སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
པཎ་ཆེན་མཆོག་གིས་གཞོན་ནུ་རྣམས་ལ་བསྩལ་བའི་གཏམ།
སྤེལ་དུས། 2015-11-23   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན།

  ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ ༡༡ པའི་ཚེས ༢༢ ཉིན་པེ་ཅིང་དུ་གངས་སྐྱ་ལྷབ་ལྷུབ་ཏུ་བབས་ཤིང་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་པེ་ཅིང་གི་གཟིམ་ཤག་ཏུ་ངེད་གསར་འགྱུར་དྲ་བའི་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་བ་དང་། གསར་འགོད་པར་མཇལ་དར་དང་རྡོ་རྗེ་མདུད་པའི་མཇལ་མདུད་ཀྱི་ཕྱག་རྟེན་གནང། 

  པཎ་ཆེན་མཆོག་གིས་གསར་འགོད་པར་བརྗོད་རྒྱུར། མ་གཞི་ཁོང་ཉིད"དགུ་བཅུའི་རྗེས"ཀྱི་གཞོན་ནུ་བྱིངས་དང་འཚར་ལོངས་ཀྱི་ཁོར་ཡུག་ཅུང་མི་འདྲ་རུང་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་ཚང་མ་ཞི་བདེ་དང་བདེ་སྐྱིད་ཀྱི་དུས་རབས་དུ་མཉམ་དུ་འཚོ་བར་རོལ་བཞིན་ཡོད། འདི་ནི་ཆེས་ཞི་བདེ་དང་བརྟན་ལྷིང་། གྲ་རྒྱས་ངང་འཕེལ་རྒྱས་སུ་འགྲོ་བཞིན་པའི་དུས་སྐབས་ཤིག་ཡིན་ཞིང་། དེར་བརྟེན"དགུ་བཅུའི་རྗེས"ཀྱི་གཞོན་ནུ་རྣམས་ལ་གསར་གཏོད་དང་། གསར་སྤེལ། ཡར་ཐོན་གྱི་སྙིང་སྟོབས་ལྡན་ཡོད། འདི་ནི་སྐུལ་སྤེལ་གཏོང་འོས་པའི་གནས་ཤིག་ལགས་ན། དེ་བས་ཧུར་བརྩོན་ཆེན་པོས་རྒྱལ་ཁབ་ཀྱི་དོན་དུ་ལེགས་སྐྱེས་འབུལ་དགོས།

  པཎ་ཆེན་མཆོག་གིས་བརྗོད་པར། ཉེ་བའི་ལོའི་ནང་དུ་ཁྱོན་བསྡོམས་དད་ལྡན་མང་ཚོགས་ས་ཡ་གཅིག་དང་འབུམ་ལྔ་ལ་ཕྱག་དབང་གནང་ཞིང་བསྔོ་སྨོན་བཏོན། ཁོང་གིས་བཞེད་དགོངས་ལྟར་ན། བོད་རྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཉ་མོ་ཆུ་གནས་ཀྱི་ཚུལ་དུ་ཞི་མཐུན་མཉམ་གནས་དང་། དེ་བས་ཆེས་གལ་ཆེ་བ་ཞིག་ནི་བོད་རྒྱུད་ནང་བསྟན་གྱི་ཕྱོགས་ཁག་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་སྤྱོད་ལམ་སྐྱོང་དགོས། རྒྱལ་ཁབ་ལ་དགའ་ཞེན་ཡོད་ཚེ་ཁྲིམས་ལུགས་ལ་སྲུང་བརྩི་བྱེད་དགོས། ཆོས་ལུགས་དགའ་ཞེན་ཡོད་དུས་སྡོམ་པ་སྲུང་དགོས། འདི་ནི་བོད་རྒྱུད་ནང་བསྟན་གྱི་དགོངས་པའི་སྙིང་པོ་དང་ཡོངས་སུ་མཐུན་པ་ཡིན་ལ་བོད་རྒྱུད་ནང་བསྟན་གྱི་ཡང་དག་པའི་འཕེལ་རྒྱས་ཀྱི་ལམ་བུ་དང་ཡང་མཐུན་པ་ཡིན། 

  བཅར་འདྲིའི་མཇུག་རྫོགས་མཚམས། པཎ་ཆེན་མཆོག་གིས་གནས་ཡུལ་དངོས་སུ་བཅར་བའི་གསར་འགོད་པར་མཇལ་དར་དང་རྡོ་རྗེ་མདུད་པའི་མཇལ་མདུད་ཕྱག་རྟེན་དུ་གནང་ཞིང་ལྷན་སྒྲོན་སྐུ་པར་བསྐྱོན། 
  ༡༩༩༥ ལོའི་ཟླ ༡༡ པའི་ཚེས ༢༩ ཉིན། པཎ་ཆེན་སྐུ་འཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་གྱི་གསེར་བུམ་དཀྲུག་པའི་ཆོ་ག་ལྷ་སའི་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་གཟབ་རྒྱས་ངང་ཚོགས་ཤིང་། དེ་དུས་དགུང་ལོ ༥ ཡིན་པའི་རྒྱལ་མཚན་ནོར་བུ་པཎ་ཆེན་སྐུ་འཕྲེང་བཅུ་པའི་ཡང་སྲིད་འཁྲུལ་མེད་ཡིན་པར་གཏན་འཁེལ་བྱས། ཀྲུང་དབྱང་སྲིད་གཞུང་ནས་ཆོག་མཆན་ཐོབ་པ་བརྒྱུད། ལོ་དེའི་ཟླ ༡༢ པའི་ཚེས ༨ ཉིན་གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོའི་དགོན་དུ་དངོས་སུ་ཁྲི་འདོན་གྱི་མཛད་སྒོ་ཚོགས།

  སྤྱི་ལོ ༢༠༡༥ ལོའི་ཟླ ༦ པའི་ཚེས ༡༠ ཉིན། ཀྲུའུ་ཞི་ཞིས་ཅིན་ཕིང་མཆོག་གིས་ཀྲུང་ནན་ཧའེ་རུ་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་དང་མཇལ་འཕྲད་གནང་སྟེ། ཁོང་ལ་སྙིང་རུས་ཆེན་པོས་སློབ་སྦྱོང་དང་། ཧུར་བརྩོན་ཆེན་པོས་ཉམས་ལེན། པཎ་ཆེན་བཅུ་པ་ཆེན་པོའི་ཐུགས་འདུན་དང་མཛད་འཕྲིན་གྱི་རྒྱུན་སྤེལ་ཏེ། ནང་པའི་སྐྱེ་དགུ་འདྲ་མཉམ་དང་ཐུགས་རྒྱུད་བྱམས་སྙིང་རྗེས་བརླན་དགོས་པའི་ལྟ་བ་རྒྱུན་སྐྱོང་བྱས་ཏེ་ཧུར་བརྩོན་ཆེན་པོས་བོད་རྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་བར་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས་ཞེས་པཎ་ཆེན་མཆོག་ལ་སྐུལ་འདེབས་གནང་ངོ་། །

པཎ་ཆེན་མཆོག་གིས་གསར་འགོད་པར་གནང་བའི་མཇལ་དར་དང་ཚེ་མདུད།

  ཁ་བྱང་ཕྱི་མོ། པཎ་ཆེན་མཆོག་གིས་གཞོན་ནུ་རྣམས་ལ་བསྩལ་བའི་གཏམ།
(རྩོམ་འགན་པ། དབང་འདུས།)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070