
ཉེ་བའི་ལོ་ཤས་རིང་། རྫོང་དེས“ཞིང་གསུམ”གྱི་གནམ་གཤིས་ཞབས་ཞུའི་དགོས་མཁོ་གནས་བབ་གལ་ཆེན་ཐོག་བཞག་ནས“གནམ་གཤིས་ཐད་གཏོང་རླངས་འཁོར”རྣམ་པའི་ཞབས་ཞུ་ཧུར་ཐག་བསྒྲུབས་ཡོད། 2014ལོ་ཚུན་དུ་རྫོང་དེའི་གནམ་གཤིས་སྡེ་ཚན་གྱིས་ཀྲུང་དབྱང་ནོར་སྲིད་ཀྱི“ཞིང་གསུམ”ཞབས་ཞུའི་ཆེད་སྤྱོད་མ་དངུལ་སྤྱད་དེ་རྫོང་ཡོངས་སུ་ཁྱབ་པའི་རང་འགུལ་གནམ་གཤིས་སྒྲིག་ཆས་15བཙུགས་པས་ཆར་ཆུ་འབབ་ཚད་དང་། དྲོད་ཚད། རླན་ཚད་སོགས་གནམ་གཤིས་ཀྱི་གྲངས་གཞི་གཙོ་བོ་དག་འཕྲལ་མར་རྫོང་གནམ་གཤིས་ལས་སྒོའི་ཕྱོགས་བསྡུས་ཐག་གཅོད་ལས་སྟེགས་སུ་སྐྱེལ་གྱི་ཡོད་ཅིང་། འདི་ནི་2016ལོའི་ཟླ་5ཚེས་3ཉིན་ཧྲན་ཏུང་ཞིང་ཆེན་ཝུའུ་ཏི་རྫོང་གནམ་གཤིས་ཅུས་ཀྱི་ལས་དོན་མི་སྣས་ཧའེ་ཕུང་ཁྲོམ་གཞུང་ཏ་ཆི་གྲོང་ཚོའི་རང་འགུལ་གནམ་གཤིས་སྒྲིག་ཆས་ཉམས་གསོ་བྱེད་པའི་གནས་ཚུལ་ཡིན་པ།
|