སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
འབུམ་རམས་པའི་ཞབས་ཞུ་ཚོགས་པ་སྐོར་བཅུ་དྲུག་པའི་ཁོངས་མིའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།
སྤེལ་དུས། 2016-05-06   ཡོང་ཁུངས། qhtb.cn   རྩོམ་སྒྲིག་པ།  

ཟླ་ལྔ་བའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་འབུམ་རམས་པའི་ཞབས་ཞུ་ཚོགས་པ་སྐོར་བཅུ་དྲུག་པའི་ཁོངས་མིའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིས་མཚོ་སྔོན་དུ་ལས་འཁུར་སྦྱོང་བརྡར་དང་ཞབས་ཞུ་བྱེད་པའི་བྱ་བའི་གནས་ཚུལ་དང་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་བྱ་བའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧུའུ་ཁྲང་ཧྲིན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཧུའུ་ཁྲང་ཧྲིན་གྱིས་བསྟན་དོན། འབུམ་རམས་པའི་ཞབས་ཞུ་ཚོགས་པ་ནི་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ནུབ་རྒྱུད་ས་ཁུལ་ལ་ཁ་གཏད་པའི་རིག་སྟོབས་ཐད་ནས་རྒྱབ་སྐྱོར་བྱེད་པའི་ལས་གཞི་གལ་ཆེན་ཡིན་པ་དང་། ལོ་ངོ་བཅུ་ཕྲག་འགའི་ཚུན་དུ། མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག སྐོར་ཁག་བཅུ་དྲུག་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིས་མཚོ་སྔོན་ལ་ཞབས་འདེགས་ཞུ་བའི་ཕུགས་འདུན་བཅངས་ནས། དུས་ཡུན་ཅུང་ཐུང་ངུའི་ནང་གྲུབ་འབྲས་མི་དམན་པ་བླངས་པ་དེས་མི་ཡོངས་ལ་སེམས་འགུལ་ཐེབས་སུ་བཅུག་ཟེར།

ཧུའུ་ཁྲང་ཧྲིན་གྱིས་ནན་གྱིས་བསྟན་དོན། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིས་ཕྱོགས་དྲུག་ཐད་ནས་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་དགོས་ཏེ། གཅིག་ནི་ཏན་ཏན་ཏིག་ཏིག་གིས་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས། གཉིས་ནི་བརྩེ་སེམས་ཟབ་མོ་བཅངས་ནས་མཚོ་སྔོན་གྱི་བྱ་བ་བཟང་བོར་བསྒྲུབ་དགོས། གསུམ་ནི་ད་ཡོད་ཀྱི་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། འཇོན་ཐང་འདོན་སྤེལ་བྱེད་པ། འགན་འཁྲི་ཡོངས་འགྲུབ་བྱས་ནས། མཚོ་སྔོན་གྱི་ཆེས་སྒྲུབ་གལ་ཆེ་བའི་བྱ་བའི་སྟེང་ཤུགས་འདོན་དགོས། བཞི་ནི་མཐུན་སྒྲིལ་མཉམ་ལས་དང་ཐུན་མོང་གི་རིག་སྟོབས་ཕྱོགས་གཅིག་ཏུ་བསྒྲིལ་བའི་ཐད་ཤུགས་བསྣན་ནས། འབུམ་རམས་པའི་ཞབས་ཞུའི་གྲུབ་འབྲས་ཆེས་ཆེ་བར་གཏོང་དགོས། ལྔ་ནི་རོགས་སྐྱོར་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། སྣེ་ཁྲིད་དཔེ་སྟོན་བྱས་ཏེ། མཚོ་སྔོན་དུ་སྟོབས་དང་ལྡན་པའི་འབུམ་རམས་པའི་དཔུང་སྡེ་ཞིག་སྐྱེད་སྲིང་བྱེད་དགོས། དྲུག་ནི་མཚོ་སྔོན་དུ་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་སྐབས་སྒྲིག་ལམ་བརྩི་སྲུང་དང་སྤྱོད་ཚུལ་བཟང་བོ་བྱེད་པར་དོ་སྣང་བྱེད་དགོས་ཟེར།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070