སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཕེང་ལི་ཡོན་དང་“པི་ཨེར་ཀའི་ཚི”ཁྱོ་ཤུག་གཉེས་འབྲས་སྐྲན་ཞིབ་འཇུག་ལྟེ་གནས་སུ་བསྐྱོད་པ།
སྤེལ་དུས། 2015-09-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ལྷགས་པ།
 
  ས་གནས་དེ་གའི ༢༠༡༥ ལོའི་ཟླ་བ ༢༣ ཉིན་ཕེང་ལི་ཡོན་ཧྥུ་རུའི་ཏེ་ཧ་ཅིང་སེན་འབྲས་སྐྲན་ཞིབ་འཇུག་ལྟེ་གནསFred Hutchinson Cancer Research Centerསུ་བསྐྱོད་ནས་ཨ་ཙེའི་ནད་གཡམ་དང་དུ་ཐས་ལངས་པའི་རྒྱལ་སྤྱེའི་བདེ་ཐང་གནད་དོན་ལ་དོ་སྣང་ཆེན་པོ་བྱས། ཕེང་ལི་ཡོན་གྱི་ཐེངས་དེའི་བྱེད་སྒོའི་ནངཔི་ཨེར་ཀའི་ཚིཡིས་འགྲོ་ལམ་ཧྲིལ་པོར་ཕེབས་རོགས་ཞུས་པ།

  ཚོགས་འདུའི་ཐོག་ཕེང་ལི་ཡོན་གྱིས། ཞིབ་འཇུག་མི་སྣས་ཨེ་འགོག་སྨན་ཁབ་འཚོལ་ཞིབ་དང་དུ་བ་ཐེན་མཁན་ལ་རོགས་སྐྱོར་ཞིབ་འཇུག་ཐད་ཀྱི་སྙན་ཞུ་ལ་གསན་པ། ཁོང་གི་དུས་ཐོག་ཏུ་མགོ་ལྕོག་ལྕོག་གནང་བ་དང་ཆབས་ཅིག་ཞིབ་འཇུག་མི་སྣར་ཐུགས་རྗེ་ཞུས་ནས་བཤད་དོན། ཁྱེད་རྣམ་པའི་བྱས་རྗེས་ཀྱི་རྐྱེན་པས་མིའི་རིགས་དེ།  དེ་བས་ཡུན་རིང་དུ་འཚོ་བར་འགྱུར།

   ༢༠༡༡ ལོ་ནས་བཟུང་ཕེང་ལི་ཡོན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འདུས་འདྲིལ་གློ་ནད་དང་ཨ་ཙེའི་ནད་གྱི་མཐུན་སྒྲིལ་གཞུང་ཚབ་པའི་འགན་བཞེས་མྱོང། དེར་རྟེན་ཐེངས་དེར་ཝ་ཤིང་ཐོན་ཁུལ་དཔོནཡིང་ལི་སིཡི་གདན་འདྲིན་དང་བཀོད་སྒྲིག་འོག་ཧྥུ་རུའི་ཏེ་ཧ་ཅིན་སེན་འབྲས་སྐྲན་ཞིབ་འཇུག་ལྟེ་གནས་དུ་བསྐྱོད་པ།


  ཧྥུ་རུའི་ཏེ་ཧ་ཅིན་སེན་འབྲས་སྐྲན་ཞིབ་འཇུག་ལྟེ་གནས་ནི་འཛམ་གླིང་ཐོག་ཆེས་སྔོན་ཐོན་ཆེ་བའི་ཞིབ་འཇུག་ལྟེ་གནས་ཞིག་ཡིན་པ།  ཞིབ་འཇུག་ལྟེ་གནས་དེའི་སྙིང་དོན་ནི་འབྲས་སྐྲན་དང་དེ་འབྲེལ་ནད་རིགས་མེད་པར་བཟོས་ནས་མིའི་རིགས་ནད་རིགས་དེ་དག་གི་ཤུགས་རྐྱེན་འོག་མནར་གཅོད་དང་ཤི་བ་སོགས་ཀྱི་གནད་དོན་སེལ་ཐབས་བྱས་པ།


ཕེང་ལི་ཡོན་དང་པི་ཨེར་ཀའི་ཚིཁྱོ་ཤུག་གཉེས་འབྲས་སྐྲན་ཞིབ་འཇུག་ལྟེ་གནས་སུ་བསྐྱོད་པ།


ཕེང་ལི་ཡོན། ཞིབ་འཇུག་ལྟེ་གནས་སུ་ཡོད་པའི་སྣང་བརྙན་པར་རིས།

  ཁ་བྱང་ཕྱི་ོམོ།ཕེང་ལི་ཡོན་དང་“པི་ཨེར་ཀའི་ཚི”ཁྱོ་ཤུག་གཉེས་འབྲས་སྐྲན་ཞིབ་འཇུག་ལྟེ་གནས་སུ་བསྐྱོད་པ།

(རྩོམ་འགན་པ། བསྟན་འཛིན)

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070