སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
པཎ་ཆེན་སྐུ་ཕྲེང་བཅུ་བས་ནོར་གནག་མེད་ན་བོད་མི་རིཊ་ཀྱང་ཡོད་མི་སྲིད་ཅེས་གསུངས་མྱོང་།
སྤེལ་དུས། 2015-12-04   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བློ་ཕུན།
  པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཟུར་པ་དང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་ཟུར་པ་གཅིག་ལྕོགས་སྐལ་བཟང་ཚེ་རིང་སོགས་ཀྱིས་པཎ་ཆེན་དང་ལྷན་དུ་ལྷ་སའི་གཡག་རྟེན་མཛོད་གླིང་དུ་གཟིགས་སྐོར་ལ་ཕེབས་པ་རེད། 
པཎ་ཆེན་མཆོག་གིས་གཡག་རྟེན་མཛོད་གླིང་གི་འགན་འཛིན་ཝུའུ་ཡུས་ཁྲུའུ(གཡོན)ཡིས་རྟེན་རྫས་ཁང་གི་སྐོར་ལ་འགྲེལ་བཤད་བསྐྱོན་པར་གསན་འཇོག་མཛད། 
པཎ་ཆེན་མཆོག་གཡག་རྟེན་མཛོད་གླིང་དུ་གཟིགས་སྐོར་ལ་ཕེབས་པ།

  ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ལྷ་སར་ཆོས་ལུགས་དང་སྤྱི་ཚོགས་ཀྱི་མཛད་སྒོ་རབ་དང་རིམ་པར་དབུ་ཞུགས་མཛད་ཅིང་འཆར་ཅན་མཛད་རིམ་ཁྲོད་ལྷ་སའི་གཡག་རྟེན་མཛོད་ཁང་དུ་གཟིགས་སྐོར་ལ་ཕེབས་པ་རེད། རྟེན་མཛོད་གླིང་གི་འགན་འཛིན་ཝུའུ་ཡུས་ཁྲུའུ་ཡིས་པཎ་ཆེན་མཆོག་ལ་ཕེབས་རོགས་ཞུས་པ་དང་རྟེན་མཛོད་གླིང་བཞེངས་དགོས་པའི་རྒྱུ་རྐྱེན་རྟེན་འབྲེལ་དང་འཛུགས་སྐྲུན་གྱི་གནས་ཚུལ་སྐོར་ནས་པཎ་ཆེན་མཆོག་ལ་འགྲེལ་བཤད་བསྐྱོན། 

  ཝུའུ་ཡུས་ཁྲུའུ་ཡིས་ངོ་སྤྲོད་གནང་བར། པཎ་ཆེན་བཅུ་པ་ཆེན་པོས་གསུང་མྱོང་བར། "ནོར་གནག་མེད་སོང་ན་བོད་མི་རིགས་ཀྱང་ཡོད་མི་སྲིད། ཇི་ལྟ་བོད་རིགས་ཡོད་པའི་ས་ཆར་ནོར་གནག་ཀྱང་ངེས་པར་དུ་ཡོད་སྲིད།" ནོར་གནག་དང་མཚོ་བོད་མཐོ་སྒང་ཐོག་འཚོ་གནས་བྱེད་པའི་བོད་རིགས་མི་དམངས་ཀྱི་འཚོ་བའི་བར་འབྲེལ་བ་དམ་ཟབ་ཡོད་ཅིང་འཆི་གསོན་མཉམ་གནས་རེད་ཅེས་བརྗོད་ཆོག གཡག་རྟེན་མཛོད་གླིང་གིས"ནོར་གྱི་སྙིང་སྟོབས"ཏེ་གཤིས་འཇལ་ཟོལ་མེད། ལྷག་བསམ་རྣམ་དག སྙིང་རྗེ་ཆེན་པོ། བློ་བརྟན་ཞུམ་མེད། དཔའ་ངར་ཆེར་བསྐྱེད། མཐའ་དག་ལེགས་སྐྱེས་ཀྱི་འདུ་ཤེས་དེ་རྟེན་མཛོད་གླིང་འཛུགས་སྐྲུན་བྱེད་པའི་ཉིང་དགོངས་སུ་བརྩིས་ཏེ། ནོར་གནག་གི་མཚམས་སྦྱོར་ལས་འོ་ཆུ་མཉམ་འདྲེས་ཀྱི་བོད་ཀྱི་སྲོལ་རྒྱུན་དམངས་སྲོལ་རིག་གནས་དང་ལོ་རྒྱུས་རིག་གནས་དྲིལ་སྒྲོག་བྱེད་བཞིན་ཡོད་ཅེས་བརྗོད།

པཎ་ཆེན་ཨེར་ཏེ་ནིས་ནན་ཏན་ངང་ངོ་སྤྲོད་ལ་གསན་འཇོག་མཛད་ཅིང་དུས་མཚུངས་དོགས་པ་དང་ཐེ་ཚོམ་ཡོད་རིགས་ལ་དྲི་ཚིག་ཀྱང་འཕེན། ཞོར་དུ་རྟེན་མཛོད་ཁང་ལ་དྲན་རྟེན་མཚན་འགོད་གནང་བ་རེད། 

  གཡག་རྟེན་མཛོད་ཁང་ནི་ལྷ་སའི་སྣེའུ་གྲོང་ཁུལ་གསར་པའི་ནང་དུ་གནས་ཡོད་པ་དང་། ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་དང་ལུས་རྩལ་ལྟེ་གནས་དང་འདབས་འབྲེལ་དུ་ཆགས། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་བྱེ་བ ༨ ལྷག་ཡོད་པ་རེད། རྟེན་མཛོད་ཁང་གི་ནང་ལོགས་དེར། གཡག་གི་དྲིན་ཚོར་བ་དང་། གཡག་གི་གསང་བ་འཚོལ་བ གཡག་དང་མཉམ་དུ་འགྲོག་པ། གཡག་གི་མཛེས་སྡུག་ཚོར་བ་བཅས་རྟེན་ཁང་ཁག་བཞིར་དབྱེ་ཡོད། དེ་དག་ཀྱང་རང་བྱུང་དང་ཚན་རིག་གི་ནོར་གནག ལོ་རྒྱུས་དང་མི་ཚུལ་གྱི་ནོར་གནག འཆར་ཡན་དང་སྒྱུ་རྩལ་གྱི་ནོར་གནག་སོགས་ལེ་ཚན་གསུམ་དུ་དགར་འདུག དེ་ལས་ནོར་གནག་གི་འབྱུང་ཁུངས་དང་འདུལ་གསོའི་བརྒྱུད་རིམ་ཕྲ་ཞིབ་ངོ་སྤྲོད་བྱས་ཡོདཅིང་། ནོར་གནག་དང་བོད་རིགས་མི་དམངས་ཀྱིས་ཐུན་མོང་ཐོག་གཏོད་པའི་བོད་ཀྱི་རིག་གནས་དང་སྒྱུ་རྩལ་བརྩམས་ཆོས་ཁྲོད། ནོར་གནག་གི་རིག་གནས་མཚམས་སྦྱོར་བྱས་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070