སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་གོའི་ཚོང་སྤྱོད་གནམ་གྲུ་ཀྲུའུ་ཧའེ་མཁའ་འགྲུལ་དངོས་མང་སྟོན་ཚོགས་སུ་འགྲེམས་སྟོན་བྱས་པ།
སྤེལ་དུས། 2016-11-03   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།    རྩོམ་སྒྲིག་པ།  ཆོས་སྒྲོན།

འདི་ནི་སྐབས་བཅུ་གཅིག་པའི་ཀྲུང་གོའི་མཁའ་འགྲུལ་སྟོན་ཚོགས་ལ་ཞུགས་པའི་སྐྱེལ་འདྲེན་གནམ་གྲུ་ཞིག་འཕུར་བཞིན་པ།
          ཟླ་11ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཚེས་1ཉིན་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་དངོས་མང་སྟོན་ཚོགས་ཀྲུའུ་ཧའེ་རུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་རྣམ་གྲངས་ལག་ལེན་བསྟན་མཁན་གཙོ་བོ་ཡིན་པའི་ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སིས་གཙོ་གཉེར་གྲས་ཡིན་པའི་མིང་ཐོག་ནས་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་ཀྱི་དངོས་མང་སྟོན་ཚོགས་ལ་ཐེངས་ལྔ་ཞུགས་ཤིང་། མིག་སྔར་ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སིསC919ཡི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཞིབ་བཟོ་དང་ཚོད་འཕུར་གྲ་སྒྲིག་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས་འདི་ལོའི་ལོ་སྨད་དམ་ཡང་ན་སང་ལོའི་ལོ་སྟོད་དུ་ཐོག་མར་འཕུར་ཐུབ་པ་བྱ་རྒྱུ་རེད།
          ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་C919ཡི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་སྤྱི་ཁྱབ་ཇུས་འགོད་པ་ཝུའུ་ཀོང་ཧུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་བཙུགས་ནས་རིགས་པས་ཁུངས་སྐྱེལ་དང་། ཆོག་འཐུས་རང་བཞིན་གྱི་རིགས་པས་ཁུངས་སྐྱེལ། སྔོན་དཔག་གི་འཕེལ་རྒྱས་བཅས་དུས་མཚམས་གསུམ་གྱི་ལས་དོན་ལེགས་གྲུབ་བྱུང་རྗེས། C919ཡི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་རྣམ་གྲངས་ཕྱོགས་ཡོངས་ནས་ལས་གྲྭའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་བསྒྱུར་རྒྱུ་རེད། 2015ལོའི་ཟླ་11ཚེས་2ཉིན་C919ཡི་གནམ་གྲུ་ཐོག་མར་སྒྲིག་སྦྱོར་བྱས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ཤིང་། རྣམ་གྲངས་ཀྱིས་མ་ལག་འདུས་གྲུབ་ཚོད་ལྟ་དང་། སོར་གནས་ཀྱི་ཤུགས་ཚད་ཚོད་ལྟ། གནམ་གྲུའི་ཐོག་གི་ཚོད་ལྟ། ཚོད་འཕུར་གྲ་སྒྲིག་སོགས་ལས་དོན་གཙོ་བོ་ཁག་གཅིག་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཁར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་བརྒྱུད་ཡོ་རོབ་མཁའ་འགྲུལ་བདེ་འཇགས་ཅུས་ལ་བཟོ་དབྱིབས་ཚད་ལོན་ལག་ཁྱེར་གྱི་རེ་འདུན་ཞུ་རྒྱུ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716