སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
པཎ་ཆེན་མཆོག་གི་སྐུ་པར་བདམས་བཀོད།
སྤེལ་དུས། 2015-11-26   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ།
༡༩༩༥ ལོའི་ཟླ ༡༢ པའི་ཚེས ༨ ཉིན། གངས་ལྗོངས་ས་མཐོར་ཉི་ཟེར་གྱི་འཛུམ་བརྒྱ་ལྷུག་པོར་གྲོལ་ཡོད་ལ། གཙང་གི་ཆོས་སྡེ་ཆེན་མོ་བཀྲ་ཤིས་ལྷུན་དགོན་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་པ་གསེར་ཁྲིར་མངལ་གསོལ་བའི་མཛད་སྒོ་གཟབ་རྒྱས་ངང་བསྡུས་བརྒྱུད། བོད་ལྗོངས་ནག་ཆུ་ནས་སྐུ་བལྟམས་པའི་ཡང་སྲིད་འདི་ཉིད་དངོས་སུ་གསེར་ཁྲིར་འཁོད་དེ་སངས་རྒྱས་བསྟན་པ་འཛིན་སྐྱོང་གི་མཛད་འཕྲིན་བསྐྱང་འགོ་བརྩམས་པ་ཡིན་ལ།   རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁོང་ལ་གསེར་ཐམ་དང་གསེར་བྱང་བསྩལ་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅང་ཙེ་མིན་གྱིས་ཆེད་དུ་གསེར་ཡིག་གི་ཕྱག་བྲིས་གནང་འདུག 

དུས་ཀྱི་འཁོར་རྒྱུན་དང་བསྟུན་སྐད་ཅིག་ཙམ་རིང་ལོ་ངོ༢༠འདས་ཡོད་ཅིང་།  ལོ་ངོ་༢༠ཡི་རིང་། དུས་བཞི་དབྱེར་མེད་དང་ཉིན་ཞག་འདས་གྲངས་ཤིག་གི་ཡུན་དུ་ཐོས་བསམ་ཉམས་ལེན་མཛད་པ་དང་། ལོ་ངོ༢༠ཡི་རིང་། མེས་རྒྱལ་གྱི་རི་ཆུ་ཡུལ་ལུང་ཀུན་ལ་ཞབས་སོར་པདྨོ་འཁོར་ཡོད་ལ།  ལོ་ངོ༢༠ཡི་རིང་། དཀའ་སྤྱད་འབད་བརྩོན་བརྒྱུད། ཁོང་ནས་རྨང་གཞིའི་ཤེས་བྱ་དང་ཆོས་ལུགས་གསུང་རབལ་་བསླབ་པ་སློབ་གཉེར་མཛད་ངོར། ཤེས་བ་དང་འཚོ་བའི་ཉམས་མྱོང་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གྱུར་ཡོད་པས། ་ཀུན་གྱིས་གོང་བཀུར་ཡི་རངས་བྱ་ཡུལ་མི་རབས་གསར་པའི་སྤྲུལ་སྐུ་འདི་ཉིད་བདེ་ཐང་ངང་འཚར་ལོངས་འབྱུང་སྒང་རེད་དོ།

ལོ་ངོ༢༠རིང་གི་འཚར་ལོངས་ཀྱི་གོ་རིམ་ལ་ཕྱིར་དྲན་བྱས་ཚེ།དྲ་གྲོགས་གང་གིས། པཎ་ཆེན་མཆོག་ནི་དོན་དང་མཐུན་པའི“༩༠རྗེས”ཀྱི་ན་གཞོན་རྩེ་གྲས་དེ་ཉིད་ལགས་ཞེས་བརྗོད་བྱུང་། 
༡༩༩༥ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐུ་ཚབ།  རྒྱལ་སྲིད་ཨུ་ཡོན་ལི་ཐེ་ཡིང་གི་གཟིགས་སྐྱོང་འོག་པཎ་ཆེན་མཆོག་གསེར་ཁྲིར་མངའ་གསོལ་བ།
གསེར་བུམ་དཀྲུགས་རྗེས།  པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་རྒྱལ་མཚན་ནོར་བུ་མཆོག་གི་སྐྲ་ཕུད་གཅོད་བཞིན་པ། 
༡༩༩༦ལོའི་ཟླ༡པོའི་ཚེས༡༢ཉིན།  ཀྲུའུ་ཞི་ཅང་ཙེ་མིན་གྱིས་ཀྲུང་ནན་ཧེ་ནས་པཎ་ཆེན་མཆོག་དང་བཀྲ་ཤིས་ལྷུན་དགོན་གྱི་དྲིན་ཞུ་ཚོགས་པར་མཇལ་འཕྲད་གནང་ཞིང་།  པཎ་ཆེན་མཆོག་ནས་ཀྲུའུ་ཞི་ཅང་ཙེ་མིན་ལ་་བཀྲ་ཤིས་སྙན་དར་སྒྲོན་པ། 
༡༩༩༨ལོའི་ཟླ༦པར། ཡོངས་འཛིན་འཇམ་དབྱངས་རྒྱ་མཚོ་མཆོག་གིས་ནུབ་ཀྱི་ལྷ་ཁང་སེར་པོ་ནས་ པཎ་ཆེན་མཆོག་ལ་ཐེངས་དང་པོར་གསང་སྔགས་ཀྱི་ཚེ་དབང་གནང་པ།
༢༠༠༤ལོའི་ཟླ༩པའི་ཚེས༢༣ཉིན་གྱི་སྔ་དྲོར། པཎ་ཆེན་མཆོག་ནས་སློབ་གཉེར་གནང་བཞིན་པ།
༢༠༠༥ལོའི་ཟླ༢པའི་ཚེས༣ཉིན། ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་མི་དམངས་ཚོགས་ཁང་ཆེན་མོ་ནས་པཎ་ཆེན་མཆོག་དང་མཇལ་འཕྲད་གནང་པ།
༢༠༠༨ལོའི་ཟླ༥པའི་ཚེས༢༡ཉིན། པཎ་ཆེན་རིན་པོ་ཆེ་མཆོག་གིས་པེ་ཅིང་དགའ་ལྡན་བྱིན་ཆགས་གླིང་ནས་སི་ཁྲོན་ཝུན་ཁྲོན་ས་ཡོམ་ཆེན་མོའི་ཁྲོད་ཀྱི་ཚེ་འདས་རྣམས་ལ་བསྔོ་སྨོནགསུངས་ཤིང་སྐྱབས་འཇུག་ཞུ་བཞིན་པ། 
༢༠༠༩ལོའི་ཟླ༧པའི་ཚེས༢༥ཉིན།  པཎ་ཆེན་མཆོག་གཞིས་རྩེའི་བཀྲ་ཤིས་ལྷུན་དགོན་དུ་དགེ་སློང་གི་སྡོམ་བཞེས་མཛད་སྒོར་ཞུགས་པ། 
༢༠༡༠ལོའི་ཟླ༧པའི་ཚེས༤ཉིན། པཎ་ཆེན་མཆོག་གིས་སྡེ་དྲུག་སྐུ་ཕྲེང་ལྔ་པའི་ཡང་སྲིད་ཀྱི་སྐྲ་ཕུད་གཅོད་བཞིན་པའི་ཚུལ། 
སེམས་ཁམས་སྐྱིད་པའི་སྐད་ཅིག
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070