སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“འཛམ་གླིང་གི་གྲོང་ཁྱེར་ཉིན་མོའི”ཀྲུང་གོའི་ཚོགས་ར་གཙོ་བོའི་བྱེད་སྒོ་ཞ་མོན་དུ་སྤེལ་འགོ་ཚུགས་པ།
སྤེལ་དུས། 2016-11-02   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  བདེ་སྐྱིད་ཀྱིས་བསྒྱུར།
          ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་31ཉིན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་། མཉམ་འབྲེལ་རྒྱལ་ཚོགས་མི་སྡོད་ཧྲུའུ། ཕུའུ་ཅན་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“2016ལོའི་འཛམ་གླིང་གི་གྲོང་ཁྱེར་ཉིན་མོའི”ཀྲུང་གོའི་ཚོགས་ར་གཙོ་བོའི་བྱེད་སྒོ་ཕུའུ་ཅན་ཞ་མོན་དུ་སྤེལ་འགོ་ཚུགས་ཤིང་། ཀྲུང་གོ་དང་། ཨ་རི། དབྱིན་ཇི་སོགས་རྒྱལ་ཁབ་དང་ས་ཁུལ་བཅུ་གྲངས་ཁ་ཤས་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་དཔོན་རིགས་དང་། རིགས་གཅིག་མཁས་ཅན། མཁས་དབང་བཅས་300ལྷག་ཙམ“2016ལོའི་འཛམ་གླིང་གི་གྲོང་ཁྱེར་ཉིན་མོའི་གླེང་སྟེགས”ལ་ཞུགས་པ་མ་ཟད། ཐུན་མོང་ཐོག《གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་སྐོར་གྱི་ཞ་མོན་གྱི་གྲོས་གཞིར》མིང་རྟགས་ཀྱང་བཀོད་པ་རེད།
          “འཛམ་གླིང་གི་གྲོང་ཁྱེར་ཉིན་མོ”ནི་ཀྲུང་གོས་གྲོས་འགོ་བཏོན་ནས་བཙུགས་པའི་རྒྱལ་སྤྱིའི་ཉིན་མོ་ཐོག་མ་དེ་ཡིན་ལ་གྲོང་ཁྱེར་བརྗོད་བྱ་གཙོ་བོར་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཉིན་མོ་ཐོག་མ་དེའང་ཡིན་པ་རེད། འགོ་ཚུགས་མཛད་སྒོའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་བཏང་གནང་བའི་ཤིས་ཚིག་གི་བརྙན་ལམ་བསྟན་ཞིང་། ཕན་ཅི་ཝུན་གྱིས“འཛམ་གླིང་གི་འཕེལ་རྒྱས་ནི་གྲོང་ཁྱེར་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད། གྲོང་ཁྱེར་ལ་འགྲིམ་འགྲུལ་འགག་པ་དང་། སྦགས་བཙོག དབུལ་པོ་སོགས་ཀྱི་གནད་དོན་འཕྲད་ཀྱི་ཡོད་མོད། འོན་ཀྱང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་འཕར་བ་སོགས་གཞི་རྟེན་གཙོ་བོ་གཅིག་ཏུ་བསྡུས་ཡོད། 《2030ལོ་བར་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་གྲོས་རིམ》དང《གྲོང་ཁྱེར་གསར་པའི་གྲོས་རིམ》ཚང་མའི་ནང་གྲོང་ཁྱེར་འཕེལ་རྒྱས་ལ་གཞོལ་ན་སྤྱི་ཚོགས་ཧྲིལ་པོ་ཡར་ཐོན་ལ་སྐུལ་འདེད་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། འཛམ་གླིང་གི་གྲོང་ཁྱེར་ཉིན་མོའི་སྐབས་འདིར་གྲོང་ཁྱེར་གྱི་གནད་དོན་ཐག་གཅོད་བྱེད་པའི་ང་ཚོའི་ཆོད་སེམས་བརྟན་དུ་བཏང་ནས་ཡུན་རིང་གི་ཐག་གཅོད་བྱེད་ཐབས་བཟོ་དགོས་ངེས་ཡིན་པ་དང་། གྲོང་ཁྱེར་འཛུགས་སྐྲུན་བདེ་བླག་བྱུང་བ་དེས་འཛམ་གླིང་གི་འཕོ་འགྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ངེས་རེད”ཅེས་གསུངས་པ་རེད།
          འདི་ལོའི“འཛམ་གླིང་གི་གྲོང་ཁྱེར་ཉིན་མོའི”བརྗོད་བྱ་གཙོ་བོ་ནི“ཐུན་མོང་ཐོག་གྲོང་ཁྱེར་བསྐྲུན་ནས་འཕེལ་རྒྱས་མཉམ་སྤྱོད་བྱེད”ཅེས་པ་དེ་ཡིན་པ་དང་ཚོགས་ཞུགས་སྐུ་མགྲོན་ཚོས་ཐུན་མོང་ཐོག《གྲོང་ཁྱེར་འཕེལ་རྒྱས་ཀྱི་ཞ་མོན་གྱི་གྲོས་གཞིར》མིང་རྟགས་བཀོད་པ་རེད། གྲོས་གཞིའི་ནང་གྲོང་ཁྱེར་འཕེལ་རྒྱས་གཏོང་བར་སྒོ་དབྱེ་ཁོང་ཡངས་ཀྱིས་ཕྱོགས་ཡོངས་ནས་མཉམ་ལས་བྱ་རྒྱུ་མཐའ་འཁྱོངས་དང་། ལྗང་མདོག་ཐཱན་ཉུང་གིས་སྣོད་བཅུད་ཤེས་དཔལ་གཏོད་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཡུན་རིང་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་བ་བྱེད་པ། ལོ་རྒྱུས་རྒྱུན་འཛིན་གྱིས་ཁྱད་ཆོས་སྣ་ཚོགས་ལྡན་པ་བྱེད་པ། སྟབས་བདེ་དོ་སྙོམས་ཀྱིས་སྡོད་རྒྱུར་འཚམ་པ་མཉམ་སྤྱོད་བྱེད་པ། རྨང་གཞིར་འདེགས་སྐྱོར་གྱིས་ཁ་གཏད་གཅོག་མཁས་པོ་བྱེད་པ། སྔོན་ཐོན་ལག་རྩལ་ལ་བརྟེན་ནས་རིག་སྟོབས་འཕེལ་རྒྱས་གཏོང་བ། མཉམ་སྐྲུན་མཉམ་སྤྱོད་ཀྱིས་ཐུན་མོང་ཐོག་བཅོས་སྐྱོང་དང་དོ་དམ་བྱེད་པ་སོགས་ཕྱོགས་བརྒྱད་ཚུད་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716