སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་ཨ་རིའི་སྲིད་འཛིན་གྱིས་ཕོ་བྲང་དཀར་པོར་འཚོགས་པའི་ཕེབས་བསུའི་མཛད་སྒོར་ཞུགས་པ།
སྤེལ་དུས། 2015-09-27   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ལྷགས་པ།
  
  
  ཟླ་བ་ ༩ པའི་ཚེས ༢༥ ཉིན་ཨོ་བྷ་མས་ཕོ་བྲང་དཀར་པོའི་ལྷོ་ངོས་ཀྱི་ཐང་ཆེན་སྟེང་མཛད་སྒོ་ཟབ་རྒྱས་ཞིག་འཚོགས། རྒྱལ་ཁབ་ཀྲུའུ་ཞི་ཞིས་ཅིན་ཕིང་ཨ་རི་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས། ཞིས་ཅིན་ཕིང་གིས་སྨོན་ཚིག་ཞུ་དུས་ནན་བཤད་བྱེད་རྒྱུར། མཉམ་ལས་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་ཡོང་བའི་ཡང་དག་པའི་གདམ་ག་ཉག་ཅིག་ཡིན། ང་ཚོས་ཡིད་ཆེས་སྲ་བརྟན་དང་ལག་གདང་མཉམ་སྦྲེལ་བྱས་ནས་ཨ་རི་དང་ཀྲུང་གོའི་འབྲེལ་བའི་ལེ་ཚན་གསར་པ་ཞིག་འབྲི་དགོས།
    ཟླ་བ་དགུ་པའི་ཝ་ཤིང་ཐོན་ནི་རླུང་གིས་བསིལ་ངད་ཀུན་ལ་སྦྱིན། སྟོན་ཁའི་ཡུལ་ལྗོངས་ཡིད་དུ་འོང་བ། ཆུ་ཚོད་ ༨ པའི་སྐར་མ་ ༣༠ སྟེང་། སྐད་གསངས་ཐོན་པའི་དམག་གླུ་བཏང་བ། གཟབ་སྦྲེང་རུ་ཁག་ཕོ་བྲང་དཀར་པོའི་ལྷོ་ཕྱོགས་ཀྱི་ཐང་ཆེན་དུ་རུ་སྒྲིག་ནས་བསུ་སྒུག་ཞུས། ལག་པར་ཨ་རི་དང་ཀྲུང་གའི་དར་ཆ་བཟུང་བའི་གུས་ལུགས་དམག་མི་ཕོ་བྲང་དཀར་པའི་ལྷོ་ངོས་ཐང་ཆེན་ཁ་གཏད་ཀྱི་ཉེ་གཡབ་ཐོག་ལངས་འདུག དགའ་བསུའི་མཛད་སྒོར་ཕེབས་མཁན་གྱི་སྐུ་མགྲོན་རྣམས་སྔ་ས་ནས་ཕོ་བྲང་དཀར་པོའི་ལྷོ་ངོས་ཐང་ཆེན་ཐོག་སྒུག་ནས་བསྡད།
    ཆུ་ཚོད་ ༩ པར། ཞིས་ཅིན་ཕིང་དང་ལྕམ་ཕེང་ལི་ཡོན་རླངས་འཁོར་ལ་སྡད་ནས་ཕོ་བྲང་དཀར་པོའི་ལྷོ་ངོས་ཀྱི་ཐང་ཆེན་ཐོག་སླེབས།  རླངས་འཁོར་ནས་མར་བབས་རྗེས་ཨོ་བྷ་མ་དང་ཁོང་གི་ལྕམ་གྱི་སྣེ་ལེན་གཟབ་རྒྱས་ཞུས་པ།  ཨོ་བྷ་མ་ཡི་ཕེབས་རོགས་འོག་ཞིས་ཅིན་ཕིན་དགའ་བསུའི་ཁུལ་ནང་ཕེབས། ས་གདན་དམར་པོ་སྟེང་ནས་གཟིགས་ཞིབ་སྟེགས་བུར་བསྐྱོད། རོལ་ཆའི་རུ་ཁག་གི་ཀྲུང་གོ་དང་ཨ་རི་གཉིས་ཀྱི་རྒྱལ་གླུ་བཏང་། རྟེན་འབྲེལ་མེ་སྒྱོགས་ཀྱི་སྒྲ་ ༢༡ ཐོས། ཞིས་ཅིང་ཕིན་ཨོ་བྷ་མ་ཡི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ། ལུས་ཐོག་སྲོལ་རྒྱུན་དམག་ལྭ་གྱོན་པའི་དམག་མིའི་རོལ་ཆའི་རུ་ཁག་གིས་གླིང་བུ་དང་དམག་དུང་བཏང་བ། གོམ་ག་སྒྲིག་པོས་གཟིགས་སྟེག་ཐོག་བསྐྱོད་ནས་ཞིབ་བཤེར་འཁུར་བ།  དགའ་བསུའི་མི་ཚོགས་ཀྱི་ཨ་རི་དང་ཀྲུང་གོའི་དར་ཆ་གཡུག་ནས་ཞིས་ཅིན་ཕིང་ལ་དགའ་འབོད་འཚམ་འདྲི་བྱས། ཞིས་ཅིན་ཕིང་གི་སྔོན་དུ་གྲལ་སྒྲིག་པའི་འཐུས་ཚབ་ལ་མཛའ་བརྩེའི་ངང་ནས་ལག་པ་བཏང་། ཁོ་ཚོ་ལ་འཚམས་འདྲི་ཞུས་པ། 
  གཟིགས་ཞིབ་གནང་རྗེས། ཞིས་ཅིན་ཕིང་དང་ཨོ་བྷ་མ་གཉིས་ཀ་སོ་སོས་སྨོན་ཚིག་ཞུས་པ།
  ཞིས་ཅིན་ཕིང་གིས་ཨ་རིའི་མི་དམངས་ལ་ཀྲུང་གོའི་མི་དམངས་དུང་ཕྱུར་ ༡༣ ཡི་འཚམས་འདྲི་དང་སྨོན་འདུན་རྒྱུད་བསྒྲགས་བྱེད་པ།  ཞིས་ཅིན་ཕིང་གི་བཤད་དོན། ཀྲུང་གོ་དང་ཨ་རི་ནི་རླབས་ཆེན་གྱི་རྒྱལ་ཁབ་ཡིན་པ། ཀྲུང་གོའི་མི་དམངས་དང་ཨ་རིའི་མི་དམངས་ནི་རླབས་ཆེན་གྱི་མི་དམངས་ཡིན་པ། ཀྲུང་ཨ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་པ་ནས་བཟུང་རྒྱབ་ཁབ་གཉིས་ཀྱི་འབྲེལ་བ་ནི་རླུང་བརྟེན་རླབས་གཤག མདུན་བསྐྱོད་ལ་སྐུལ་མ། ལོ་རྒྱུས་ཀྱི་འཕེལ་རྒྱས་བྱུང་བ།
  ཞིས་ཅིན་ཕིང་གིས་ནན་བཤད་གནང་རྒྱུར།  ཀྲུང་ཨ་གཉིས་ལག་གདང་མཉམ་ལས་བྱས་ན་གཅིག་ལ་གཅིག་སྣོན་ན་གཉིས་ལས་ཆེ་བའི་ནུས་པ་ཐོན་ཐུབ། ང་ད་ཐེངས་ཨ་རིར་འཚམས་འདྲིར་བསྐྱོད་ནས་ཨ་རི་དང་མཉམ་དུ་ཧུར་བརྩོན་བྱེད་འདོད་པ། ཀྲུང་ཨའི་འབྲེལ་བ་ལ་སྔར་བས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས། རྒྱལ་ཁབས་གཉིས་ཀྱི་མི་དམངས་དང་འཛམ་གླིང་མི་དམངས་ལ་བདེ་སྐྱིད་བསྐྲུན། རྣམ་པ་གསར་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་པ།  ཞི་བདེ།  བརྩེ་འཇོག མཉམ་ལས་ནི་ནམ་ཡང་ཀྲུང་ཨའི་འབྲེལ་བའི་དབྱངས་རྟ་གཙོ་བོ་དུ་འགྱུར་ཐུབ་པར་བྱེད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་བདེ་ཐང་གི་འཁོར་ལམ་ཐོག་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་བ། ཕན་ཚུན་ཡིད་ཆེས་བྱེད་པ། ཕན་ཚུན་རྒྱུན་ལོན་ཇེ་ཆེར་གཏོང་བ། ཕན་ཚུན་ཁེ་ཕན་ལ་བརྩེ་སྲུང་བྱེད་པ། ཕྱོགས་གཉིས་ཀའི་ཁྱད་པར་དང་མི་མཐུན་པ་ལ་སེམས་རྒྱ་ཆེན་པོས་ཁ་གཏད་གཅོག་པ། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་ཡིད་ཆེས་དེ་སྲ་བརྟན་དུ་གཏོང་བ། གཉིས་ཕན་གྱི་མཉམ་ལས་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། བྱ་སྤྱོད་དངོས་དང་མཉམ་ལས་གྲུབ་འབྲས་ཀྱིས་རྒྱབ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་མི་དམངས་ལ་བདེ་སྐྱིད་བསྐུན་པ། མི་དམངས་གཉིས་ཀྱི་མཐུན་འབྲེལ་ཇེ་ཟབ་ཏུ་གཏོང་བ། མི་དམངས་གཉིས་ཀྱི་དམངས་འཁྲོད་ཀྱི་འགྲོ་འོང་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ཞི་བདེ་དང་གོང་འཕེལ་ལ་སྐུལ་སྤེལ་གཏོང་བ། འཛམ་གླིང་དང་ས་གནས་གནད་དོན་གྱི་མཐུན་འགྲིག་ཐད་ཤུགས་སྣོན་བརྒྱབ་པ། ནུས་ཤུགས་མཉམ་འདོན་གྱི་རྒྱལ་སྤྱིའི་རྣོ་ངར་ཅན་གྱི་གནད་དོན་ལ་ལན་སྟེར་བ། བདེ་སྐྱིད་ཀྱི་འཛམ་གླིང་ཞིག་འཛུག་སྐུན་བྱེད་པ། 
  ཞིས་ཅིན་ཕིང་གིས་བཤད་དོན་མཛའ་འབྲེལ་ནི་བྱ་བ་ཆེན་པོ་ཞིག་ཡིན་པ།  ཨ་རི་དང་ཀྲུང་གོའི་མི་དམངས་ཀྱི་སེམས་པ་གཅིག་ཏུ་འབྲེལ་ཡོད་པའི་ཟོལ་མེད་བརྩེ་དུངས་དེས་ང་ལ་ཀྲུང་ཨ་གཉིས་ཀྱི་འབྲེལ་བའི་ཐོག་ཡིད་ཆེས་ཆེན་པོ་ཡོད་པ། མཉམ་ལས་གཉིས་ཕན་ནི་ཀྲུང་ཨའི་འབྲེལ་བའི་ཐོག་ཡང་དག་པའི་གདམ་ཁ་གཅིག་པུ་ཡིན་པ། ང་ཚོས་མཉམ་དུ་ཨ་རི་དང་ཀྲུང་གོའི་འབྲེལ་བའི་ལེ་ཚན་གསར་པ་ཞིག་འབྲི་དགོས།
  ཨོ་བྷ་མས་དང་ཐོག ཁྱོད་བདེ་མོ་ཞེས་ཞིས་ཅིན་ཕིང་དང་ཕེང་ལི་ཡོན་ཁྱོ་ཤུག་ལ་འཚམས་འདྲི་བྱས་པ། ཞིས་ཅིང་ཕིན་ཁྱོ་ཤུག་གཉིས་ཨ་རེར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ། ཨོ་བྷ་མ་ཡི་བཤད་རྒྱུར། ཀྲུང་ཨ་གཉིས་ཀྱི་འབྲེལ་བ་ནི་ཆུ་ཕུགས་ཟབ་ལ་འབབ་ཐག་རིང་བ། ཞིས་ཅིན་ཕིང་ཀྲུའུ་ཞི། ད་ཐེངས་ཨ་རིར་འཚམས་འདྲིར་བསྐྱོད་པ་དེ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་འབྲེལ་གྱི་གལ་ཆེན་བདེན་དཔང་ཡིན་པ།  དེས་འཛམ་གླིང་ཚོང་དོན་འཕེལ་རྒྱས་དང་འཛམ་གླིང་གནམ་གཤིས་འཕོ་འགྱུར་ལ་སོགས་པའི་གནད་དོན་ཐག་གཅོད་ཐོག་ཕན་ཐོགས་ཆེན་པོ་ཡོད།  ཀྲུང་གོ་དང་ཨ་རི་གཉིས་ཀྱི་སེམས་མཐུན་ཤུགས་སྒྲིལ་གྱི་འཛམ་གླིང་འདི།  དེ་བས་བདེ་འཇགས་དང་གོང་འཕེལ་ཡོང་བར་བྱེད་དགོས།

  ཁ་བྱང་ཕྱི་མོ། ཞིས་ཅིན་ཕིང་ཨ་རིའི་སྲིད་འཛིན་གྱིས་ཕོ་བྲང་དཀར་པོར་འཚོགས་པའི་ཕེབས་བསུའི་མཛད་སྒོར་ཞུགས་པ།
(རྩོམ་འགན་པ། བསྟན་འཛིན།)
 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070