སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྤྱི་ཁྱབ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཞའོ་ཐེན་གྱི་གྱོད་དོན་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས།
སྤེལ་དུས། 2015-09-24   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ལྕགས་མོ་བྱམས།
ཞའོ་ཐེན། 
  ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་སྤྱི་ཁྱབ་ལུས་རྩལ་ཅུས་ཀྱི་སྔར་གྱི་ཅུའུ་ཀྲང་གཞོན་པ། རྩ་འཛུགས་ཏང་གི་ཁོངས་མི་ཞའོ་ཐེན་གྱི་ཚབས་ཆེ་བའི་ཁྲིམས་འགལ་གནད་དོན་ལ་ཐོ་འགོད་ཞིབ་བཤེར་བྱས།

  ཞིབ་བཤེར་བྱས་པ་ལྟར་ན། ཞའོ་ཐེན་གྱིས་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ལུགས་སྲོལ་ལ་ཚབས་ཆེ་བའི་རྒྱབ་འགལ་བྱས་པ་སྟེ། ཁོས་རྩ་འཛུགས་ཀྱིས་ཞིབ་བཤེར་བྱེད་པར་བར་ཆད་དང་འགལ་རྐྱེན་བཟོས་ཤིང་། རྒོལ་སྲུང་མནའ་མཐུན་བཙུགས་ལ། ལྐོག་རྔན་དུ་བླངས་པའི་དངུལ་དང་དངོས་རིགས་གནས་སྤོ་བྱས་པ་རེད། རྩ་འཛུགས་ཀྱི་མི་དོན་སྒྲིག་ཁྲིམས་ལ་ཚབས་ཆེ་བའི་རྒྱབ་འགལ་བྱས་པ་སྟེ། ཁྲིམས་འགལ་ངང་རང་གི་ཆུང་མར་བྱ་བ་བཀོད་སྒྲིག་བྱས་པ་མ་ཟད་གོ་གནས་སྤར་ལ། ཕྱི་རྒྱལ་དུ་ལོག་པའི་བར་སྐབས་སུ་རང་འདོད་ཀྱིས་ལམ་ཐིག་བཅོས་བསྒྱུར་བྱས་ནས་རྒྱལ་ཕྱིར་འདུག་སྡོད་བྱེད་པའི་དུས་ཡུན་བསྲིངས་པ་རེད། སྤྱོད་གཙང་རང་སྡོམ་གྱི་ཆོད་དོན་ལ་ཚབས་ཆེ་བའི་རྒྱབ་འགལ་བྱས་པ་སྟེ། འབུལ་རྟེན་དོད་དངུལ་བླངས་པ་དང་། རང་སྒེར་ནས་སྤྲོད་འོས་པའི་གྲོན་དངུལ་མངའ་འོག་ལས་ཁུངས་ལ་འགྲོ་སོང་རྩིས་ཞུ་བྱེད་དུ་བཅུག་ཅིང་། གོ་གནས་སྟེང་གི་དབང་ཤུགས་བེད་སྤྱད་དེ་གཉེན་ཉེས་བྱ་གཞག་འཛུགས་གཉེར་བྱེད་པར་ཁེ་ཕན་རག་ཐབས་བྱས་པ་རེད། ཀྲུང་དབྱང་གི་ཆོད་དོན་ཚན་པ་བརྒྱད་ཀྱི་བསམ་བློར་ཚབས་ཆེ་བའི་རྒྱབ་འགལ་བྱས་པ་སྟེ། ཐེངས་མང་པོར་གཞུང་དངུལ་གསོལ་སྟོན་དང་ལེན་བྱས་པ་མ་ཟད། སྒེར་གཉེར་འདུ་ཁང་དུ་འགྲོ་འོང་བྱས་ཤིང་། སྒེར་གཉེར་ཁེ་ལས་ཀྱི་འགོ་བས་བཀོད་སྒྲིག་བྱས་པའི་ཀོར་ཧྥུ་སྤོ་ལོ་རྩེ་རྒྱུ་དང་ལེན་བྱས་པ་རེད། གོ་གནས་སྟེང་གི་དབང་ཤུགས་བེད་སྤྱད་དེ། ལས་བྱེད་པ་འདེམས་སྒྲུག་བརྐོ་སྤྱོད་བྱེད་པ་དང་འགྲན་བསྡུར་ལས་དོན་ལ་ཞིབ་བཤེར་ཆོག་མཆན་གནང་བ། དེ་བཞིན་ལུས་རྩལ་ཐོན་ལས་འཛུགས་གཉེར་བྱེད་པ་བཅས་ཀྱི་ཕྱོགས་ནས་མི་གཞན་པར་ཁེ་ཕན་རག་ཐབས་བྱས་ཤིང་རྒྱུ་དངོས་བླངས་པ་རེད། དེའི་ཁྲོད། གོ་གནས་སྟེང་གི་དབང་ཤུགས་བེད་སྤྱད་དེ་མི་གཞན་པར་ཁེ་ཕན་རག་ཐབས་བྱས་ཤིང་། རྒྱུ་དངོས་བླངས་པའི་གནད་དོན་ནི་ནག་ཉེས་བཟོས་པའི་ཁོངས་སུ་གཏོགས།

  ཞའོ་ཐེན་ནི་ཏང་གི་མཐོ་རིམ་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཕུགས་འདུན་གྱི་ཡིད་ཆེས་མེད་པར་གྱུར་ནས། སྒྲིག་ཁྲིམས་ལ་ཚབས་ཆེ་བའི་རྒྱབ་འགལ་བྱས་ཤིང་། མ་ཟད་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་ནས་ཀྱང་སྔར་བཞིན་སྐུམ་འཐེན་མི་བྱེད་པ་དང་ལས་མཚམས་མ་བཞག་པས། ངོ་བོ་ཐ་ཤལ་ཡིན་ལ། གནས་ཚུལ་ཚབས་ཆེན་རེད། 《ཀྲུང་གོ་གུང་ཁྲན་ཏང་གི་ཉེས་ཆད་སྒྲིག་ཁྲིམས་སྲོལ་ཡིག》 སོགས་འབྲེལ་ཡོད་ཆོད་དོན་གཞིར་བཟུང་ཞིང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ཚོགས་འདུས་ཞིབ་བཤེར་གྲོས་མོལ་བྱས་ནས་ཀྲུང་གུང་ཀྲུང་དབྱང་ལ་ཞུ་གཏུག་བྱས་པར་ཆོག་མཆན་ཐོབ་པ་བརྒྱུད། ཞའོ་ཐེན་ལ་ཏང་ནས་ཕྱིར་ཕུད་པའི་ཉེས་ཆད་གཅོད་རྒྱུ་ཐག་གིས་བཅད། ལྟ་ཞིབ་པུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞུ་གཏུག་བྱས་པར་ཆོག་མཆན་ཐོབ་པ་བརྒྱུད། ཁོ་ལ་སྲིད་སྟེགས་ནས་མར་ཕུད་པའི་ཉེས་ཆད་གཅོད་རྒྱུ་ཡིན་ལ། ཁོས་ཁྲིམས་འགལ་ངང་བླངས་པའི་རྒྱུ་དངོས་ཐ་དག་རྩིས་ལེན་བྱེད་རྒྱུ་དང་། ནག་ཉེས་བཟོས་བའི་གནད་དོན་དང་ཁུངས་སྣེ། དེ་བཞིན་འབྲེལ་ཡོད་རྒྱུ་དངོས་བཅས་ཁྲིམས་འཛིན་ལས་ཁུངས་སུ་སྤོ་སྐྱེལ་བྱས་ནས་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ་རེད།

  ཁ་བྱང་ཕྱི་མོ། སྤྱི་ཁྱབ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཞའོ་ཐེན་གྱི་གྱོད་དོན་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས།
(རྩོམ་འགན་པ། དབང་འདུས།)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070