སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱལ་སྟོན་ཉིན་ནས《ཟས་རིགས་བདེ་འཇགས་བཅའ་ཁྲིམས》གསར་པ་ལག་བསྟར་བྱ་རྒྱུ་རེད།
སྤེལ་དུས། 2015-09-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  སྒྲོལ་མ།


  ཕུགས་འདེད་བྱས་ཆོག་པ་དང་མིང་དངོས་འགོད་པའི་ལམ་ལུགས་གཙོ་བོ་གཉིས་ བཅའ་ཁྲིམས་སུ་བཀོད་པ་དེས།  མཛད་སྤྱོད་པས་ཁྲིམས་ཀྱི་ལམ་ནས་ སྐྱིན་ཚབ་དེད་ཆོག་པར་བཟོས་འདུག
  《ཟས་རིགས་བདེ་འཇགས་བཅའ་ཁྲིམས》གསར་བ་བཀྲམ་པ་དེས།  རྒྱལ་ཁབ་ཀྱིས་ཟས་རིགས་བདེ་འཇགས་ཐད་ཁྱོན་ཡོངས་ནས་ཕུགས་འདེད་བྱེད་པའི་ལམ་ལུགས་བསྐྲུན་རྒྱུ་ཡིན་པ་གསལ་བོར་མངོན་ཡོད་ལ།  ཟས་རིགས་བདེ་འཇགས་ལ་གཟབ་ནན་བྱེད་པ་ནི་ཁྲིམས་ལུགས་དོན་ཚན་ཞིག་ཏུ་གྱུར་བ་དང་།  མཛད་སྤྱོད་པས་དྲ་ཐོག་ནས་དངོས་པོ་ཉོ་སྐབས་ཀྱི་ཁེ་ཕན་ཅི་རིགས་དང་ཁྲིམས་མཐུན་གྱི་ཁེ་དབང་ལ་འགན་སྲུང་བྱས་ཆོག་པ་མཚོན་ཡོད།
  བཅའ་ཁྲིམས་ཀྱི་དོན་ཚན ༦༢ སུ་གཏན་ཁེལ་བྱས་པ་ལྟར་ན།  དྲ་བའི་ཟས་རིགས་ཉོ་ཚོང་ཕྱོགས་གསུམ་པའི་སྟེགས་བུ་མཁོ་འདོན་བྱེད་མཁན་གྱིས་དྲ་བར་ཟས་རིགས་ཚོང་གཉེར་བྱེད་མཁན་དག་གི་མིང་དངོས་ཐོ་འགོད་བྱེད་དགོས་པ་དང་།  ཟས་རིགས་ཀྱི་བདེ་འཇགས་དང་དོ་དམ་གྱི་འོས་འགན་གསལ་བོར་བྱེད་པ།  ཁྲིམས་ཀྱི་ལམ་ནས་ཆོག་མཆན་དཔང་ཡིག་བླངས་ཡོད་ཚེ།  ད་དུང་དཔང་ཡིག་ལ་ཞིབ་བཤེར་བྱེད་དགོས་པ་དང་གཅིག  དྲ་བའི་ཟས་རིགས་ཉོ་ཚོང་ཕྱོགས་གསུམ་པའི་སྟེགས་བུ་མཁོ་འདོན་བྱེད་མཁན་གྱིས།   གལ་ཏེ་དྲ་བའི་སྒང་ནས་ཟས་རིགས་ཚོང་གཉེར་བྱེད་མཁན་དག་ལ་བཅའ་ཁྲིམས་སུ་གཏན་ཁེལ་བྱས་པའི་དོན་ཚན་ཅི་རིགས་དང་འགལ་བའི་བྱ་སྤྱོད་ལྡན་པ་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་བཀག་འགོག་བྱེད་དགོས་པ་མ་ཟད།  མྱུར་བར་ས་གནས་ཀྱི་རྫོང་རིམ་པའི་མི་དམངས་སྲིད་གཞུང་ཟས་རིགས་སྨན་རྫས་ལྟ་རྟོགས་དང་དོ་དམ་སྡེ་ཁག་ཏུ་ཞུ་དགོས་པ།  ཁྲིམས་འགལ་སྒྲིག་འགལ་གྱི་ནག་ཉེས་ཚབས་ཆེན་བཟོས་ཡོད་ཚེ།  མྱུར་བར་དྲ་བའི་ཚོང་སྟེགས་ཞབས་ཞུ་མཁོ་འདོན་གྱི་མཚམས་འཇོག་དགོས་པ་དང་གཉིས།
  གཞན་དོན་ཚན ༡༣༡ ཏུ་གཏན་ཁེལ་བྱས་པ་ལྟར་ན།  དྲ་བའི་ཟས་རིགས་ཉོ་ཚོང་ཕྱོགས་གསུམ་པའི་སྟེགས་བུ་མཁོ་འདོན་བྱེད་མཁན་གྱིས་དྲ་བར་ཚོང་གཉེར་བྱེད་མཁན་གྱི་མིང་དངོས་ཐོ་འགོད་མ་བྱས་པ་དང་།  ཆོག་མཆན་དཔང་ཡིག་ལ་ཞིབ་བཤེར་མ་བྱས་པ།  ཡང་ན་སྙན་ཞུ་ལག་བསྟར་མ་བྱས་པ།  དྲ་བའི་ཚོང་སྟེགས་ཞབས་ཞུ་མཁོ་འདོན་གྱི་མཚམས་བཞག་པ་བཅས་བྱས་ཚེ།  ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཟས་རིགས་སྨན་རྫས་ལྟ་རྟོགས་དང་དོ་དམ་སྡེ་ཁག་ལ་འགན་དཀྲིས་ཏེ་བསྒྱུར་བཅོས་བྱེད་དུ་འཇུག་པ་དང་།  ཁྲིམས་འགལ་གྱི་ཐོབ་དངོས་དག་གཞུང་བཞེས་བྱེད་པ།  ད་དུང་དམངས་སྒོར་ཁྲི་ཚོ ༥ ཡན་དང ༢༠ མན་གྱི་ཆད་དངུལ་གཅོད་པ།   མཇུག་འབྲས་ཚབས་ཆེན་ཡིན་ཚེ།  གནས་སྐབས་ཚོང་མཚམས་འཇོག་དགོས་པའི་བཀའ་ཕབ་ཏེ།  དཔང་ཡིག་སྟེར་མཁན་སྡེ་ཁག་གིས་ཆོག་མཆན་དཔང་ཡིག་ཕྱིར་བསྡུ་བྱེད་དགོས་པ།  མཛད་སྤྱོད་པའི་ཁྲིམས་མཐུན་གྱི་ཁེ་དབང་ལ་གྱོང་གུད་བཟོས་ཚེ།  ཟས་རིགས་ཚོང་གཉེར་མཁན་དུ་ལྷན་དུ་འགན་ལེན་པ་བཅས་བྱེད་དགོས།
  《ཟས་རིགས་བདེ་འཇགས་བཅའ་ཁྲིམས》གསར་བ་ལྟར་གཞིགས་ན།   མཛད་སྤྱོད་པས་དྲ་བའི་ཉོ་ཚོང་ཕྱོགས་གསུམ་པའི་སྟེགས་བུ་བརྒྱུད་དངོས་པོ་ཉོ་སྐབས།  ཁྲིམས་མཐུན་གྱི་ཁེ་དབང་ལ་གནོད་པ་ཐེབས་ཚེ།  དྲ་བར་ཟས་རིགས་ཚོང་གཉེར་བྱེད་མཁན་དང་ཡང་ན་ཐོན་སྐྱེད་བྱེད་མཁན་ལ་སྐྱིན་ཚབ་སྟེར་དགོས་པའི་རེ་ཞུ་བྱས་ཆོག
  དྲ་བའི་ཟས་རིགས་ཉོ་ཚོང་ཕྱོགས་གསུམ་པའི་སྟེགས་བུ་མཁོ་འདོན་བྱེད་མཁན་གྱིས་དྲ་བར་ཟས་རིགས་ཚོང་གཉེར་བྱེད་མཁན་གྱི་མིང་དངོས་དང་།  ས་གནས།  འབྲེལ་གཏུག་བྱེད་ཐབས་སོགས་མཁོ་སྤྲོད་བྱེད་མི་ཐུབ་ཚེ།  སྟེགས་བུ་མཁོ་འདོན་བྱེད་མཁན་གྱིས་སྐྱིན་ཚབ་འཇལ་དགོས།
  ཕྱོགས་གསུམ་པའི་སྟེགས་བུས་སྐྱིན་ཚབ་འཇལ་རྗེས།  མཛད་སྤྱོད་པར་ད་དུང་་དྲ་བར་ཟས་རིགས་ཚོང་གཉེར་བྱེད་མཁན་དང་ཡང་ན་ཐོན་སྐྱེད་མཁན་ལ་སྐྱིན་ཚབ་འདེད་དབང་ཡོད།
  ཁ་བྱང་ཕྱི་མོ། 《ཟས་རིགས་བདེ་འཇགས་བཅའ་ཁྲིམས》ཆེས་ནན་ཤོས་དེ་ཟླ ༡༠ བའི་ཚེས ༡ ཉིན་ནས་ལག་བསྟར་བྱ་རྒྱུ་རེད།
(རྩོམ་འགན་པ། དབང་འདུས།)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070