སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཨ་རིས་ཡང་བསྐྱར་ཀྲུང་གོའི་ཉེས་ཅན་ཞིག་ཕྱིར་སྤྲད་བྱུང་།
སྤེལ་དུས། 2015-09-24   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  དབང་འབུམ།

  ཟླ ༩ པའི་ཚེས ༢༤ ཉིན། ཀྲུང་དབྱང་རུལ་འགོག་རུ་ཁག་རྒྱལ་སྤྱིའི་ཉེས་ཅན་རྩད་གཅོད་གཞུང་ལས་ཁང་གི་བཀོད་འདོམས་འོག   རང་རྒྱལ་གྱི་ཁྲིམ་འཛུགས་དང་ཁྲིམས་སྐྱོང་།  ཕྱི་འབྲེལ་སྡེ་ཁག་སོགས་ཀྱིས་ཨ་རིར་འབྲེལ་བ་ཟབ་མོ་བཙུགས་ནས་ཨ་རི་ལ་ལྐོག་བྲོས་བྱས་ནས་ལོ ༡༤ འཁོར་བའི་ཀྲུང་གོའི་རུལ་སུངས་ཉེས་ཅན་ཁང་ཝན་ཧྥང་བཟུང་ནས་ཀྲུང་གོར་ཁྲིད་འོངས།  འདི་ནི་ཟླ ༩ པའི་ཚེས ༡༨ ཉིན་ཨ་རིས་བཙན་གྱིས་ཀྲུང་གོར་སྤྲད་པའི་རུལ་སུངས་པ་དབྱང་ཅིན་ཅོན་རྗེས་ཀྱི་ཀྲུང་གོ་དང་ཨ་རིའི་རུལ་འགོག་མཉམ་འབྲེལ་བྱས་པའི་ལས་འགུལ་གལ་ཆེན་ཞིག་རེད།


  ཁང་ཝན་ཧྥང་།  མོ།  ཀོང་ཏུང་ཁེ་ཕིང་གི་མི་ཡིན།  ༡༩༦༧ ལོར་སྐྱེས།  རུལ་སུངས་ཀྱི་ཉེས་པ་བསགས་པས ༢༠༠༡ ལོར་ཨ་རི་ལ་བྲོས་བྱོལ་དུ་སོང་།  ཉེས་དོན་བྱུང་རྗེས་ཀྲུང་གོ་དང་ཨ་རིའི་ཁྲིམས་འཛུགས་ཁྲིམས་སྐྱོང་སྡེ་ཁག་གིས་མཉམ་འབྲེལ་བྱས་ནས་མོ་རང་ཨ་རིའི་བཙོན་ཁང་དུ་བཟུང་ནས་ཉེས་ཆད་གཅོད་ཐུབ་བྱུང་། 
  རུལ་སུངས་པ་དག་རྒྱ་མཚོའི་མཐའ།  ས་ཡི་ཟུར།  རྒྱལ་ཁབ་གང་ཞིག་ན་ཡོད་ཀྱང་སྐུང་པའི་གནས་དང་འགྲོ་སའི་ཁུང་མེད་པས་ཆེས་གདམས་གསེས་ཡག་པོ་ནི་ཕྱིར་རང་རྒྱལ་ལ་འོངས་ཏེ་མགོ་འདོགས་ཁས་ལེན་བྱེད་རྒྱུ་ཡིན།   གོམ་པ་རྗེས་ཀོང་ཏུང་ཉེན་རྟོག་པས་ཁང་ཝན་ཧྥང་གི་རུལ་སུངས་ཀྱི་ཉེས་དོན་ལ་བརྟག་དཔྱད་འཐུས་ཚང་བྱེད་རྒྱུ་རེད།  


ཁང་ཝན་ཧྥང་དང་ཁེ་ཕིང་གི་ཉེས་དོན། 
  ༢༠༠༦ ལོའི་ཟླ ༢ པའི་ཚེས ༧ ཉིན།  ཨ་རིའི་ཁྲིམས་སྐྱོང་སྡེ་ཁག་དཔོན་ཧྥེ་སིས་བསྒྲགས་དོན།  ཀྲུང་གོ་དངུལ་ཁང་ཀུང་ཏུང་ཁེ་ཕིང་ཡན་ལག་དངུལ་ཁང་གི་གཙོ་འཛིན་སྔོན་མ་ཞི་ཁྲོ་ཧྥན།  ཞི་ཀོ་ཅོན་དང་ཁོང་གཉིས་ཀྱི་ཆུང་མ་ཁང་ཝན་ཧྥང་།  དབྱི་དབྱང་དབྱི།  ཁང་ཝན་ཧྥང་གི་ཕུ་བོ་ཁང་ཧྭ་པོ་སོགས་ཀྱིས་ཀྲུང་གོ་དངུལ་ཁང་གི་སྒོར་དུང་ཕྱུར ༥ སྒེར་འཛིན་དང་ལ་སི་ཝེ་ག་སིའི(Las Vegas)རྒྱན་འཛུགས་ཁང་བརྒྱུད་དེ་སྒོར་མོ་བསྐོར་པ་དང་།  གཡོ་སྒྱུ་ཁྲམ་གསུམ་བཀོལ་བ་སོགས་ནག་ཉེས་རིགས ༡༥ འདུག་པ་ལ་སི་ཝེ་ག་སིའི་མཉམ་འབྲེལ་ཉམས་ཞིབ་ཚོགས་པ་ཞིག་གིས་གཏུག་བཤེར་བྱས་པ་རེད།  འདི་ནི་ལོ་འདི་དག་གི་རིང་ཨ་རིས་ཀྲུང་གོའི་ཉེས་ཅན་པ་གཏུག་བཤེར་བྱས་པའི་ལྐོག་ཟ་བྱས་པའི་དངུལ་གྲངས་ཆེས་མང་པ་དེ་རེད།

  ཁ་བྱང་ཕྱི་མོ། ཨ་རིས་ཡང་བསྐྱར་ཀྲུང་གོའི་ཉེས་ཅན་ཞིག་ཕྱིར་སྤྲད་བྱུང་།
(རྩོམ་འགན་པ། དབང་འདུས།)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070