སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
སྤེལ་དུས། 2016-12-22   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ཚེ་རྡོ།
ཞིས་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་20ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་19དང་20ཉིན་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་ལོ་དང་“ཞིང་གསུམ”ལས་དོན་ལ་ཕྱོགས་སྡོམ་དང་། མིག་སྔའི་ཞིང་ལས་དང་གྲོང་གསེབ་ཀྱི་དུས་བབ་ལ་དབྱེ་ཞིབ། 2017ལོའི་ཞིང་ལས་དང་གྲོང་གསེབ་ལས་དོན་བཀོད་སྒྲིག་བཅས་བྱས་ཡོད་པ་རེད།
          ཚོགས་འདུ་མ་འཚོག་གོང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས“ཞིང་གསུམ”ལས་དོན་ལ་ཆེད་མངགས་ཞིབ་འཇུག་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་འདི་ལོ་ཞིང་ལས་དང་གྲོང་གསེབ་ཀྱི་དུས་བབ་སྤྱིའི་ཆ་ནས་ཡག་པོ་ཡོད་པས་ཕྱི་ལོའི“ཞིང་གསུམ”གྱི་ལས་དོན་གྱིས་ཁྱོན་ཡོངས་ལ་མུ་མཐུད་ལེགས་སྐྱེས་འབུལ་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་ཀྱིས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཞིང་ལས་དང་གྲོང་གསེབ་ལས་དོན་གྱི་གཙོ་རྐང་དུ་བརྩིས་ནས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་པ་དང་ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་ནུས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།
          ཞིས་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ལ་སྔ་བར་ཕྱི་གསུམ་དུ་མཐོང་ཆེན་བྱས་ནས་ཞིང་ལས་ལ་མཐོང་ཆེན་དང་ཞིང་ལས་དར་རྒྱས་ཀྱི་བརྡ་རྟགས་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་། དུས་བབ་གསར་པའི་འོག་གི“ཞིང་གསུམ”ལས་དོན་གྱི་ཁ་ཕྱོགས་གནད་ལ་འཁེལ་བའི་ངང་སྟངས་འཛིན་བྱས་ནས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཐོན་ལས་དང་ཐོན་རྫས་ཀྱི་གྲུབ་ཆ་ནུས་ཤུགས་ཡོད་རྒུས་བཟང་སྒྲིག་བྱེད་དགོས་པ། ཞིང་ལས་གཞི་ཁྱོན་འོས་འཚམ་ལྡན་པའི་ངང་གཉེར་སྐྱོང་འཕེལ་རྒྱས་གཏོང་རྒྱུ་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་རྒྱུ་དང་འཚམ་པ་བྱས་ཏེ་ཞིང་དར་ཞིང་ཕན་གྱི་སྲིད་ཇུས་ལས་ཞིང་དུད་དཀྱུས་མ་ཕལ་ཆེ་བར་ཕན་པ་ཐོབ་པ་བྱེད་དགོས་པ། སྲིད་གཞུང་དང་ཁྲོམ་རའི“ཕྱོགས་གཉིས་ཀྱི”ནུས་པ་མཐུན་སྦྱོར་ངང་འདོན་སྤེལ་བྱས་ནས་ཞིང་ལས་ཐོན་སྐྱེད་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆ་བཟང་སྒྲིག་ལ་སྣེ་ཁྲིད་དེ་བས་བྱེད་དགོས་པ།
          གཞི་རིམ་གྱི་གསར་གཏོད་ལ་མཐོང་ཆེན་བྱས་ནས་སྒྱུར་བཅོས་ཀྱི་རྣམ་པ་བཟང་པོ་གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
          ཚོགས་འདུའི་ཐོག་འདི་ལོ་ཚུན་དུ་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཐད་བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཚུལ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་པ་དང་། ཞིང་ལས་གྲུབ་ཆ་ལེགས་སྒྲིག་ཐད་གོམ་སྟབས་གལ་ཆེན་སྤོ་བ། གྲོང་གསེབ་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། གྲོང་གསེབ་ཀྱི་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་ཐེབས་པ། གྲོང་གསེབ་ཀྱི་དམངས་འཚོ་རྒྱུན་མཐུད་ལེགས་སུ་ཕྱིན་པ། གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱུང་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
          ཚོགས་འདུའི་ཐོག་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཁྲོམ་རའི་དགོས་མཁོའི་འགྱུར་ལྡོག་ལ་དམ་པོར་དམིགས་ནས་ཞིང་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དང་ནུས་ལྡན་གྱི་མཁོ་སྤྲོད་འགན་ལེན་བྱེད་རྒྱུ་དམིགས་ཡུལ་གཙོ་བོར་འཛིན་པ་དང་། ཞིང་ལས་མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཁ་ཕྱོགས་གཙོ་བོར་འཛིན་པ། སྒྲིག་གཞི་སྒྱུར་བཅོས་དང་ལམ་སྲོལ་གསར་གཏོད་བྱེད་རྒྱུ་གཞི་རྩའི་ཐབས་ལམ་ལ་བརྩི་བ། ཞིང་ལས་ཐོན་ལས་ཀྱི་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་ལེགས་སུ་གཏོང་བ། ས་ཞིང་གི་ཐོན་ཚད་དང་། ཐོན་ཁུངས་བེད་སྤྱོད་བྱེད་ཚད། ངལ་རྩོལ་ཐོན་སྐྱེད་བྱེད་ཚད་བཅས་མཐོ་རུ་གཏོང་བ། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་རྒྱུ་དེ་ཐོན་ཁུངས་ཟད་གྲོན་ལ་ཚད་མེད་བརྟེན་པ་དང“གྲངས་འབོར”གྱི་དགོས་མཁོ་སྐོང་རྒྱུ་གཙོ་བོར་བྱེད་པ་ནས་ལྗང་མདོག་སྣོད་བཅུད་རྒྱུན་མཐུད་དོན་གཉེར་དང“སྤུས་ཚད”ཀྱི་དགོས་མཁོ་དེ་བས་བསྐོང་རྒྱུར་སྒྱུར་དགོས་པའི་ནན་བཤད་གནང་ཡོད་པ་རེད།
          ཚོགས་འདུའི་ཐོག་གྲོང་གསེབ་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་དང་ཐོག་ཞིང་ལས་གྲུབ་ཆ་ལེགས་སྒྲིག་ཡག་པོ་དང་། ལེགས་སྒྲིག་བདེ་བླག ལེགས་སྒྲིག་བཟང་པོ་བཅས་བྱེད་དགོས། ཁྲོམ་རའི་དགོས་མཁོ་དང་འཚམ་པ་དང་ཐོན་རྫས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས་པ་དང་། གཞི་ཁྱོན་འོས་འཚམ་ལྡན་པའི་ལས་གཉེར་འཕེལ་རྒྱས་གཏོང་བ་དང་གཉེར་སྐྱོང་གྲུབ་ཆ་བཟང་སྒྲིག་བྱས་ནས་གཞི་ཁྱོན་གཉེར་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་དང་ཞིང་དུད་དཀྱུས་མར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་རྒྱུ་ཟུང་འབྲེལ་བྱེད་དགོས་པ། བསྡུར་གཞི་ཡོད་པའི་ལེགས་ཆར་གཞིགས་པ་དང་ས་ཁོངས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་འབྲུ་རིགས་ཐོན་སྐྱེད་ནུས་པ་ཁུལ་དང་། གལ་ཆེའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་སྲུང་སྐྱོང་ཁུལ། ཁྱད་ལྡན་ཞིང་ལས་ཐོན་རྫས་ལེགས་ཆའི་ཁུལ་བཅས་གཙོ་གནད་ཐོག་འཛུགས་སྐྲུན་ཡག་པོ་བྱེད་དགོས་པ། ཚན་རྩལ་གསར་གཏོད་བྱེད་མགྱོགས་སུ་གཏོང་བ་དང་། ཞིང་ལས་འཕེལ་རྒྱས་ཀྱི་འགུལ་ནུས་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་ཁ་ཕྱོགས་དང་གཙོ་གནད་ལེགས་སྒྲིག་བྱེད་པ་བཅས་བྱས་ནས་ཞིང་ལས་ཚན་རྩལ་མི་སྣའི་ཧུར་སེམས་རང་བཞིན་སྐོང་འཐེན་བྱེད་དགོས་པ། མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་གྲུབ་ཆ་བཟང་སྒྲིག་བྱེད་པ། ཞིང་ལས་ཀྱི་ཐོན་ལས་འབྲེལ་ཐག་ཧྲིལ་པོའི་ཕན་འབྲས་ཆེ་རུ་གཏོང་རྒྱུར་དམིགས་པ་བཅས་བྱས་ནས་ཐོན་ལས་དང་པོ་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ཐོན་ལས་གཉིས་པ་བཟང་སྒྲིག་བྱེད་པ། ཐོན་ལས་གསུམ་པ་འཁྲུག་ཏུ་གཏོང་བ། ལྗང་མདོག་ཐོན་སྐྱེད་བྱེད་སྟངས་ཁྱབ་སྤེལ་གཏོང་བ་དང་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕྱིར་འཐེན་བྱེད་དགོས་རིགས་ཕྱིར་འཐེན་བྱེད་པ་དང་། ཚད་ལས་བརྒལ་རིགས་བློ་ཐག་ཆོད་པོས་ཉུང་དུ་གཏོང་བ། བཅོས་སྐྱོང་བྱེད་དགོས་རིགས་བཅོས་སྐྱོང་ཏན་ཏིག་བྱེད་པ། ཞིང་ལས་ཐད་ཆུ་གྲོན་ཆུང་བྱེད་རྒྱུ་དེ་ཁ་ཕྱོགས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་དགོས་ཞེས་མཛུབ་སྟོན་གནང་ཡོད་པ་རེད།
          ཚོགས་འདུའི་ཐོག་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་བྱེད་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ2017ལོར་སླར་ཡང་མི་ཁྲི་1000ཡན་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716