སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལོ་གཞོན་བླ་སྤྲུལ་པཎ་ཆེན་མཆོག་གི་གཟི་ཉམས།
སྤེལ་དུས། 2015-12-08   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ།
ངོ་མཚར་ཆེ་བའི་ཡང་སྲིད་འཚོལ་རིམ། 
  ༡༩༨༩ལོའི༥པའི་ཚེས༡༤ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཚོལ་བའི་ལས་ཀའི་འགོ་ཁྲིད་ཚོགས་ཆུང་འཛུགས་པར་ཆོག་མཆན་ཐོབ་པ་དང་།མཚོ་ལ་བརྟག་པ་དང་འཚོལ་ཞིབ་ཀྱི་ལས་རིམ་མང་པོ་བརྒྱུད་མཐར་བོད་ལྗོངས་ནག་ཆུ་ས་ཁུལ་ལྷ་རི་རྫོང་གི་འཇོན་ནུས་གཞན་དང་མི་མཐུན་པའི་བུ་ཆུང་རྒྱལ་མཚན་ནོར་བུ་རྙེད་པ་རེད།
གསེར་བུམ་དཀྲུག་འདོན་དང་གསེར་ཁྲིར་མངའ་གསོལ། 
  ༡༩༩༥ལོའི་ཟླ༡༡པའི་ཚེས༢༩ཉིན། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བའི་ཡང་སྲིད་ངོས་འཛིན་དང་གསེར་བུམ་དཀྲུག་འདོན་གྱི་མཛད་སྒོ་དེ་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཡིད་བཞིན་ནོར་བུའི་སྐུ་མདུན་དུ། བོད་བརྒྱུད་ནང་བསྟན་གྱི་ཆོ་ག་ཕྱག་ལེན་ནན་མོ་བརྒྱུད་བསྡུས། ཟླ༡༢པའི་ཚེས༨ཉིན།  ཆོས་ཀྱི་འདོན་དབྱངས་སྙན་མོའི་ཁྲོད།  སྐུ་འཁོར་གྱིས་པཎ་ཆེན་མཆོག་པང་ཏུ་བཀྱགས་ཤིང་།  གཞོགས་སུ་ཡོད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐུ་ཚབ་ལི་ཐེན་ཡུན་གྱི་སྐྱོར་རོགས་འོག་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་མཆོག་དངོས་སུ་གསེར་ཁྲིར་འཁོད་པ་རེད།
སློབ་གཉེར་ལ་འབད་བརྩོན་བྱས་ཚུལ།
  གསེར་ཁྲིར་གསོལ་རྗེས། པཎ་ཆེན་མཆོག་བཞུགས་སྒར་བཀྲ་ཤིས་ལྷུན་པོར་ཞབས་སོར་འཁོད་ཅིང་། སྐྱེས་ཆེན་དམ་པ་དང་ཡོངས་འཛིན་རྣམས་ཀྱིས་ཁོང་ལ་ཆེད་དུ་ཆོས་གཞུང་གི་སློབ་གཞི་གཏན་འཁེལ་གནང་པ་རེད། སློབ་མའི་དུས་སུ། པཎ་ཆེན་མཆོག་ཉིན་རེའི་ཞོགས་པ་ཆུ་ཚོད་དྲུག་དང་ཕྱེད་ཀའི་སྟེང་ཡར་བཞེངས་ཏེ་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་ཆོས་འདོན་གྱི་ཡོད་ཅིང་། སྔ་དྲོར་ཆོས་གཞུང་དང་འདོན་པར་བརྩོན་གྱི་ཡོད་ལ།   ཕྱི་དྲོ་དང་དགོང་མོར་དེང་རབས་ཚན་རིག་རིག་གནས་ཀྱི་ཤེས་བྱར་སློབ་སྦྱོང་བྱས་ནས་ཉིན་རེར་བཀོད་སྒྲིག་ཚགས་ཆུད་གནང་ཡོད། 
གྲོགས་པོ་དང་མཉམ་དུ་དཔེ་དབྱིབས་ལ་རྩེད་པ། 
དགེ་རྒན་ལ་བཀུར་ཞིང་ཕ་མར་གཅེས་པ།
  ཆུང་དུས་ནས་རང་ཁྱིམ་དང་བྲལ་ཏེ་དགོན་པར་འཚོ་བ་རོལ་བའི་པཎ་ཆེན་མཆོག་གི་སྐུ་ལུས་སུ་བླ་མ་དམ་པའི་བྱམས་བརྩེ་ཡིས་ཁེངས་ཡོད་པ་དང་། གཞོན་ནུ་ཕལ་བའི་ལྷད་མེད་ངང་རྒྱུད་ཀྱིས་ཀྱང་ཕྱུག་ཡོད་པ་རེད།  ཐེངས་ཤིག་བཅར་འདྲི་དང་ལེན་བྱེད་སྐབས་མདོ་འཛིན་པ་ཀྲང་ཆོན་ལེན་གྱིས་ཁོང་ལ། "ཁྱེད་ཀྱི་སེམས་ནང་ཁོ་ནི་ཁྱེད་ཀྱི་ཨ་ཕ་ཡིན་ནམ་དད་ལྡན་པ་ཡིན"ཞེས་དྲིས་པར། པཎ་ཆེན་རིན་པོ་ཆེས་འཕྲལ་དུ"དེ་ནི་ངའི་ཨ་ཕ་ཡིན་ཐག་ཆོད་རེད། གལ་ཏེ་ཕ་མ་མེད་ཚེ་ང་རང་སྐྱེས་མི་སྲིད་པ་དང་། འདིས་ནི་ཕ་མའི་བཀའ་དྲིན་བརྗེད་མི་རུང་སྟེ། གལ་ཏེ་ཕ་མའི་བཀའ་དྲིན་བརྗེད་པ་ཡིན་ན། དེ་ནི་མི་གཤིས་དང་མཐུན་ཐབས་ཡོད་པ་མ་རེད"ཅེས་གསུངས།   པཎ་ཆེན་དང་ཁོང་གི་ཡོངས་འཛིན་འཇམ་དབྱངས་རྒྱ་མཚོ་མཆོག(གཡས་ཀྱི་གཉིས་པ)།  ཡབ་བསོད་ནམས་གྲགས་པ(གཡོན་གྱི་དང་པོ)ཡུམ་སངས་རྒྱས་སྒྲོལ་མ་བཅས་ཀྱི་དྲན་རྟེན་སྐུ་པར། 
 
  ཤིན་ཧྭ་གསར་འགྱུར་ཁང་གི་རྒྱལ་སྤྱིའི་སྔོན་བྱོན་མཛུབ་སྟོན་ཚགས་པར་གྱིས《པཎ་ཆེན་གྱི་དབྱིན་ཡིག་གསུང་བཤད་ཀྱིས་རྒྱལ་ཁམས་ཧ་ལས་པར་གྱུར》ཞེས་པའི་ནང་དོན་སྤེལ་ཞིང་། བོད་ཀྱི་སེར་སྐྱ་མང་ཚོགས་ནས"བླ་ཆེན་གྱི་གཟི་ཉམས་ལྡན"ཞེས་བསྟོད་བསྔགས་གནང་གི་ཡོད་པ་རེད། ཁོང་གིས་གཟའ་འཁོར་གཅིག་ལ་མ་མཐར་ཡང་དབྱིན་ཡིག་སློབ་ཐུན་གཉིས་ཏེ། སློབ་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་སློབ་སྦྱོང་གནང་གི་ཡོད་པ་རེད།
རབས་གསུམ་གྱི་རྒྱལ་ཁབ་ཀྱི་གཙོ་འཛིན་དང་མཇལ་འཕྲད་གནང་བ། 
  ༢༠༡༥ལོའི་ཟླ༦པར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ༥༠འཁོར་པའི་སྔ་རོལ་དུ། ཞིས་ཅིན་ཕིང་གིས་ཀྲུང་ནན་ཧེ་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་མཇལ་འཕྲད་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པཎ་ཆེན་མཆོག་རེ་བ་གསུམ་བཏོན་པར།  པཎ་ཆེན་མཆོག་ནས་དེ་མུར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་སློབ་སྟོན་བློ་ལ་བརྟན་པོར་འཆང་རྒྱུ་ཡིན་ཞེས་བསྟན། 
  ལོ་བཅུའི་ཡར་སྔོན་གྱི༢༠༠༠ལོའི་ཟླ༢ པར། ཧུའུ་ཅིན་ཐའོ་ཡིས་མི་དམངས་ཚོགས་ཁང་ཆེན་མོ་ནས་དགུང་ལོ ༡༥ སོན་པའི་པཎ་ཆེན་དང་མཇལ་འཕྲད་གནང་ཞིང་།  སྐབས་དེའི་ལས་སྣེ་བས་ངོ་སྤྲོད་བྱས་པ་ལྟར་ན། དེ་ནས་ཅང་མ་འགོར་བར་པཎ་ཆེན་རིན་པོ་ཆེས་རང་ཉིད་གློག་ཀླད་སྟེང《ཇི་སྲིད་བར་དུ་བརྗེད་ཐབས་བྲལ་བའི་མཇལ་འཕྲད》ཅེས་པའི་རྩོམ་ཡིག་བྲིས་པར་བཤད། 

  ༡༩༩༦ ལོའི་ཟླ ༡ པོའི་ཚེས ༡༢ ཉིན། ཅང་ཙེ་མེན་གྱིས་ཀྲུང་ནན་ཧེ་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་བཀྲ་ཤིས་ལྷུན་དགོན་གྱི་དྲིན་ཞུ་ཚོགས་པར་མཇལ་འཕྲད་གནང་། ཁོང་གཉིས་ཕྱག་འཇུ་དམ་པོར་གནང་ཞིང་འབོལ་ཁྲིར་བཞུགས་རྗེད། ཕྱག་ཟུང་ཐལ་མོ་སྦྱར་ཏེ་ཁོང་གི་གསུངས་ལ་ནན་ཏན་གྱིས་གསན་པ་དང་། ལོ་དེར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུངལོ ༧ ལ་སླེབས་མ་ཐག་རེད་འདུག 
 
  སྙིང་རྗེ་ལྡན་ཞིང་བློ་རིག་བཀྲ་བ། ཁེངས་སྐྱུང་ལྡན་ཞིང་བློ་སེམས་དཀར་བ། མཁས་བའི་གཟི་ཉམས་འཕྲོ་བ་འདི་ནི་ལོ་གཞོན་བླ་སྤྲུལ་ཆེན་མོ་པཎ་ཆེན་མཆོག་ཡིན་ཏེ། ཁོང་གིས་རང་ཉིད་ཀྱི་གསུང་སྤྱོད་རེ་རེ་ལས་བླ་ཆེན་གྱི་བློ་གྲོས་དང་གཙོ་འཛིན་ཉམས་སྣང་ཀུན་ནས་མངོན་ཡོད་པ་རེད།

  ཁ་བྱང་ཕྱི་མོ། ལོ་གཞོན་བླ་སྤྲུལ་པཎ་ཆེན་མཆོག་གི་གཟི་ཉམས།
(རྩོམ་འགན་པ། དབང་འདུས།)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070