སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལི་ཁེ་ཆིང་གིས་ནུས་མེད་དཔོན་རིགས་འདུག་ཐབས་མེད་པར་བཟོ་དགོས་ཟེར།
སྤེལ་དུས། 2015-09-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་ཤིས་མཚོ།

  ཟླ ༩ པའི་ཚེས ༢༣ ཉིན། ཙུང་ལི་ལི་ཁེ་ཆིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ཨུའི་ཚོགས་འདུར་འགོ་འཛིན་བྱས་པ་དང་། སྐབས་གཉིས་པའི་ལས་འགན་ཞིབ་བཤེར་དང་རྩད་གཅོད་གནས་ཚུལ་ཡར་ཞུར་གསན་པ་རེད། གྲོས་ཚོགས་ལས་བསྟན་དོན། དངོས་ལྟར་ནན་གྱིས་ལས་སྒྲུབ་བྱས་ནས་འཕེལ་རྒྱས་སྐུལ་འདེད་དང་ཀྲུང་དབྱང་གི་གོང་གཅོད་དཀར་ཆག་ཉུང་དུ་གཏོང་རྒྱུའི་ཐག་བཅད་དེ། བཅོས་བསྒྱུར་བྱེད་ཕྱོགས་ཀྱིས་ཁྲོམ་རའི་འཕེལ་རྒྱས་ལ་ནུས་པ་བླ་ལྷག་ཐོན་དགོས་པར་སྐུལ་བ་རེད། གློག་སྒུལ་འཕྲུལ་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་འཛུགས་དང་གྲོང་ཁྱེར་གྱི་རླངས་འཁོར་འཇོག་གནས་འཛུགས་སྐྲུན་ཐད་ཤུགས་སྣོན་དང་ལེགས་སྒྲིག་བྱས་ཏེ། སྤྱི་པའི་ཞབས་འདེགས་ལས་གཞིའི་ཐད་ཀྱི་མི་མདང་བའི་ཆར་ཁ་གསབ་བྱས་ནས་དམངས་འཚོའི་དགོས་མཁོ་སྐོང་དགོས་པ་བསྟན། 

  ཚོགས་འདུ་ལས་ལྟ་སྐུལ་ཞིབ་བཤེར་ཐད་ཤུགས་བསྣན་ཏེ་སྲིད་ལ་མི་བརྩོན་པའམ་སྣང་ཆུང་ཁུར་མེད་བྱེད་པའི་བྱ་སྤྱོད་ལ་ནན་གྱིས་དཔྱད་ནས། ལས་དོན་ལ་འགྲན་བརྩོད་རང་བཞིན་གྱིས་འབད་བརྩོན་དང་ནུས་པ་འདོན་པར་བྱེད་པ་ནི་སྲིད་ཇུས་དོན་འཁྱོལ་དང་འཕེལ་རྒྱས་སྐུལ་འདེད་ཀྱི་གལ་ཆེའི་བྱེད་སྟངས་ཡིན་པ་བསྟན། གྲོས་ཚོགས་སུ་ད་ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་འགན་ཞིབ་བཤེར་དང་རྩད་གཅོད་ལས་མཐོང་བའི་ལུགས་འགལ་བྱ་སྤྱོད་ཐད་ཀྱི་གནས་ཚུལ་ཡར་ཞུར་ཉན་པ་དང་། ཐེངས་སྔོན་མའི་སྐབས་དང་པོར། ཞིང་ཆེན ༧ ནས་ལས་བྱེད་མི་སྣ ༥༩ ལ་ཞིབ་བཤེར་བྱས་པའི་རྨང་གཞིའི་སྟེང་།   ཟླ ༨ པའི་ཟླ་མཇུག་བར་དུ། མ་དངུལ་གསོག་འཇོག་དང་ལས་གཞི་དུས་འགྱངས། ས་གཞི་བེད་མེད་དུ་སྐྱུར་བ། སྤྱིལ་བུའི་བསྒྱུར་བཅོས་འགོར་འགྱངས་བྱེད་པ་བཅས་ཀྱི་ལུགས་འགལ་གྱི་གནད་དོན་ཐད། ཁྱོན་བསྡོམས་ཀྲུང་དབྱང་ནས་མ་དངུལ་གསོག་འཇོག་དངུལ་གྲངས་དུང་ཕྱུར ༡༠༩ དང་ས་གནས་ཁག་ནས་མ་དངུལ་དུང་ཕྱུར ༢༩༦༦ ཕྱིར་འཐེན་བྱས། བེད་མེད་དུ་བསྐྱུར་བའི་ས་གཞིའི་མུའུ་གྲངས་ཁྲི ༣༡.༢༥ ཐག་གཅོད་བྱས་པ་དང་། ཉེ་ལམ་ཞིང་ཆེན(ཁུལ་དང་གྲོང་ཁྱེར)༢༠ ལྷག་ནས་ཐིང་དང་ཅུའུ་རིམ་པ་འདུས་པའི་ལས་བྱེད་མི་སྣ ༢༠༠ ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་རེད། 

  ཚོགས་འདུའི་དགོངས་དོན་ལྟར་ན། ཐེར་འདོན་བྱས་པའི་གནད་དོན་དག་དུས་ལྟར་ལེགས་བཅོས་བྱེད་དགོས་པ་དང་། ཕྱིར་འཐེན་བྱས་པའི་མ་དངུལ་དག་རང་འགུལ་གྱིས་དགོས་མཁོ་ཆེ་ས་དང་འཕེལ་རྒྱས་སམ་དམངས་འཚོའི་དགོས་མཁོ་སྐོང་ནུས་པའི་གནད་འགག་གི་སར་སྤྱོད་དགོས། ལོ་མཇུག་གི་སྔོན་དུ།    གལ་སྲིད་ཞིང་ཆེན(ཁུལ་དང་གྲོང་ཁྱེར)སོ་སོས་བེད་མེད་དུ་སྐྱུར་བའི་ས་གཞི་ཐག་གཅོད་བྱས་མེད་ཚེ། སའི་རྒྱ་ཁྱོན་ལྟར་ལོ་འཁོར་འཛུགས་སྐྲུན་འཆར་གཞིའི་ས་ཁྱོན་མེད་པར་བཟོ་བའམ་ཉུང་དུ་གཏོང་དགོས། ཞིབ་བཤེར་ཐབས་ལམ་བཟོས་ནས་སྡེ་ཁག་སོ་སོ་དང་ས་ཁུལ་སོ་སོ་ནས་རང་འགུལ་གྱིས་རེ་རེ་བཞིན་སྔོག་བཤེར་བྱ་དགོས་པ་དང་། ཐེར་འདོན་བྱས་པའི་གནད་དོན་དང་ལེགས་བཅོས་ཐབས་སོགས་སྤྱི་ལ་བསྒྲགས་ནས་དམངས་ཡོངས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས། ལས་བྱེད་མི་སྣའི་གང་ཐུབ་གྱི་ནུས་པ་དང་ཞིབ་བཤེར་འབྲས་བུ་གཞི་གཅིག་ཏུ་སྦྲེལ་ཏེ་ལུགས་འགལ་གྱི་བྱ་སྤྱོད་གཙང་སེལ་བྱས་ནས་ནུས་མེད་དཔོན་རིགས་འདུག་ཐབས་མེད་པར་བཟོ་དགོས། ས་ཁུལ་དང་སྡེ་ཁག་སོ་སོས་སྲིད་ཇུས་ལེགས་པོར་དོན་འཁྱོལ་བྱས་ནས་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་རྩ་བའི་གནད་དོན་ཐག་གཅོད་བྱས་ཏེ་ལོ་འཁོར་འཆར་གཞི་ཡོངས་སུ་འགྲུབ་དགོས། 

  ཚོགས་འདུར་བསྟན་དོན། རིན་གོང་ལེགས་བཅོས་ཀྱི་མ་ལག་འཐུས་ཚང་དུ་བཏང་སྟེ་ཁྲོམ་རའི་དཔལ་འབྱོར་གྱི་ནུས་ཁུངས་སྒྲིག་བཀོད་ཐད་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ཚོགས་འདུར་གཏན་འབེབས་བྱས་དོན། ཉེ་བའི་ལོ་འགའི་རིང་རིམ་བཞིན་སྒོ་འབྱེད་བྱས་པའི་གློག་འཕྲིན་དང་སྨན་རྫས། འགྲིམ་འགྲུལ་སྐྱེལ་འདྲེན་བཅས་ཀྱི་རིན་གོང་གི་རྨང་གཞིའི་སྟེང་། ཀྲུང་དབྱང་གི་གོང་གཅོད་དཀར་ཆག་དག་བཅོས་བྱས་ནས་སྲིད་གཞུང་གིས་ཚོང་ཟོག་དང་ཞབས་ཞུའི་རིན་གོང་ལ་བཀོད་འདོམས་དང་ཐག་གཅོད་བྱེད་པའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། སྔར་གྱི་རྣམ་གྲངས ༡༣ དེ་ཉུང་བསྡུས་བྱས་ནས་རང་བྱུང་སོལ་རླངས་དང་གློག་ཤུགས། ཆུ་བེད་བཟོ་སྐྲུན། ཆུ་མཁོ་འདོན། ཡིག་སྐྱེལ་ལས་དོན་སོགས་རིགས ༧ དུ་དབྱེ་དགོས་པ་དང་། གོང་གཅོད་རྣམ་གྲངས་ཡང་རིགས ༡༠༠ ནས ༢༠ ལ་བཟོ་བ། དུས་མཚུངས་སུ་སོར་འཇོག་བྱས་པའི་རྣམ་གྲངས་ལའང་ཚད་ལྡན་གྱི་གོང་གཅོད་ཐབས་ཇུས་ལག་བསྟར་བྱ་དགོས། གློག་རིན་སོགས་དམངས་འཚོར་འབྲེལ་བའི་གནད་དོན་ལ་སྲིད་གཞུང་གིས་མུ་མཐུད་དུ་ལུགས་མཐུན་ལྟ་རྟོག་བྱས་ཏེ་མི་དམངས་ཀྱི་འཚོ་བར་འགན་ལེན་ཡོད་པར་བྱ་དགོས། ཚོགས་འདུའི་དགོངས་དོན་ལྟར་ན། གློག་སྒུལ་འཕྲུལ་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་གཞི་ནི་ནུས་ཁུངས་གསར་བའི་འཕྲུལ་འཁོར་ཐོན་ལས་ཡར་རྒྱས་ཀྱི་གལ་ཆེའི་འགན་ལེན་ཡིན་པ་དང་། གྲོང་ཁྱེར་གྱི་རླངས་འཁོར་འདུག་སའི་འཛུགས་སྐྲུན་ནི་གྲོང་ཁྱེར་གྱི་བྱེད་ནུས་འཐུས་ཚང་དུ་གཏོང་བ་དང་དམངས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་པའི་མྱུར་མཁོའི་དགོས་མཁོ་ཡིན་པ་རེད། སྤྱི་བའི་ཐོན་རྫས་དང་ཞབས་ཞུའི་རྣམ་པ་སྣ་མང་ཅན་དུ་བསྒྱུར་བ་དང་། ནུས་ལྡན་མ་དངུལ་འཇོག་པ་དང་འཛད་སྤྱོད་བྱེད་པར་སྐུལ་བ། ལྗང་མདོག་འཕེལ་རྒྱས་ཐད་ལ་འབད་པ་བཅས་ཀྱི་དོན་སྙིང་གཏིང་ཟབ། 

  གྲོས་ཚོགས་སུ་གཏན་འབེབས་བྱས་དོན། གྲོང་ཁྱེར་ཚད་ལྡན་སྒྲིག་གཞིའི་འཛུགས་སྐྲུན་དང་རླངས་འཁོར་འདུག་སའི་འཛུགས་སྐྲུན་ཟུང་འབྲེལ་བྱེད་པ་དང་། གློག་གསོག་སྒྲིག་གཞི་དང་གྲོང་ཁྱེར་གློག་གསོག་ས་ཚིགས་སོགས་བསྐྲུན་དགོས། གསར་དུ་བསྐྲུན་པའི་སྡོད་དམངས་ཁུལ་གྱི་རླངས་འཁོར་འདུག་གནས་དང་གློག་གསོག་སྒྲིག་གཞིའི་སྒྲིག་སྦྱོར་གྱི་སྡུར་ཚད ༡༠༠ %  ལ་སླེབས་དགོས་པ་དང་། གཞི་རྒྱ་ཆེ་བའི་སྤྱི་བའི་འཛུགས་སྐྲུན་དངོས་རྫས་དང་སྤྱི་བའི་རླངས་འཁོར་འདུག་གནས  ༡༠ %  ལས་དམའ་མི་རུང་། གཉིས། དམངས་ཁྲོད་ཀྱི་མ་དངུལ་ཡང་མ་རྩ་ཁེར་འཇོག་དང  PPP གྱི་རྣམ་པ་ལྟར་ཞུགས་ཆོག་པ་དང་དེར་སྐུལ་འདེད་བྱེད་པ། ཁེ་ལས་དང་མི་སྒེར་གང་རུང་གིས་སྤྱི་བའི་རླངས་འཁོར་འདུག་གནས་འཛུགས་སྐྲུན་ལ་མ་རྩ་འཇོག་ཆོག་པ་དང་། རྩ་དོན་ལྟར་ན་འདུག་གནས་ཀྱི་གྲངས་འབོར་ལ་ཚད་གཞི་ངེས་ཅན་བཟོ་དགོས། མི་སྒེར་དང་ལས་ཁུངས། སྡོད་དམངས་ཁུལ་སོགས་ཀྱིས་སྔར་ཡོད་ཀྱི་རླངས་འཁོར་འདུག་གནས་སུ་གློག་གསོག་སྒྲིག་ཆས་སྒྲིག་སྦྱོར་བྱེད་པར་སྐུལ་འདེབས་བྱེད་དགོས། གསུམ། ནོར་སྲིད་དཔྱ་ཁྲལ་དང་དངུལ་རྩ། བེད་སྤྱོད་ས་གཞི། རིན་གོང་བཅས་ཀྱི་ཐད་སྲིད་ཇུས་ཀྱིས་སྐྱོར་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་བུན་འཛིན་དང་ཆེད་སྤྱོད་ཐེབས་རྩ་སོགས་ཀྱི་རྣམ་པ་ལྟར་གློག་གསོག་སྒྲིག་གཞི་དང་རླངས་འཁོར་འདུག་གནས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ། འབྲེལ་ཡོད་ཀྱི་གླ་ལེན་ཐབས་ཤེས་ཇུས་འགོད་བྱས་ནས་སྤྱི་ཚོགས་ཀྱིས་གསར་བསྐྲུན་རླངས་འཁོར་འདུག་གནས་ཀྱི་གླ་ལེན་ཐད་ལ་མ་རྩ་འཇོག་པ་དང་གློག་གསོག་ཞབས་ཞུའི་ཁེ་ལས་ཀྱིས་འཛད་སྤྱོད་པར་རིན་བླངས་ཆོག་པ། ས་གནས་ཀྱིས་མ་དངུལ་གཏོང་འཇོག་དང་རོགས་སྐྱོར་ཀྱི་ཐབས་ཇུས་སྤྱོད་པར་སྐུལ་འདེད་བྱས་ནས། ཁེ་ལས་ཀྱི་མ་དངུལ་གྲབས་གསོག་གི་གཞི་ཁྱོན་ཆེ་རུ་གཏོང་དགོས། བཞི། འབྲེལ་ཡོད་ཚད་ལྡན་ཚད་གཞི་འཐུས་ཚང་དུ་གཏོང་བ། སྤོ་འགུལ་གློག་གསོག་དང་རིག་ནུས་རང་བཞིན་གྱི་རླངས་འཁོར་འཇོག་ཚུལ་སོགས་ཁྱབ་བརྡལ་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། མཉམ་འབྲེལ་དྲ་རྒྱ་སྤྱད་ནས་ཐོན་ཁུངས་ལེགས་པར་སྤྱོད་པ། མང་ཚོགས་ལ་སྤྱི་བའི་ཞབས་ཞུ་གང་ལེགས་མཁོ་འདོན་བྱེད་དགོས། གྲོས་ཚོགས་སུ་ད་དུང་དོན་ཚན་གཞན་ལའང་ཞིབ་འཇུག་བྱས་སོ།། 

  ཁ་བྱང་ཕྱི་མོ། ལི་ཁེ་ཆིང་གིས་ནུས་མེད་དཔོན་རིགས་འདུག་ཐབས་མེད་པར་བཟོ་དགོས་ཟེར།
(རྩོམ་འགན་པ། དབང་འདུས།)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070