སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རང་རྒྱལ་གྱི་ཚོང་རྟཊ་ཐོ་འགོད་འདུན་ཞུ་བྱེད་ཚད་ལོ་14བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས།
སྤེལ་དུས། 2016-11-17   ཡོང་ཁུངས། མི་དམངས་དྲ་བ།   རྩོམ་སྒྲིག་པ།  རིན་ཆེན།
          ཉེ་དུས་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས(WIPO)དང་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས(SAIC)ཀྱིས་མཉམ་དུ་ཚོང་རྟགས་སྤུས་རྟགས་དང་མ་ཏེ་རི་རྒྱལ་སྤྱིའི་ཚོང་རྟགས་མ་ལག་བཙུགས་ནས་ལོ་125འཁོར་བའི་དྲན་གསོའི་བྱེད་སྒོ་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་གཉེར་བ་རེད། འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་དང་། ཀྲུང་གོ སི་ཕེན། འཇར་མན། ཨ་རི། རི་པིན་སོགས་རྒྱལ་ཁབ་དང་ས་ཁུལ་27དང་། རྒྱལ་སྤྱིའི་རྩ་འཛུགས་དང་སྲིད་གཞུང་མིན་པའི་རྩ་འཛུགས་ནས་ཕེབས་པའི་འཐུས་མི་40ཙམ་དང་། དེ་བཞིན་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་དང་། ཞིང་ཆེན(ཐད་སྐྱོང་གྲོང་ཁྱེར)ཁག་གཅིག་གི་བཟོ་ཚོང་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན། ཁེ་ལས་ལས་རིགས་ཀྱི་འཐུས་མི་སོགས་ཁྱོན་སྐུ་མགྲོན་200ཙམ་དྲན་གསོའི་བྱེད་སྒོར་ཕེབས་ཡོད་པ་རེད། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་མ་ཏེ་རི་མ་ལག་གིས་རྒྱལ་སྤྱིའི་སྤུས་རྟགས་འཕེལ་རྒྱས་དང་དཔལ་འབྱོར་འཕེལ་རྒྱས་ཐད་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་སྒྲོག་འགྲེལ་བྱེད་པ་དང་ཆབས་ཅིག་མ་ཏེ་རི་མ་ལག་ཀྲུང་གོར་ཁྱབ་གདལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། མིག་སྔའི་བར་མ་ཏེ་རི་མ་ལག་ནང་ཐོ་འགོད་བྱས་པའི་ཀྲུང་གོའི་ཚོང་རྟགས་21622ཟིན་པ་དང་། དེ་དག་འཛམ་གླིང་གི་དཔལ་འབྱོར་གར་སྟེགས་ཐོག་འཁྲུག་ཆ་དོད་ཤོས་ཀྱི་ཀྲུང་གོའི་གཞི་རྒྱུ་ཞིག་ཏུ་གྱུར་ཡོད་པ་རེད།
          རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་ཅུས་ཀྲང་ཀྲང་མའོ་ཡིས། ད་ཐེངས་ཀྱི་དྲན་གསོའི་བྱེད་སྒོར་རྟེན་འབྲེལ་ཞུ་ཡིག་སྤྲིངས་པ་དང་། ཁོང་གིས་རྟེན་འབྲེལ་ཞུ་ཡིག་ནང་འཁོད་དོན། མ་ཏེ་རི་ཚོང་རྟགས་ཀྱི་རྒྱལ་སྤྱིའི་ཐོ་འགོད་མ་ལག་ནང་རྒྱལ་ཁབ་114ཚུད་ཡོད་པ་དེ་དག་གིས་གོ་ལ་ཧྲིལ་པོའི་ཉོ་ཚོང་གི་80%ཙམ་བཟུང་བ་དང་། ཚོང་རྟགས་ཁྲི་125ཙམ་ལ་རྒྱལ་སྤྱིའི་སྲུང་སྐྱོང་ཐུབ་ཅིང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་ཚོང་དོན་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་ཆེན་པོ་ཕུལ་ནས་རྒྱལ་སྤྱིའི་དབར་ཚོང་རྟགས་ཐོ་འགོད་བྱེད་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། 1989ལོར་ཀྲུང་གོ་སྲིད་གཞུང་མ་ཏེ་རི་མ་ལག་ནང་ཞུགས་ཚུན། ཕྱི་རྒྱལ་གྱི་འདུན་ཞུ་བས་ཀྲུང་གོར་ཡོད་པའི་མ་ཏེ་རི་མ་ལག་ནང་འདུན་ཞུ་བྱེད་མཁན་ལོ་ལྟར་མ་ཏེ་རི་མནའ་འབྲེལ་ནང་ཨང་དང་པོར་སླེབས་པ་དང་དུས་མཚུངས་ཀྲུང་གོའི་འདུན་ཞུ་མཁན་གྱིས་བསྐྱལ་བའི་མ་ཏེ་རིའི་འདུན་ཞུ་ཡང་དུས་ཡུན་རིང་པོའི་ནང་མདུན་གྱི་ཨང་བཅུ་པར་སླེབས་ཀྱི་ཡོད། 2015ལོར་ཨང་དྲུག་པར་སླེབས་ཡོད། 2016ལོ་ནས་ད་བར་གནས་སྐབས་ཨང་ལྔ་པར་སླེབས་པ་དེ་ཐོག་ནས་མ་ཏེ་རི་མ་ལག་འདི་ཉིད་ཀྲུང་གོར་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བ་དང་གསོན་ཤུགས་ཀྱིས་ཁེངས་པ་མངོན་ཡོད། མིག་སྔར་ཀྲུང་གོའི་དཔལ་འབྱོར་འདི་ཉིད་ཕྱོགས་སྒྱུར་རིམ་སྤོར་གྱི་དུས་མཚམས་གསར་པར་སླེབས་ཤིང་། སྤུས་རྟགས་དཔལ་འབྱོར་གོང་འཕེལ་གཏོང་བ་དང་གསར་གཏོད་ཡར་སྐུལ་གྱི་འཐབ་ཇུས་ལག་ལེན་བསྟར་རྒྱུ་དེ་ཀྲུང་གོ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་དུ་གྱུར་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་མུ་མཐུད་སྤུས་རྟགས་རྨང་གཞིར་བྱས་ནས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཐོན་ཁུངས་བཀོད་སྒྲིག་དང་ཚོང་གཉེར་བྱེད་བཞིན་མཆིས། གནས་ཚུལ་དེ་ལྟ་བུའི་འོག་ཀྲུང་གོ་སྲིད་གཞུང་གིས་ཚོང་རྟགས་སྟབས་བདེར་འགྱུར་རྒྱུའི་སྒྱུར་བཅོས་ཟམ་མི་ཆད་པར་བྱས་ནས། ཞབས་འདེགས་གང་ཡག་ཞུ་བ་དང་དུས་མཚུངས་མ་ཏེ་རི་ཚོང་རྟགས་ཀྱི་རྒྱལ་ཁབ་ཐོ་འགོད་མ་ལག་སྤྱོད་ཚད་མང་དུ་འགྲོ་རྒྱུར་སྔར་བས་དོ་སྣང་བྱས་ནས་ཀྲུང་གོའི་སྤུས་རྟགས་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུར་སྐུལ་མ་བཏང་ཡོད། ད་ཐེངས་ཀྱི་བྱེད་སྒོ་གཉེར་བ་དེས་ཀྲུང་གོ་དང་ཁེ་ལས་ཀྱི་སྤུས་རྟགས་དང་རྒྱལ་སྤྱིའི་ཅན་དུ་འགྱུར་བའི་འདུ་ཤེས་ཟབ་ཏུ་ཆེན་པོ་འགྲོ་རྒྱུ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716