སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཧུའུ་པེའི་སྐྱེས་པ་ཞིག་གིས་མ་རྒན་རླངས་འཁོར་གྱི་རྗེས་གྲབས་འཁོར་སྒམ་དུ་འདུག་བཅུག།
སྤེལ་དུས། 2015-09-24   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན།
  ཟླ ༩ པའི་ཚེས ༢༤ ཉིན་ཤང་ཀང་གི་སྨྱན་ལམ་དུ་སྤེལ་བའི་གསར་འགྱུར་ལྟར་ན། ཧུའུ་པེ་ཨན་ལུ་ཉེན་རྟོག་པས་ཉེ་ལམ་ལམ་བར་དུ་རླངས་འཁོར་ཞིག་གི་ཁ་བཀག་ཏེ་ཞིབ་བཤེར་བྱེད་སྐབས། ལོ་ན་དྲུག་བཅུར་ལོན་པའི་རྒན་མོ་ཞིག་རྗེས་གྲབས་འཁོར་སྒམ་ནང་དུ་འཁུམ་ཙོག་ཏུ་འདུག་བཅུག་ཡོད་པ་ཤེས།།
  ཤང་ཀང་གི“ཤར་ཕྱོགས་ཉིན་ཚགས”དྲ་ཚིགས་སུ་ཟླ ༩ པའི་ཚེས ༢༤ ཉིན་འཁོད་པའི་གསར་འཕྲིན་ལས་རྒན་མོ་དེས་བརྗོད་པ་ལྟར་ན། རླངས་འཁོར་ཐོག་གི་ཁྱོ་ཤུག་ཟུང་དང་ལོ་ན་བཞི་ཙམ་ལས་མ་སོན་པའི་བྱིས་པ་དེ་རྣམས་རང་གི་བུ་དང་། བུའི་མནའ་མ། ཚ་བོ་བཅས་ཡིན་ཞིང་ད་ལོར་མོས་རྒན་གསོའི་རོགས་དངུལ་གྱིས་རང་གི་བུ་ལ་རླངས་འཁོར་ཞིག་ཉོས་པ་རེད། ཉིན་ཤས་སྔོན་ཁྱིམ་མི་བཞི་པོ་བུའི་རླངས་འཁོར་ལ་བསྡད་དེ་སྤྲོ་གསེང་ལ་བསྐྱོད་སྐབས་བུ་ཚས་རླངས་འཁོར་ནང་དུ་འཚང་ག་ཆེ་བས་སྙེས་ཉལ་མི་བདེ་བར་སེམས་ཏེ་བུས་མོ་རང་མོ་ཊའི་རྗེས་གྲབས་འཁོར་སྒམ་ནང་དུ་འཁུམ་ཙོག་ཏུ་སྡོད་དུ་བཅུག་པ་རེད། དྲ་གྲོགས་མང་པོས་བུ་དེས་ཕ་མར་བསྙེན་བཀུར་མི་ཞུ་ཞེས་ཁ་རྡུང་བཏང་། །
  ཤང་ཀང་གི《སྐར་གླིང་ཉིན་ཚགས》དྲ་ཚིགས་སུ་ཟླ ༩ པའི་ཚེས ༢༤ ཉིན་གསར་འགྱུར་སྤེལ་བར། དོན་རྐྱེན་དེས་དྲ་ཐོག་ཏུ་གླེང་ཕྱོགས་ཀྱི་འུར་ཟིང་ཆེན་པོ་བསླངས་པ་དང་། དྲ་གྲོགས་མང་པོས་བུ་དེར་ལས་ངན་དང་མི་གཤིས་བརླགས་འདུག་ཟེར་བ་སོགས་ཁ་རྡུང་དྲག་པོ་བཏང་བ་རེད། །
  དོན་རྐྱེན་དེའི་ཞིབ་ཕྲའི་གནས་ཚུལ་ནི་ཟླ ༩ པའི་ཚེས ༢༡ ཉིན་གྱི་སྔ་དྲོའི་ཆུ་ཚོད ༡༠ པའི་གཡས་གཡོན་དུ་ལྷགས་པ་དང་། ཨན་ལུ་གྲོང་ཁྱེར་ཉེན་རྟོག་པས་ཅང་ཤིས་ཞིང་ཆེན་གྱི་འཁོར་བྱང་ཡིན་པའི་རླངས་འཁོར་ཞིག་ལ་འཆར་ཅན་ཞིབ་བཤེར་བྱེད་སྐབས་ཉེན་རྟོག་པས་རླངས་འཁོར་གྱི་ལག་འཁྱེར་ལ་བརྟག་དཔྱད་བྱས་མཚམས་རྒྱབ་ཀྱི་གྲབས་ཉར་འཁོར་སྒམ་གྱི་སྒོ་ཕྱེས་ཏེ་རླངས་འཁོར་གྱི་གཞུག་དངོས་ལ་ཞིབ་བཤེར་བྱེད་སྐབས་བསམ་ཡུལ་ལས་འདས་པར་ཉེན་རྟོག་པ་འདྲོག་པར་གྱུར། གུ་དོག་པའི་རྗེས་གྲབས་འཁོར་སྒམ་ནང་དུ་རྒན་མོ་ཞིག་འཁུམ་ཙོག་ཏུ་བསྡད་ཡོད་པ་མཐོང་། །
ཉེན་རྟོག་པས་འཕྲལ་མར་རླངས་འཁོར་ཐོག་གི་མི་རྣམས་སོ་སོར་བཀར་ཏེ་སྟངས་འཛིན་བྱས་པ་དང་འདྲི་རྟོག་བྱས་རྗེས་ཤེས་གསལ། ཁྱོ་ཤུག་འདི་གཉིས་དང་ལོ་ན་བཞི་ཙམ་ལས་མ་ལོན་པའི་བྱིས་པ་འདི་རྣམས་རྒན་མོའི་བུ་དང་བུའི་མནའ་མ། རང་གི་ཚ་བོ་བཅས་ཡིན་པ་རེད། རྒན་མོས་བརྗོད་པར། འདི་ལོར་མོས་རྒན་གསོའི་རོགས་དངུལ་གསག་གསོག་བྱས་པ་དག་སྤྱད་དེ་རང་གི་བུ་ལ SUV ཅན་གྱི་རླངས་འཁོར་ཞིག་ཉོས་པ་དང་། ཉིན་ཤས་སྔོན་ཁྱིམ་མི་རྣམས་བུའི་རླངས་འཁོར་ལ་བསྡད་དེ་ཅང་ཤིས་ནས་ཝུའུ་ཧན་དུ་སྤྲོ་གསེང་ལ་བསྐྱོད་སྐབས་ལམ་བར་དུ་མོས་ཚ་བོར་ལྟ་རྟོག་གི་ལས་འགན་འཁུར་ཡོད་ཟེར། སྐབས་དེར་ཚ་བོ་རླངས་འཁོར་ཐོག་ཏུ་གཉིད་ཅོག་བརྒྱབ་ཅིང་འཁོར་སྒམ་ཆུང་བར་དོགས་ཏེ་ཉལ་ཐབས་མ་བྱུང་བས་བུས་རྒན་མོ་རྗེས་གྲབས་འཁོར་སྒམ་དུ་ཙོག་ཏུ་བཅུག་ཅིང་བསྡད་ས་སྟོང་པ་ཚ་བོར་སྤྲད། །
  ཉེན་རྟོག་པ་རྣམས་དེ་བས་བསམ་ཡུལ་ལས་འདས་པར་གྱུར་བ་ནི་རྒན་མོས་རང་གི་བུ་ལ་ཉེས་ཆད་གཅོད་པར་དོགས་ཏེ་ཉེན་རྟོག་པར་དགོངས་དག་ཐུགས་བདེན་ཞུས་པ་སྟེ། རྗེས་གྲབས་འཁོར་སྒམ་ནང་སྣང་དག་མི་འདུག སྐྱིད་པོ་འདུག ངའི་བུར་དཀའ་ཁག་མ་བཟོ་རོགས་གནོངས་ཞེས་ཟེར། །
  དོན་རྐྱེན་དེས་དྲ་ཐོག་གི་གླེང་བརྗོད་ཚ་ཚ་འུར་འུར་དུ་བཏང་བ་དང་དྲ་གྲོགས་མི་ཉུང་བ་ཞིག་གིས་བསྙེན་བཀུར་མི་ཤེས་པའི་བུ་དེར་སྐྱོན་བརྗོད་བྱས་པ་རེད། ཁྱོད་ཀྱི་བུས་རྗེས་མ་ཁྱོད་ཀྱང་རྗེས་གྲབས་འཁོར་སྒམ་དུ་འདུག་འཇུག་རྒྱུ་རེད་ཅེས་དང་། རྒན་མོས་དཀའ་སྤྱད་སྡུག་རུས་ཀྱིས་ཁྱོད་ལོ་ཆེན་པོ་འདི་གའི་བར་དུ་གསོས་ཀྱང་མནའ་མ་ཞིག་བསུས་པ་དང་བུ་ཕྲུག་ཅིག་སྐྱེས་མ་ཐག་ཞེ་ལོག་ནས་སྤོང་བ་ནི་འདི་ཁྱོད་ཀྱང་རྒས་པའི་དུས་ཤིག་འོང་སྲིད་པ་མ་དྲན་པ་མིན་ནམ། ཁྱོའི་མནའ་མ་ཡང་རྒན་མོའམ་གྱོས་མོར་གྱུར་བའི་ཉིན་ཞིག་སླེབས་སྲིད་པ་དྲན་པ་གྱིས་ཟེར། དྲ་གྲོགས་འགའ་རེས་རང་གི་བུ་ལ་མིག་དཔེ་བཟང་སྟོན་བྱས་འདུག་ཅེས་ཟུར་ཟའང་བྱེད། །  
  ཁ་བྱང་ཕྱི་མོ། ཧུའུ་པེའི་སྐྱེས་པ་ཞིག་གིས་མ་རྒན་རླངས་འཁོར་གྱི་རྗེས་གྲབས་འཁོར་སྒམ་དུ་འདུག་བཅུག།
(རྩོམ་འགན་པ། བསྟན་འཛིན)
 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070