཚམས་འདྲི་ཞུས་སོང་ཟེར།  
  ས་གནས་དེའི་སྔ་དྲོའི་ཆུ་ཚོད༩དང་ཕྱེད་ཀའི་སྟེང་ཞིས་ཅིན་ཕིང་བཟའ་ཟླ་གཉིས་སེ་ཐི་ཨོ་གནམ་གྲུ་ཐང་དུ་བབས་བྱུང་།  ཨ་རིའི་གཙོ་འཛིན་ཨོ་བྷ་མ་དང་ཝ་ཧྲིན་ཐོན་ཁུལ་དཔོན་དབྱིན་སི་ལེ་བཟའ་ཟླ་གཉིས། མཉམ་འབྲེལ་སྲིད་གཞུང་གི་མཐོ་ཁག་དཔོན་པོ།  སེ་ཐི་ཨོ་གྲོང་ཁྱེར་གྱི་གཙོ་འཛིན་མོ་ལི་སོགས་ས་གནས་ཀྱི་དཔོན་པོ་དག་གིས་གནམ་གྲུའི་མདུན་དུ་ཞིས་ཅིན་ཕིང་བཟའ་ཟླ་གཉིས་སྒུག་འདུག་ཅིང་།  བྱིས་པ་ཆུང་ཆུང་འགས་མེ་ཏོག་ཁྱེར་འོངས་ནས་ཞིས་ཅིན་ཕིང་བཟའ་ཟླ་ལ་ཕུལ། 
    ཞིས་ཅིན་ཕིང་གིས་ཨ་རིའི་མི་དམངས་ལ་ལྷག་བསམ་ཀྱི་འཚམས་འདྲི་ཞུས་ཏེ་གསུང་དོན། ཀྲུང་གོ་དང་ཨ་རི་ནི་རླབས་ཆེ་བའི་རྒྱལ་ཁབ་གཉིས་རེད། ཀྲུང་གོའི་མི་དམངས་དང་ཨ་རིའི་མི་དམངས་ནི་རླབས་ཆེ་བའི་མི་དམངས་རེད་ཀྲུང་གོ་དང་ཨ་རིས་འབྲེལ་བ་བཟུང་ནས་ལོ་ངོ༣༦གི་རིང་དུ་ཀྱག་ཀྱོག་གི་ངང་མདུན་དུ་སྐྱོད་ཅིང་། ཀྲུང་གོ་དང་ཨ་རིའི་མི་དམངས་དང་འཛམ་གླིང་གི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་རེད།  མིག་སྔར་ཀྲུང་གོ་དང་ཨ་རིར་མཉམ་འབྲེལ་གྱི་དགོས་མཁོ་སྔར་ལས་ཆེ་ཞིང་།  མཉམ་འབྲེལ་གྱི་རྨང་གཞི་སྔར་ལས་བརྟན།  རྒྱལ་སྤྱི་དང་ས་གནས་ཐད་ཀྱི་འབྲེལ་བ་ནི་སྔར་ལས་མང་། དེ་བས་ཀྲུང་གོ་དང་ཨ་རི་གཉིས་ཀྱིས་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་བ་བཙུགས་ཏེ། ཕན་ཚུན་ལ་གནོད་མི་སྐྱེལ་ཞིང་བརྩི་བཀུར་བྱེད་པ། མཉམ་དུ་རྒྱལ་ཁ་ལེན་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་སྤྱིའི་རེ་བ་དུས་རབས་ཀྱི་འབོད་བརྡ་བཅས་རེད།  ང་ཐེངས་འདིར་ཨ་རི་ལ་ཡོང་དོན་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་གཏིང་ཇེ་ཟབ་ཏུ་བཏང་སྟེ་ཕྱོགས་མང་པོ་ནས་མཉམ་འབྲེལ་བྱས་ཏེ་གྲུབ་འབྲས་གཡུར་ཏུ་ཟ་བ་ཞིག་ལེན་པའི་ཆེད་ཡིན། ངས་ཨོ་བྷ་མ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་བར་གྱི་དོན་དག་དང་རྒྱལ་སྤྱིའི་དོན་དག་ལ་གཏིང་ཟབ་པའི་སྒོ་ནས་བགྲོ་གླེང་བྱེད་རྒྱུར་རེ་སྒུག་བྱས་ཡོད་ལ། ཨ་རིའི་ལས་རིགས་སོ་སོའི་མི་རྣམས་ཀྱི་བསམ་འཆར་དང་ལེན་དང་ཇི་ལྟར་མཉམ་འབྲེལ་བྱེད་དགོས་པར་གྲོས་གཞི་འདོན་ངེས་ཡིན་ཟེར། 
    དེ་མིན་ཝང་ལོ་ཉིན། ལི་ཀྲན་ཧྲུ། དབྱང་ཅེ་ཁྲི་སོགས་ཀྱང་ཞིས་ཅིན་ཕིང་དང་མཉམ་དུ་གནམ་གྲུ་ལས་བབས་ཤིང་། ཀྲུང་གོའི་ཨར་སྡོད་གཞུང་ཚབ་དཔོན་ཚུས་ཐེན་ཁེའང་གནམ་གྲུའི་ཐང་དུ་འོངས་ནས་བསུ་བ་བྱས་བྱུང་། 
    སེ་ཐི་ཨོ་ནི་ཞིས་ཅིན་ཕིང་ཨ་རིར་འཚམས་འདྲིར་འགྲོ་བའི་འབབ་ཚུགས་དང་པོ་ཡིན་ལ།  དེ་ནས་ཁོང་ཨ་རིའི་ས་ཆ་གཞན་པར་མུ་མཐུད་དུ་འགྲོ་རྒྱུ་ཡིན་པ་དང་།  ཉིག་ཡོའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་ལྟེ་གནས་སུ་སོང་ནས་མཉམ་འབྲེལ་རྒྱལ་ཁབ་དབུ་ཚུགས་ནས་ལོ་༧༠འཁོར་བའི་རྗེས་དྲན་གྱི་མཛད་སྒོར་ཞུགས་རྒྱུ་ཡིན། 
  ཁ་བྱང་ཕྱི་མོ།  ཞིས་ཅིན་ཕིང་ཨ་རིའི་སེ་ཐི་ཨོ་ལ་སླེབས་ཏེ་ཨ་རིར་འཚམས་འདྲི་བྱེད་འགོ་ཚུགས། 
(རྩོམ་འགན་པ། བསྟན་འཛིན)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070