
2016ལོའི་ཟླ་5ཚེས་3ཉིན། ཧུའུ་པེ་ཞིང་ཆེན་པའོ་ཁང་རྫོང་ཤེ་མཱ་གྲོང་རྡལ་ལྟེ་བའི་སློབ་གྲྭར་སྐབས་དང་པོའི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་སྤེལ་བ་དང་། གྲོང་རྡལ་དེའི་ཨའུ་ཏན་སློབ་འབྲིང་དང་མཱ་ཆའོ་གྲོང་རྡལ་ལྟེ་བའི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རུ་ཁག་4འགྲན་བསྡུར་ལ་ཞུགས་རྒྱུར་གདན་དྲངས་ཡོད། སློབ་གྲྭའི་རྐང་རྩེད་སྤོ་ལོ་དེ་བས་ལེགས་པའི་ངང་འཕེལ་རྒྱས་གཏོང་ཆེད། ཤེ་མཱ་གྲོང་རྡལ་ལྟེ་བའི་སློབ་གྲྭས་རྫོང་དེ་ཡོངས་ཀྱི་གྲོང་གསེབ་སློབ་གྲྭའི་རྐང་རྩེད་སྤོ་ལོ་ཐང་ཐོག་མ་དེ་བསྐྲུན་པ་དང་། རྐང་རྩེད་སྤོ་ལོའི་སློབ་ཚན་དེ་རྒྱུན་གཏན་གྱི་སློབ་ཁྲིད་ནང་བཅུག་སྟེ་ཕྲུ་གུ་ཚོས་རྐང་རྩེད་སྤོ་ལོར་དགའ་པོ་བྱེད་ཚད་མཐོ་རུ་དང་ཁོང་ཚོའི་རྐང་རྩེད་སྤོ་ལོ་རྒྱག་རྩལ་ཡག་ཏུ་གཏོང་རྒྱུ་ཡིན་ཞིང་། འདི་ནི་དེ་ཉིན་ཧུའུ་པེ་ཞིང་ཆེན་པའོ་ཁང་རྫོང་ཤེ་མཱ་གྲོང་རྡལ་ལྟེ་བའི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་ཐང་དུ་སློབ་མ་ཚོས་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་བྱེད་པའི་གནས་ཚུལ་ཡིན་པ།
|