སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་གོའི་མ་འཇོག་ཁེ་ལས་ཨོ་སི་ཁྲུ་ལི་ཡའི་ཞིང་ལས་གསར་སྤེལ་ནང་ཞུགས་པ།
སྤེལ་དུས། 2016-11-07   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ཉི་དོན་གྱིས་བསྒྲུར།
          ཨོ་སི་ཁྲུ་ལི་ཡ་ཀྲོའུ་ནུབ་མའི་བྱང་རྒྱུད་ཀྱི་ཏུང་ཅིན་པོ་ལི་ས་ཁུལ་དུ་ཐན་དུས་དང་ཆར་དུས་ཀྱི་དབྱེ་བ་མངོན་གསལ་དོད་པོ་ཡོད། ཐན་དུས་སུ་ཆར་ཆུ་འབབ་ཉུང་རྐྱེན་ཞིང་ཆུ་འདྲེན་རྒྱུ་དེ་ས་གནས་དེ་གའི་ཞིང་ལས་འཕེལ་རྒྱས་ཀྱི་སྲོག་རྩ་ལྟ་བུ་ཞིག་ཏུ་གྱུར་ཡོད། ཨོ་སི་ཁྲུ་ལི་ཡ་མནའ་འབྲེལ་སྲིད་གཞུང་དང་ཨོ་སི་ཁྲུ་ལི་ཡ་ཀྲོའུ་ནུབ་མ་སྲིད་གཞུང་གིས་ཨོ་སྒོར་དུང་ཕྱུར་5(ཨ་སྒོར་དུང་ཕྱུར་3.8དང་ཧ་ལམ་མཚུངས)བཏང་སྟེ་འགྲོ་ལམ་དང་ཆུ་ཡུར་གཙོ་བོ་སོགས་གསར་སྐྲུན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ཁོང་ཚོའི་དམིགས་ཡུལ་ནི་KAIལ་དེས་གཉེར་སྐྱོང་བྱས་པའི་ས་ཞིང་སྤྱི་ཆིང་13400ཙམ་ཡོད་པའི་ཆུ་འདྲེན་ཞིང་ར་གཏོད་རྒྱུར་གཞོགས་འདེགས་བྱས་ནས་ས་ཁུལ་དེ“འབྲུ་མཛོད”ཅིག་ཏུ་སྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
          2011ལོར་ཧྲང་ཧའེ་ཀྲུང་ཕུའུ་ཚོགས་པས་ཨོ་སི་ཁྲུ་ལི་ཡའི་ཕོ་སིར་མ་རྩ་ཆ་ཚང་གི་ཀུང་སི་ཡན་ལག་སྟེ་KAIབཙུགས་པ་དང་། 2012ལོའི་ཟླ་11པར་KAIལ་ཨོ་སི་ཁྲུ་ལི་ཡ་ཀྲོའུ་ནུབ་མ་སྲིད་གཞུང་གིས་ཡོངས་བསྒྲགས་ངང་འོས་སྐུལ་འོས་དཔོད་བྱས་པའི་ས་ཞིང་འོས་ཐོབ་བྱུང་ནས་2013ལོར་ས་ཞིང་གཙང་བཤེར་དང་འཛུགས་སྐྲུན་ལས་དོན་སྒྲུབ་འགོ་བཙུགས། KAIལ་ད་ཆ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་1800ཡོད་པ་དེར་ལོ་ཏོག་གཙོ་བོ་འབྲས་དང་། མ་རྨོས་ལོ་ཏོག་སོགས་ཡོད་པ་དང་། སྔོན་དཔག་བྱས་ན། 2018ལོར་སླེབས་སྐབས་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་7400བར་ཆེ་རུ་འགྲོ་རྒྱུ་རེད།
          KAIཡིས་ལོ་རེར་ཨོ་སྒོར་1(ཨ་སྒོར་0.77དང་ཧ་ལམ་མཚུངས)གི་རིན་གོང་བཏང་ནས་ས་ཞིང་དེ་ལོ་50རིང་གི་བོགས་མའི་གན་རྒྱ་ཐོབ་པ་མ་ཟད། མ་དངུལ་ཨོ་སྒོར་དུང་ཕྱུར་6(ཨ་སྒོར་དུང་ཕྱུར་4.6དང་ཧ་ལམ་མཚུངས)བཏང་བ་དེ་དག་ས་ཞིང་བཅོས་སྒྲིག་དང་། ཆུ་ཡུར་གསར་སྤེལ། ལོ་ཏོག་འདེབས་འཛུགས། ལས་སྣོན་བཟོ་གྲྭ་འཛུགས་སྐྲུན། དེ་བཞིན་ལས་ཞུགས་ལས་གནས་མཁོ་འདོན་སོགས་ཀྱི་ཐད་ལ་གཏོང་རྒྱུའི་ཁས་ལེན་བྱས་པ་རེད།
          KAIཡི་གཞུང་ལས་སྒྲུབ་ཡུལ་གཙོ་བོ་དེ་ཁུ་ནུའོ་ནཱ་ལ་གྲོང་རྡལ་དུ་ཡོད་པ་དང་། ཀྲུང་གོའི་མ་འཇོག་ཁེ་ལས་ས་གནས་དེ་གར་སླེབས་པ་དང་བསྟུན་ནས་མི་གྲངས་7000ལས་མེད་པའི་ཨོ་སི་ཁྲུ་ལི་ཡ་ཀྲོའུ་ནུབ་མའི་བྱང་རྒྱུད་གྲོང་སྡེ་ཆུང་ངུ་དེར་རིམ་བཞིན་འགྱུར་ལྡོག་བྱུང་བའི་ནང་འགྱུར་ལྡོག་མངོན་གསལ་དོད་ཤོས་ནི་གྲོང་སྡེ་ཆུང་ངུའི་ཞིང་ལས་ལ་དམིགས་པའི་ཐོན་ལས་རབ་དང་རིམ་པར་སྐུལ་ཁྲིད་ནུས་ལྡན་བྱུང་བ་དེ་རེད།
          འདི་ལོའི་ཟླ་8པའི་ཟླ་སྟོད་དུ་ཨོ་སི་ཁྲུ་ལི་ཡའི་ཀྲོའུ་ནུབ་མའི་སྲིད་གཞུང་གིས་KAIལ་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་47.6ཟིན་པའི་ཁའར་ཏུན་རི་བོའི་འབྲོག་ར་དང་ཨའེ་ཕེན་ཧོ་འབྲོག་ར་ཉོ་སྒྲུབ་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་། གཏན་འབེབས་དེར་ཨོ་སི་ཁྲུ་ལི་ཡའི་སྨྱན་སྦྱོར་གཙོ་བོས་དོ་སྣང་བྱེད་ཀྱི་ཡོད་པ་མ་ཟད། ཁུ་ནུའོ་ནཱ་ལ་ཡང་སྐབས་ཤིག་རིང་མདོ་གནས་ཞིག་ཏུ་གྱུར་ཡོད།
          ཁུ་ནུའོ་ནཱ་ལར་ཡུལ་དེ་གའི་གྲོང་མིས་སྤྱིའི་མི་འབོར་གྱི་ཕྱེད་ཀ་ཟིན་པ་དང་། ལོ་རྒྱུས་ཀྱི་རྒྱུ་རྐྱེན་དབང་གིས་ས་གནས་དེ་གའི་གྲོང་མི་ཚོས་ཕྱི་ཕྱོགས་ཀྱི་མ་འཇོག་མཁན་ཚོར་ཧ་ཅང་གཟབ་ནན་བྱེད་ཀྱི་ཡོད། ས་གནས་དེ་གའི་སྤྱི་ཚོགས་དང་སྔར་བས་མཉམ་འདྲེས་ཐུབ་པ་བྱ་ཆེད། KAIཡིས་ས་གནས་དེ་གའི་གྲོང་མི་རང་འགུལ་ངང་གླས་ནས་ཁོང་ཚོར་ལས་ཐོག་གསོ་སྦྱོང་དང་ལས་རིགས་འཕེལ་རྒྱས་ཀྱི་གོ་སྐབས་མཁོ་འདོན་བྱས་པར་ས་གནས་དེ་གའི་གྲོང་མི་ཚོའི་ཁས་ལེན་ཡག་པོ་ཐོབ་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716