སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་གིས་2016ལོའི“ཀྲུང་གོ་དང་ཨ་རིའི་ཡུལ་སྐོར་ལོའི”བྱེད་སྒོ་མཇུག་འགྲིལ་བར་སྨོན་ཚིག་སྤྲིངས་པ།
སྤེལ་དུས། 2016-11-23   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  རྡོ་རྗེས་བསྒྱུར།
          ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་20ཉིན་ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་དུ་2016ལོའི“ཀྲུང་གོ་དང་ཨ་རིའི་ཡུལ་སྐོར་ལོའི”བྱེད་སྒོ་མཇུག་འགྲིལ་ཞིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མཇུག་འགྲིལ་མཛད་སྒོར་སྨོན་ཚིག་སྤྲིངས་པ་རེད།
          ཞིས་ཅིན་ཕིང་གིས། 2016ལོའི“ཀྲུང་གོ་དང་ཨ་རིའི་ཡུལ་སྐོར་ལོའི”བྱེད་སྒོ་མཇུག་འགྲིལ་བའི་སྐབས་འདིར་ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་པ་དང་འབྲེལ་ང་རང་མི་སྒེར་གྱི་མིང་ཐོག་ནས“ཀྲུང་གོ་དང་ཨ་རིའི་ཡུལ་སྐོར་ལོའི”བྱེད་སྒོ་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་དང་མཛའ་གྲོགས་སྤེལ་རེས་མཉམ་ལས་ལ་རོགས་སྐྱོར་བྱེད་མཁན་གྱི་གྲོགས་པོ་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལུགས་བསྟན་གནང་ཡོད།
          ཞིས་ཅིན་ཕིང་གིས“ཀྲུང་གོ་དང་ཨ་རིའི་ཡུལ་སྐོར་ལོའི”བྱེད་སྒོ་སྤེལ་བ་ནི་ང་དང་ཙུང་ཐུང་ཨོ་པ་མས་ཐག་བཅད་པ་ཞིག་ཡིན་པ་དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ཨ་རིའི་དབར་རྣམ་པ་གསར་པའི་སྟོབས་ཆེན་རྒྱལ་ཁབ་ཀྱི་འབྲེལ་བ་འཛུགས་པ་དང་། ཕྱོགས་གཉིས་པོའི་དོན་དངོས་མཉམ་ལས་ལ་སྐུལ་འདེད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་མཐུན་ཟབ་གཏོང་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག“ཀྲུང་གོ་དང་ཨ་རིའི་ཡུལ་སྐོར་ལོའི”བྱེད་སྒོ་ཕུན་སུམ་ཚོགས་པ་དང་དེར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་མ་ཟད། ད་དུང་ཕྱོགས་གཉིས་པོའི་མི་སྣ་འགྲོ་འོང་བྱེད་རྒྱ་ཆེ་རུ་ཕྱིན་པ་དང་ཁྱབ་ཁོངས་གཞན་གྱི་དོན་དངོས་མཉམ་ལས་ལའང་སྐུལ་མ་ཐེབས་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བར་སྒུལ་ཤུགས་གསར་པ་བསྣན་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716