སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲང་ཏི་ཅང་གིས་ཨུ་རུ་སིའི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་ན་ལོས་ཧྲི་ཅིན་དང་གྲོས་མོལ་མཛད།
སྤེལ་དུས། 2016-05-06   ཡོང་ཁུངས། qhtb.cn   རྩོམ་སྒྲིག་པ།  

张德江与俄罗斯国家杜马主席纳雷什金举行会谈 1.jpg

ཟླ་ལྔ་བའི་ཚེས་ལྔ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་ན་ལོས་ཧྲི་ཅིན་དང་གྲོས་མོལ་མཛད་པར་མ་ཟད། མཉམ་དུ་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པར་མགོ་འཛིན་མཛད།

张德江与俄罗斯国家杜马主席纳雷什金举行会谈 2.jpg

ཟླ་ལྔ་བའི་ཚེས་ལྔ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་ན་ལོས་ཧྲི་ཅིན་དང་གྲོས་མོལ་མཛད་པར་མ་ཟད། མཉམ་དུ་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པར་མགོ་འཛིན་མཛད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ལྔ་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་གྲོས་ཁང་ཞོལ་མའི་ཀྲུའུ་ཞི་ན་ལོས་ཧྲི་ཅིན་དང་གྲོས་མོལ་མཛད་པར་མ་ཟད། མཉམ་དུ་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པར་མགོ་འཛིན་མཛད།

ཕྱོགས་གཉིས་ཀྱིས་2015ལོའི་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་གྲོས་ཁང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་མཛད་པར་མ་ཟད། བརྗེ་རེས་ལམ་ལུགས་དེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་པ། མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་ཚུལ་བསྟན།

ཀྲང་ཏི་ཅང་གིས་གསུངས་རྒྱུར། དེང་སྐབས། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་གོ་རིམ་རྗེས་མར་མཉམ་ལས་གཙིགས་འཛིན་བྱེད་དགོས་པ་སྟེ། གཅིག་ནི་ཕན་ཚུན་ལ་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་བྱེད་པའི་རྩ་དོན་བཞི་ལྟར། ཆབ་སྲིད་ཐད་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས་པ་དང་། གཉིས་ནི་རྒྱུད་གཅིག་ལམ་གཅིག་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་བར་གྱི་འབྲེལ་འདྲིས་མཉམ་ལས་དགོས་མཁོ་ལྟར། ཁྲིམས་འཛུགས་དང་ལྟ་སྐུལ་མཉམ་ལས་ལ་ཤུགས་བསྣན་ཏེ། མཉམ་ལས་རྒྱ་བསྐྱེད་པར་ཁྲིམས་ལུགས་དང་སྲིད་ཇུས་ཀྱི་ཆ་རྐྱེན་སྔར་ལས་བཟང་བོ་བསྐྲུན་དགོས། གསུམ་ནི་མི་དམངས་བར་གྱི་འབྲེལ་འདྲིས་ཇེ་དམ་དུ་གཏོང་བ་དང་། མང་ཚོགས་ཀྱི་རེ་འདུན་ཡར་ཞུ་བྱེད་པའི་འབྲེལ་འདྲིས་ནུས་པ་འདོན་སྤེལ་བྱས་ནས། མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། མི་གཞུང་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། བཞི་ནི་སྣེ་མང་གྲོས་ཁང་སྤྱི་ཁོག་གི་མཉམ་ལས་ཇེ་དམ་དུ་བཏང་སྟེ། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་རྒྱལ་སྤྱིའི་ཞི་བདེ་དང་བརྟན་འཇགས་ལ་ཧུར་ཐག་སྒོས་སྲུང་སྐྱོབ་བྱེད་དགོས་ཟེར།

ན་ལོས་ཧྲི་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོ་གཉིས་བར་གྱི་མཛའ་མཐུན་མཉམ་ལས་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་བརྗེ་རེས་དང་མཉམ་ལས་དམ་པོ་བྱས་ནས་གྲུབ་འབྲས་ཐོབ། མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ལག་བསྟར་བཟང་བོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་འབྲེལ་འདྲིས་དང་མི་གཞུང་བརྗེ་རེས། སློབ་གསོ་མཉམ་ལས་བཅས་ལ་ཤུགས་སྣོན་དགོས་ཟེར།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070