སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
​ ཚེས་4ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ“ཝ་རྔོན་བྱ་སྤྱོད”མུ་མཐུད་སྤེལ་འགོ་ཚུགས་པ།
སྤེལ་དུས། 2016-05-06   ཡོང་ཁུངས། 中国西藏新闻网   རྩོམ་སྒྲིག་པ།  

 སྤྱི་བདེ་པུའི་པུའུ་ཀྲང་གཞོན་པ“ཝ་རྔོན་བྱ་སྤྱོད”འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་མོང་ཆིང་ཕུང་གིས་ཚེས་4ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་2016ལོའི་ས་ཁོངས་ཕྱིར་བྲོས་འདེད་དངུལ་འདེད་ཀྱི“ཝ་རྔོན་བྱ་སྤྱོད”བཀོད་སྒྲིག་ཚོགས་འདུའི་ཐོག“ཕུང་གསོག་ཉུང་དུ་གཏོང་བ་དང་། འཕར་ཚད་ཚོད་འཛིན། བྲོས་འདེད་དངུལ་འདེད་གལ་ཆེ་མཉམ་འཛིན”བཅས་དམིགས་ཚད་དུ་བྱས་ནས་བྲོས་འདེད་དངུལ་འདེད་བྱ་ཡུལ་གཙོ་བོ་གསལ་པོ་བཟོས་ཏེ། ལོ་འདིའི་ནང་དཔལ་འབྱོར་ཉེས་གསོག་གི་གྱོད་གཞི་ཚབས་ཆེན་ཁག་གཅིག་དང་རུལ་སུངས་དང་འབྲེལ་བའི་གྱོད་གཞི་ཁག་གཅིག་གི་ས་ཁོངས་ཕྱིའི་བྲོས་བྱོལ་ཉེས་ཅན་བཟུང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

མོང་ཆིང་ཕུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་ལ་མཐོང་ཆེན་པོ་བྱེད་བཞིན་ཡོད་པས། ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ས་ཁོངས་ཕྱིའི་བྲོས་འདེད་དངུལ་འདེད་ལས་དོན་དེ་ཏང་སེམས་དམངས་སེམས་དང་རྒྱལ་ཁབ་ཀྱི་གཟུགས་བརྙན་དང་འབྲེལ་བ་ཡོད་པ་མ་ཟད། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པར་ངོས་འཛིན་གང་ལེགས་བྱས་ནས“ཝ་རྔོན་བྱ་སྤྱོད”དེ་སྤྱི་བདེ་ལས་ཁུངས་ཀྱི་ལྟེ་བའི་ལས་དོན་ནང་བཅུག་ནས་ས་ཁོངས་ཕྱིའི་བྲོས་འདེད་དངུལ་འདེད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།

རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲུང་དབྱང་སྒྲིག་ཨུད་རྒྱལ་སྤྱིའི་མཉམ་ལས་ཅུས་ཀྱི་ཅུས་ཀྲང་ལིའུ་ཅན་ཁྲའོ་ཡིས་ཀྲུང་དབྱང་རུལ་རྒོལ་མཐུན་སྦྱོར་ཚོགས་ཆུང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་གཞུང་ལས་ཁང་གི་ཚབ་ཞུས་ནས་སྤྱི་བདེ་ལས་ཁུངས་ཀྱི་ས་ཁོངས་ཕྱིའི་བྲོས་འདེད་དངུལ་འདེད་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་ཆབས་ཅིག “ཝ་རྔོན་བྱ་སྤྱོད”ནི“གནམ་རྒྱའི་བྱ་སྤྱོད”ཀྱི་གྲུབ་ཆ་གལ་ཆེན་དང་འདེགས་སྐྱོར་གལ་ཆེན་ཡིན་པས། “ཝ་རྔོན་གྱི་2015ལོའི”ཆེད་དམིགས་བྱ་སྤྱོད་ཀྱི་གྲུབ་འབྲས་སྔ་ན་མེད་པ་དང་། གཞི་ཁྱོན་སྔ་ན་མེད་པ། སྤེལ་ཤུགས་སྔ་ན་མེད་པ་ཞིག་རེད་ཅེས་བརྗོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ཟླ་4པ་ནས་ཟླ་12པའི་ཟླ་མཇུག་བར་སྤྱི་བདེ་པུས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་སུ“ཝ་རྔོན་གྱི་2015ལོའི”ཆེད་དམིགས་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་པར་ས་ཁོངས་ཕྱིའི་བྲོས་འདེད་དངུལ་འདེད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་རྒྱལ་ཁབ་དང་ས་ཁུལ་66ནས་རིགས་ཁག་གི་བྲོས་བྱོལ་མི་སྣ་857ལམ་ལྷོངས་ངང་བཟུང་བ་དང་བཟུང་བའི་མི་གྲངས་སླར་ཡང་ལོ་རྒྱུས་ཀྱི་གྲངས་འབོར་གསར་པ་བཏོད་པ་དང་ཆབས་ཅིག ཞིབ་དཔྱོད་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་གོ་གནས་ཉེས་གསོག་གི་ས་ཁོངས་ཕྱིའི་བྲོས་བྱོལ་ཉེས་ཅན་122བཟུང་རོགས་བྱས་པ་དང“ཉེས་ཅན་བརྒྱའི་དམར་མདོག་གི་འཛིན་བཟུང་བཀའ་རྒྱ”བཏང་བ་མི་18བཟུང་ཐུབ་པར་སྒོར་ཁྲི་སྟོང་ཡན་ཟིན་པ་མི་གྲངས་212དང་བྲོས་བྱོལ་ལོ་བཅུ་ཡན་བྱས་པ་39བཟུང་ཡོད་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070