སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་ཀྲུང་ཨའི་ཧྲེང་ཀྲང་དང་ཀྲོའུ་ཀྲང་གི་གླེང་སྟེགས་ལ་ཞུགས་པ།
སྤེལ་དུས། 2015-09-25   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  རིན་ཆེན།
        ཚེས་༢༢ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཤིས་ཡ་ཐུརནུས་རྒྱུ་གཙང་མ་དང་དཔལ་འབྱོར་འཕེལ་རྒྱསཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་ཀྲུང་ཨའི་ཧྲེང་ཀྲང་དང་ཀྲོའུ་ཀྲང་གི་གླེང་སྟེགས་སྐབས་གསུམ་པར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
       
ཞིས་ཅིན་ཕིང་གིས་སྐབས་འདིའི་ཧྲེང་ཀྲང་དང་ཀྲོའུ་ཀྲང་གི་གླེང་སྟེགས་ཐོག་ཐཱན་ཉུང་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་པར་གདེང་འཇོག་གང་ལེགས་གནང་ནས་དེ་ནི་མིག་སྔའི་ཀྲུང་ཨ་རྒྱལ་ཁབ་གཉིས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐུན་མོང་ཐོག་འཕྲད་པའི་འགྲན་སློང་དང་ཧ་ཅང་མཐུན་པ་ཞིག་རེད་ཅེས་བསྟན་པ་རེད། ཞིས་ཅིན་ཕིང་གིས་ས་གནས་དབར་གྱི་མཉམ་ལས་དེ་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ནུས་པ་གལ་ཆེན་ལྡན་པ་དང་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་དེ་མཐར་གཏུག་ནས་བཤད་ན་མི་དམངས་ཀྱི་རྒྱབ་སྐྱོར་མཁོ་ལ་མཐར་གཏུག་མི་དམངས་ལ་ཞབས་འདེགས་ཞུ་བ་ཞིག་རེད་ཅེས་ནན་བཤད་གནང་བ་རེད།
       
ཨ་རིའི་ཅ་ལི་ཕུའུ་ཉི་ཡ་ཀྲོའུ་ཡི་ཀྲོའུ་ཀྲང་པུའུ་ལང་གིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཨ་ཀྲུང་འབྲེལ་བ་དང་འཛམ་གླིང་འཕེལ་རྒྱས་ཀྱི་དུས་སྐབས་གལ་ཆེན་དུས་སུ་ཨ་རིར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070