སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་གིས་ཨ་རིར་གསུངས་པའི་གནད་ཆེན་འགའ།
སྤེལ་དུས། 2015-09-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  གཡས་རྒྱན།
   ས་དེའི་ཟླ ༩ པའི་ཚེས ༢༢ ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིའི་ཝ་ཤིང་ཐོན་ཁུལ་གྱི་གྲོང་ཁྱེར་ཆེ་ཤོས་ཤི་ཡ་ཐུར་འབྱོར་ནས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས། ཨ་རིར་འཚམས་འདྲི་གནང་རིང་ཞི་ཅིན་ཕིང་གི་སྐོར་བསྐྱོད་བཀོད་སྒྲིག་ཡག་པོ་བྱུང་ཡོད་ཅིང་། སྔ་ཕྱིར་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་ཞིང་ཆེན་གྱི་དཔོན་པོ་དང་ཁུལ་དཔོན་གྱི་གླེང་སྟེགས་སུ་བཞུགས་པ་དང་ས་དེའི་སྲིད་འཛིན་འགོ་པར་མཇལ་འཕྲད་གནང་། གཞན་བསུ་སྟོན་ཐོག་གཏམ་བརྗོད་གནང་ནས། དོན་སྙིང་ཆེ་ཤོས་ཀྱི་ཐོག་ནས་ཨ་རི་དང་འཛམ་གླིང་ལ་ཀྲུང་གོའི་རྣམ་འགྱུར་གསལ་སྟོན་མཛད། མི་དམངས་དྲ་བའི་ཐོག་གི་སློབ་སྦྱོང་ཡིག་ཆའི་ལེ་ཚན་པར་ངོས་ཐོག་ཏུ་ཐེངས་འདིའི་ཞི་ཅིན་ཕིང་ནས་གཏམ་གླེང་གནང་བའི་ནང་དོན་ཚང་མ་ལེགས་སྒྲིག་བྱས་འདུག་པ་གཤམ་གསལ། དེ་ཡང་ནང་དོན་ཐད་ཕྱི་ཕྱོགས་ལ་སྒོ་དབྱེ་དང་ཕྱི་ལོག་ཏུ་རུལ་འགོག ཀྲུང་ཨ་གཉིས་ཀྱི་མཉམ་ལས་སྐོར་སོགས་འདུས་འདུག།
  ཕྱིར་བསྐྱོད་དམིགས་ཡུལ། ཀྲུང་ཨ་གཉིས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་ལམ་གསར་འཛུགས་ཀྱི་སྐུལ་འདེད་ཐད་སྔར་བས་འཕེལ་རྒྱས་ཡོང་ཆེད་དུ་ས་དེའི་སྔ་དྲོའི་ཆུ་ཚོད ༩ དང་སྐར ༣༠ ཐོག ཞི་ཅིན་ཕིང་ཆེད་ཕེབས་གནམ་གྲུར་བཞུགས་ནས་ཤི་ཡ་ཐུ་ཡི་རྒྱལ་སྤྱིའི་ཕེ་དབྱིན་གནམ་ཐང་དུ་སླེབས། བསུ་བ་བྱེད་པའི་སྐབས་སུ་ཞི་ཅིན་ཕིང་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོ་འབྲེལ་བ་ཚུགས་ནས་ལོ ༣༦ འདས་པའི་ནང་དཀའ་ཁག་གང་མང་ལ་གདོང་ལེན་དང་འབད་འཐབ་བྱས་པ་བརྒྱུད་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་མི་དམངས་ལ་ཕན་པ་ཆེན་པོ་ཐོགས་ཡོད། ད་ཆ་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་ཁེ་དབང་མཉམ་འདྲེས་ཐད་སྔར་བས་ཇེ་ཟབ་ཡིན་ལ། མཉམ་ལས་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་བཏང་སྟེ་ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་གནས་ལས་དོན་ཁྲོད་ཀྱི་གཞོགས་འདེགས་ཇེ་མཐོར་བཏང་བ་རེད། ཀྲུང་ཨ་གཉིས་ཀྱིས་རྒྱལ་ཁབ་ཆེན་པོའི་འབྲེལ་ལམ་འཛུགས་པ་བརྒྱུད། ཕྱོགས་གཉིས་དབར་འགལ་བ་མི་འབྱུང་བ་དང་འགོག་རྐྱེན་མི་བཟོ་བ། ཕན་ཚུན་བརྩི་བཀུར། གཉིས་ཕན་མཉམ་ལས་བཅས་མངོན་འགྱུར་ཡོང་དགོས། འདི་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདུན་པ་རེད་ལ་དུས་རབས་ཀྱི་འཕེལ་འགྲོས་དང་མཐུན་པའི་གདམ་ག་ཡང་དག་དེ་ཡིན། “ ང་ད་ཐེངས་ཨ་རིར་འཚམས་འདྲི་བྱེད་དོན་ནི། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་ཇེ་ཟབ་ཏུ་གཏོང་ཆེད་དང་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་བསྐྱེད་གཏང་ནས། ཀྲུང་ཨ་དབར་གྱི་རྒྱལ་ཁབ་ཆེན་པོའི་འབྲེལ་ལམ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་ཡིན། ”ཟེར།
  ས་གནས་ཀྱི་མཉམ་ལས། ད་ཆ་རྒྱལ་ཁབ་གཉིས་པོའི་ས་གནས་དབར་གྱི་མཉམ་ལས་དུས་སྐབས་བཟང་བས། སྔར་བས་རྒྱ་ཆེ་བའི་སྡིངས་ཆ་ཡོད།
 ན་ཕིང་སྐབས་གསུམ་པའི་ཞིང་ཆེན་གྱི་དཔོན་པོ་དང་ཁུལ་དཔོན་གྱི་གླེང་སྟེགས་སུ་ནན་བཤད་གནང་དོན། འདས་པའི་ལོ ༣༠ ཡི་ནང་ཀྲུང་ཨ་ཕྱོགས་གཉིས་པོའི་འབྲེལ་ལམ་འཕེལ་རྒྱས་ཀྱིས་ཕྱོགས་གཉིས་པོའི་ས་གནས་དང་མི་དམངས་ལ་རོགས་སྐྱོར་བྱེད་པར་ཕན་པ་ཐོན་ཡོད། མ་འོངས་པར་མུ་མཐུད་དེ་ས་གསན་ལ་བརྟེན་པ་དང་ས་གནས་ལ་ཕན་བདེ་སྐྲུན་དགོས། ད་ཆ་རྒྱལ་ཁབ་གཉིས་པོའི་ས་གནས་དབར་གྱི་མཉམ་ལས་དུས་སྐབས་བཟང་བས། སྔར་བས་རྒྱ་ཆེ་བའི་སྡིངས་ཆ་ཡོད། ཕྱོགས་གཉིས་ཀས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་རྒྱུ་སྟོབས་ཀྱིས་བསྐྲུན་པའི་གོ་སྐབས་དེ་ནུས་ལྡན་གྱིས་སྤྱོད་དགོས་ཤིང་ཐུན་མོང་ཐོག་ཀྲུང་ཨ་ཕྱོགས་གཉིས་པོའི་བསྒྱུར་བཅོས་འཕེལ་རྒྱས་ཀྱི་སྲིད་ཇུས་ཀྱི་ཕན་ཡོན་མཉམ་སྤྱོད་བྱས་ཏེ། ཀྲུང་ཨ་ས་གནས་གཉིས་ཀྱི་ལེགས་ཆ་འདོན་སྤེལ་དང་ཕན་ཚུན་སྟོང་ཆ་གསབ་རེས། མི་ཆོས་རིག་གནས་ཀྱི་བགྲོ་གླེང་གལ་ཆེན་དུ་འཛིན་པ་ལ་བརྟེན་ནས་ཐུན་མོང་ཐོག་ཀྲུང་ཨ་གཉིས་པོའི་ས་གནས་མཉམ་ལས་ཀྱི་ཆོད་ཡིག་གསར་པ་གཏོད་དགོས།
  ལོ་རྒྱུས་ཀྱི་མཛའ་མཐུན། ཀྲུང་ཨ་གཉིས་པོའི་གཞོན་སྐྱེས་མི་རབས་ཚོའི་དབར་གྱི་འབྲེལ་འདྲིས་དང་མཛའ་མཐུན་གྱིས་ཕྱོགས་གཉིས་པོའི་མ་འོངས་པའི་རེ་བ་མངོན།
  ཞི་ཅིན་ཕིང་གི་ཚོགས་པས་ཨ་རིའི་ས་གནས་དེའི་སྲིད་འཛིན་པ་དང་འཕྲད་སྐབས་སུ་བརྗོད་དོན། ༢༠༠༨ ལོར་ཀྲུང་གོའི་ཁྲི་ཚང་དུ་ས་ཡོམ་ཆེན་པོ་རྒྱབ་པ་དང་། ཝ་ཤིང་ཐོན་ཁུལ་གྱི་ཕིར་སེ་ཇུན་གྱི་སློབ་ཆུང་སློབ་མས་ཁྲི་ཚང་གི་གྲོགས་པོ་ཆུང་ཆུང་ཚོར་སེམས་གསོའི་འཕྲིན་ཡིག ༨༠༠ ལྷག་ཙམ་སྐུར་ནས་ཁོ་ཚོར་སྙིང་སྟོབས་ཆེན་པོས་འཚོ་བར་རོལ་རྒྱུའི་འགུལ་ཤུགས་སྟེར་བ་དེ་ནི་མི་སེམས་འགུལ་བ་དང་བརྗེད་དཀའ་བ་ཞིག་རེད། ཀྲུང་ཨ་གཉིས་པོའི་གཞོན་སྐྱེས་མི་རབས་ཚོའི་དབར་གྱི་འབྲེལ་འདྲིས་དང་མཛའ་མཐུན་གྱིས་ང་ཚོས་ཕྱོགས་གཉིས་པོའི་མ་འོངས་པའི་འབྲེལ་ལམ་གྱི་རེ་བ་མངོན།
  རྒྱལ་ཁབ་གཉིས་ཀྱི་འབྲེལ་བ། ཀྲུང་ཨ་རྒྱལ་ཁབ་ཆེན་པོའི་འབྲེལ་ལམ་གསར་པ་འཛུགས་རྒྱུའི་ཡང་དག་པའི་ལམ་བུ་རྒྱུན་ཁྱོངས་བྱ་དགོས།
  ཞི་ཅིན་ཕིང་གིས་ཝ་ཤིང་ཐོན་དུ་ས་དེའི་སྲིད་གཞུང་དང་ཨ་རིའི་མཛའ་གྲོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་ནས་བསུ་སྟོན་བགྱིས་པའི་སྐབས་ཀྱི་གཏམ་བཤད་ཐོག་ནན་བཤད་གནང་དོན། འཕེལ་རྒྱས་ནི་སྔར་བཞིན་དེང་གི་ཀྲུང་གོའི་ལས་འགན་དང་པོ་དེ་ཡིན། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་དོ་མཉམ་གྱི་སྒོ་ནས་འཕེལ་རྒྱས་ཅུང་མྱུར་པོ་འགྲོ་རྒྱུ་རེད། ང་ཚོས་ཕྱོགས་ཡོངས་དང་གཡས་ཞོགས་གཡོན་འདེགས་བརྒྱུད་ཀྱིས་གོང་འཕེལ་བརྟན་པོ་དང་། འཕེལ་རྒྱས་ལ་སྐུལ་འདེད། སྒྲིག་གཞི་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ་བཅས་བརྒྱུད་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དེ་འབྲིང་རིམ་དང་མཐོ་རིམ་ཀྱི་ཆུ་ཚད་རྒྱུན་མཐུད་ཡོང་བ་བྱེད་དགོས། ཀྲུང་གོས་བསྒྱུར་བཅོས་སྒོ་དབྱེ་རྒྱུན་ཁྱོངས་དང་ཁྲིམས་ལྟར་རྒྱལ་སྐྱོང་རྒྱུན་ཁྱོངས། ཞི་མཐུན་གྱི་འཕེལ་རྒྱས་ལམ་བུར་རྒྱུན་ཁྱོངས་བྱེད་པ་ཡིན་པས། རྒྱལ་ཁབ་ཁག་དང་ལམ་བུ་གཅིག་ཏུ་བསྐྱོད་དེ། དེ་ལྟར་མཉམ་ལས་གཉིས་ཕན་གཙོ་བོར་འཛིན་པའི་རྒྱལ་སྤྱིའི་འབྲེལ་ལམ་གསར་པ་འཛུགས་པར་འདོད། ཀྲུང་ཨ་རྒྱལ་ཁབ་གཉིས་པོས་ཀྲུང་ཨ་གཉིས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་ལམ་གསར་པའི་འཛུགས་སྐྱོང་གི་ཁ་ཕྱོགས་ཡང་དག་པ་རྒྱུན་ཁྱོངས་བྱས་ནས། འཐབ་རྩོད་འདིའི་ཕུགས་དམིགས་ལ་ཡང་དག་པའི་སྒོ་ནས་བརྡར་ཤ་གཅོད་དགོས། འགྱུར་མེད་སྲ་བརྟན་གྱི་སྒོ་ནས་མཉམ་ལས་གཉིས་ཕན་ལ་སྐུལ་སྤེལ་གཏོང་བ་དང་འགལ་འདུ་ཁག་ལ་ནུས་ལྡན་དང་ཟབ་བརླིང་གིས་དོ་དམ་དང་ཚོད་འཛིན་བྱས་ནས། མི་དམངས་ཀྱི་མཛའ་མཐུན་གསོ་སྐྱོང་གང་ལེགས་ཀྱིས་ཐུན་མོང་ཐོག་ཀྲུང་ཨ་གཉིས་པོའི་མཚར་སྡུག་ལྡན་པའི་འབྱུང་འགྱུར་གསར་བསྐྲུན་བྱ་དགོས།
  ཕྱི་ཕྱོགས་སུ་སྒོ་དབྱེ། ཀྲུང་གོའི་ཕྱིར་གཏད་སྒོ་ཆེན་ནམ་ཡང་གཏན་མི་སྲིད།
  ཞི་ཅིན་ཕིང་གིས་ཝ་ཤིང་ཐོན་དུ་ས་དེའི་སྲིད་གཞུང་དང་ཨ་རིའི་མཛའ་གྲོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་ནས་བསུ་སྟོན་བགྱིས་པའི་སྐབས་ཀྱི་གཏམ་བཤད་ཐོག་ནན་བཤད་གནང་དོན། ཀྲུང་གོའི་འཕེལ་རྒྱས་ཀྱི་གཞི་རྩའི་འགྲོ་ལམ་དེ་བསྒྱུར་བཅོས་ཐོག་ཡོད་པས། ཀྲུང་གོའི་ཕྱིར་གཏད་སྒོ་ཆེན་ནམ་ཡང་གཏན་མི་སྲིད། མ་འོངས་པར་ང་ཚོས་སྲ་ཁྲེགས་ཀྱི་སྙིང་རུས་ཐོགས་པ་དང་ཉེན་ཁ་ལ་གདོང་ལེན་བྱེད་པར་སེམས་ཐག་ཆོད་ཡོད། བསྒྱུར་བཅོས་ལ་སྐུལ་དེད་བྱེད་པར་ཕྱིར་ཤིག་མི་བྱེད་པར། འགྱུར་མེད་སྲ་བརྟན་ངང་ཁྲོམ་རའི་དཔལ་འབྱོར་བསྒྱུར་བཅོས་ཀྱི་ཁ་ཕྱོགས་རྒྱུན་ཁྱོངས་བྱེད་པ་ཡིན། མ་འོངས་པར་ང་ཚོས་ཕྱི་རྒྱལ་གྱི་མ་འཇོག་མཁན་ལ་ཁྲིམས་མཐུན་གྱི་སྲུང་སྐྱོབ་བྱ་རྒྱུ་དང་། ཁྲིམས་ལུགས་སྲིད་ཇུས་ཀྱི་ཁོར་ཡུག་ཀུན་གྱིས་ཤེས་པ། སྲིད་འཛིན་ཁོར་ཡུག་ནུས་མཐོ་ཅན། རྩོད་ལེན་ཁོར་ཡུག་འདྲ་མཉམ་ཅན་བཅས་སྐྲུན་རྒྱུར་འབད་པ་བྱ་ངེས།
  འཕེལ་རྒྱས་ཀྱི་ལམ་བུ། ཀྲུང་གོས་ནམ་ཡང་མགོ་མཐོ་པོ་དང་རྒྱ་བསྐྱེད་པར་མི་བྱེད།
  ཞི་ཅིན་ཕིང་གིས་ཝ་ཤིང་ཐོན་དུ་ས་དེའི་སྲིད་གཞུང་དང་ཨ་རིའི་མཛའ་གྲོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་ནས་བསུ་སྟོན་བགྱིས་པའི་སྐབས་ཀྱི་གཏམ་བཤད་ཐོག་བསྟན་དོན། ཀྲུང་གོས་མུ་མཐུད་དེ་ཞི་མཐུན་གྱི་འཕེལ་རྒྱས་ལམ་བུར་རྒྱུན་ཁྱོངས་བྱེད་པ་ཡིན། ཀྲུང་གོས་སྔར་ནས་ཉེན་སྲུང་མཐའ་སྐྱོང་གི་སྲིད་ཇུས་གོང་བཀུར་དང་ཉེན་སྲུང་མཐའ་སྐྱོང་དམག་གི་འཐབ་རྩོད་ལ་ཧུར་འབད་བྱད་བྱེད་པ་ཡིན། འཕེལ་རྒྱས་ཀྱི་ཚད་ཇི་འདྲར་སླེབས་ཀྱང་། ཀྲུང་གོས་ནམ་ཡང་མགོ་མཐོ་པོ་དང་རྒྱ་བསྐྱེད་པར་མི་བྱེད། ཀྲུང་གོ་ནི་ད་ཆ་རྒྱལ་སྤྱིའི་སྒྲིག་གཞིའི་ནང་གི་ནང་བཞུགས་མཁན་དང་། འཛུགས་སྐྲུན་མཁན། ལེགས་སྐྱེས་འབུལ་མཁན་བཅས་ཡིན། རྒྱལ་སྤྱིའི་སྒྲིག་གཞི་སྔར་བས་ལུགས་མཐུན་ངང་གཞུང་དྲང་དང་འདྲ་མཉམ་གྱི་ཁ་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་དེད་བྱེད་པ་ནི་བསྐྱར་ལོག་རྒྱག་པ་མིན་ལ་དོན་གཞན་ཡང་སློང་བ་མིན་པར། དེ་ནི་དུས་བསྟུན་ཡར་བརྩོན་སྔར་བས་མཐུས་སྒོ་ཇེ་ཚང་དུ་གཏོང་བ་ཡིན།
  ཕྱི་ལོག་ཏུ་རུལ་འགོག  རུལ་སྲུངས་པ་ཕྱི་རྒྱལ་དུ་གབ་ས་མེད་པར་བཟོ་དགོས།
  ཞི་ཅིན་ཕིང་གིས་ཝ་ཤིང་ཐོན་དུ་ས་དེའི་སྲིད་གཞུང་དང་ཨ་རིའི་མཛའ་གྲོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་ནས་བསུ་སྟོན་བགྱིས་པའི་སྐབས་ཀྱི་གཏམ་བཤད་ཐོག་ནན་བཤད་གནང་དོན། ཀྲུང་གོས་མུ་མཐུད་དེ་རུལ་རྒོལ་རྩོད་གཞིར་སྐུལ་འདེད་གཏང་རྒྱུ་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཧུར་ཐག་ངང་རུལ་འགོག་མཉམ་ལས་གནང་བར་རྒྱུར་རེ་བ་ཡོད། དེའི་ཕྱོགས་ནས་ཨ་རིས་རོགས་སྐྱོར་དང་གཞོགས་འདེགས་གནང་རྒྱུར་ཀྲུང་གོའི་མི་དམངས་ཀྱིས་རེ་བ་ཡོད། རུལ་སྲུངས་པ་ཕྱི་རྒྱལ་དུ་གབ་ས་མེད་པར་བཟོ་དགོས།
  ཞི་ཅིན་ཕིང་གིས་ཝ་ཤིང་ཐོན་དུ་ས་དེའི་སྲིད་གཞུང་དང་ཨ་རིའི་མཛའ་གྲོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་ནས་བསུ་སྟོན་བགྱིས་པའི་སྐབས་ཀྱི་གཏམ་བཤད་ཐོག་བསྟན་དོན། ཀྲུང་གོའི་དཔལ་འབྱོར་མུ་མཐུད་དེ་ཇེ་བརྟན་ངང་ཅུང་མྱུར་བའི་འཕེལ་རྒྱས་གཏོང་རྒྱུ་ཡིན། འདི་ལོའི་ལོ་ཕྱེད་གོང་མར་ཀྲུང་གོའི་དཔལ་འབྱོར ༧% ཁ་སྣོན་བྱུང་ནས་འཕེལ་རྒྱས་ཀྱི་མྱུར་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། ཀྲུང་གོའི་དཔལ་འབྱོར་ཚད་ངེས་ཅན་གྱི་ཆ་ནས་མར་ཆག་པའི་གནོན་ཤུགས་ཡོད། ཡིན་ཀྱང་འདི་ནི་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་རེད། ང་ཚོས་ཕྱོགས་ཡོངས་དང་གཡས་ཞོགས་གཡོན་འདེགས་བརྒྱུད་ཀྱིས་གོང་འཕེལ་བརྟན་པོ་དང་། འཕེལ་རྒྱས་ལ་སྐུལ་འདེད། སྒྲིག་གཞི་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ་བཅས་བརྒྱུད། སྤྱི་ཡོངས་ནས་ཚོད་འཛིན་བྱེད་པར་ཤུགས་སྣོན་དང་གསར་གཏོད་ཀྱིས། དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དེ་འབྲིང་རིམ་དང་མཐོ་རིམ་ཀྱི་ཆུ་ཚད་རྒྱུན་མཐུད་ཡོང་བ་བྱེད། སྲིད་གཞུང་གི་ལས་འགན་ནི་གསལ་བསྒྲགས་དང་དྲང་པོ། འདྲ་མཉམ་བཅས་ཀྱི་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོབ་བྱ་དགོས། མ་རྩའི་ཁྲོམ་ར་འཕེལ་རྒྱས་གཏོང་བ་དང་མི་དམངས་ཤོག་སྒོར་གྱི་ཁྲོམ་རའི་ཐོག་གི་སྐྱེད་ཀའི་རིན་གོང་སྒྲིག་སྲོལ་མཐུས་ཚང་དུ་གཏོང་རྒྱུ་ནི་ཀྲུང་གོའི་བསྒྱུར་བཅོས་ཀྱི་ཁ་ཕྱོགས་ཡིན་པའི་དབང་གིས། ཉེ་སྔོན་གྱི་སྐར་དངུལ་ཁྲོམ་ར་དང་ཕྱིར་གཏོང་དངུལ་རྩའི་འགྱུར་བས་རྐྱེན་པས་འགྱུར་ལྡོག་འགྲོ་བ་མིན།
  ཕན་ཚུན་དབར་འཐབ་རྩོད་ཀྱི་ཡིད་ཆེས།  ཀྲུང་ཨ་གཉིས་པོས་མི་བདེན་རྫུན་སྒྲིག་ལ་འགོག་རྒོལ་དང་དངོས་ཐོག་བདེན་འཚོལ་བྱ་དགོས།
  ཞི་ཅིན་ཕིང་གིས་ཝ་ཤིང་ཐོན་དུ་ས་དེའི་སྲིད་གཞུང་དང་ཨ་རིའི་མཛའ་གྲོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་ནས་བསུ་སྟོན་བགྱིས་པའི་སྐབས་ཀྱི་གཏམ་བཤད་ཐོག་བསྟན་དོན། ཀྲུང་ཨ་གཉིས་པོས་འཐབ་རྩོད་འདིའི་ཕུགས་དམིགས་ལ་ཡང་དག་པའི་སྒོ་ནས་བརྡར་ཤ་གཅོད་དགོས། རང་ཕྱོགས་ནས་ཨ་རི་དང་སྔར་བས་ཇེ་ཟབ་ཀྱིས་འཐབ་རྩོད་འདིའི་ཁ་ཕྱོགས་ལ་བསྐྱོད་འདོད་ཡོད་ལ་འཕེལ་རྒྱས་ཀྱི་ལམ་བུ་ལ་རྒྱུས་ལོན་ཡང་བྱ་འདོད་ཡོད། ང་ཚོས་དོན་དངོས་གཞིར་འཛིན་ནས་མི་བདེན་རྫུན་སྒྲིག་ལ་འགོག་རྒོལ་དང་དངོས་ཐོག་བདེན་འཚོལ་བྱ་དགོས། ཕན་ཚུན་དབར་དོགས་སེམས་ཡོད་མི་རུང་།
    ཁ་བྱང་ཕྱི་མོ། ཞི་ཅིན་ཕིང་གིས་ཨ་རིར་གསུངས་པའི་གནད་ཆེན་འགའ།
(རྩོམ་འགན་པ།བསྟན་འཛིན)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070