སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས།
སྤེལ་དུས། 2017-01-16   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།
          ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་དེ་སུའུ་ལི་ཧྲེར་འབྱོར་བ་དང་། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས། 
          ས་གནས་དེ་གའི་དུས་ཚོད་ཉིན་གུང་གི་དུས་ཚོད་12དང་སྐར་མ་40ཡོལ་ཙམ་ལ་ཆེད་གཏོང་གནམ་གྲུ་སུའུ་ལི་ཧྲེའི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར། ཞིས་ཅིན་ཕིང་དང་སྐུ་ཟླ་ཕུང་ལི་ཡོན་གཉིས་གནམ་གྲུ་ལས་ཕྱིར་བུད། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཀྱི་ཀྲུའུ་ཞི་ལུའོ་དབྱི་ཐིག་ཧྭ་ཏི་དང་ཁྱོ་ག་ཧའོ་སེན་གཉིས་སྐུ་དངོས་སུ་གནམ་གྲུ་འབབ་ཐང་དུ་ཕེབས་ཏེ། གནམ་གྲུའི་སྐས་འཛེག་འགྲམ་དུ་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས་པ་དང་། སུའེ་ཙེར་ཕྱོགས་ཀྱི་མཐོ་རིམ་དཔོན་རིགས་རྣམས་རུ་བསྒྲིགས་ནས་ཕེབས་བསུ་ཞུས། ས་གནས་དེ་གའི་བྱིས་པས་ཞིས་ཅིན་ཕིང་དང་ཕུང་ལི་ཡོན་ལ་མེ་ཏོག་ཕུལ། 
          ལུའོ་དབྱི་ཐིག་ཧྭ་ཏིས་གནམ་ཐང་དུ་ཞིས་ཅིན་ཕིང་དང་ཕེང་ལི་ཡོན་ཕེབས་བསུའི་མཛད་སྒོ་གཟབ་རྒྱས་བསྡུས། ཞིས་ཅིན་ཕིང་གིས་སུའེ་ཙེར་ཕྱོགས་ཀྱི་དཔོན་རིགས་གཙོ་བོ་ལ་ཕྱག་འཇུ་གནང་། ལུའོ་དབྱི་ཐིག་ཧྭ་ཏིས་ཀྲུང་གོའི་ཕྱོགས་ཀྱི་ལྷན་ཕེབས་མི་སྣར་ཕྱག་འཇུ་གནང་།རྒྱལ་ཁབ་གཉིས་པོའི་གཙོ་འཛིན་བཟའ་ཟླ་ས་གདན་དམར་པོ་བརྒྱུད་དེ་གཟབ་སྦྲེང་དམག་མིར་གཟིགས་ཞིབ་གནང་སར་ཕེབས། དམག་མིའི་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ་དང་། ཞིས་ཅིན་ཕིང་གིས་ལུའོ་དབྱི་ཐིག་ཧྭ་ཏིས་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་། 
          ཞིས་ཅིན་ཕིང་གིས་སུའེ་ཙེར་མི་དམངས་ལ་ཀྲུང་གོ་མི་དམངས་ཀྱི་ལྷག་བསམ་ཟོལ་བ་མེད་པའི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་བཟང་པོ་ཞུས། ཞིས་ཅིན་ཕིང་བསྟན་དོན། ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་འབྲེལ་འདྲིས་དང་མཛའ་གྲོགས་ལ་ལོ་རྒྱུས་རིང་པོ་ལྡན། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་67རིང་། རྒྱལ་ཁབ་གཉིས་པོས་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་ལྟ་བ། གཉིས་ཕན་མཉམ་རྒྱལ་གྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་དང་དཔལ་འབྱོར། རིག་གནས། སློབ་གསོ། ཚན་རྩལ་སོགས་ཁྱབ་ཁོངས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་གནང་། 2016ལོར་ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་ཀྱིས་གསར་གཏོད་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དང་། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད། ངས་སུའེ་ཙེར་ཕྱོགས་ཀྱིས་འགོ་ཁྲིད། ལས་རིགས་ཁག་དང་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་རྒྱུའི་རེ་བ་བྱས་ཡོད།
          ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཇེ་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་བསྐྱེད་པ།ཀྲུང་གོ་དང་སུའེ་ཙེར་དབར་གྱི་གསར་གཏོད་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཀྲུང་སུའེ་དབར་གྱི་འབྲེལ་བ་དེ་བས་མཐོ་བའི་ཆུ་ཚད་དུ་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ་དང་འབྲེལ། ཐུན་མོང་ཐོག་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་རྒྱུ་རྐྱེན་བསྐྲུན་དགོས།ང་རང་ད་དུང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཏ་ཝོ་སིའི་ཚོགས་འདུའི་2017ལོའི་ལོ་ཚོགས་སུ་ཞུགས་པ་དང་འབྲེལ་རི་ནེ་ཝ་དང་ལོ་སང་གི་རྒྱལ་སྤྱིའི་རྩ་འཛུགས་མང་པོར་འཚམས་འདྲི་བྱ་འཆར་ཡོད། ཀྲུང་གོ་དང་སུའེ་ཙེར་ཕྱོགས་གཉིས་དང་འབྲེལ་ཡོད་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཐེངས་འདིའི་འཚམས་འདྲི་ལ་གྲུབ་འབྲས་ལེགས་པོ་ཐོབ་པར་ང་ལ་ཡིད་ཆེས་ཡོད། 
          ཝང་ཧུའུ་ཉིན་དང་སུའུ་ཀྲན་ཧྲོས། ཡང་ཅེ་ཁྲི་སོགས་ཀྱིས་ཕེབས་རོགས་གནང་སྟེ་མཉམ་དུ་གནམ་གྲུ་ཐང་ལ་ཕེབས་འབྱོར་བྱུང་།
          སུའེ་ཙེར་བཅའ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀེང་ཝུན་པུན་དང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་པའི་ཀྲུང་གོའི་རི་ནེ་ཝ་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་མཱ་ཀྲའོ་ཤུས་ཀྱང་གནམ་ཐང་དུ་ཐོན་ཏེ་ཕེབས་བསུ་བྱས། 
          སུའུ་ལི་ཧྲིར་ཕེབས་འབྱོར་ཟིན་རྗེས། ཞིས་ཅིན་ཕིང་སུའེ་ཙེར་སྲིད་གཞུང་གི་ཆེད་སྤྱོད་མེ་འཁོར་ལ་བསྡད་ནས་སུའེ་ཙེར་གྱི་རྒྱལ་ས་པེར་ནེ་རུ་འཚམས་འདྲིར་ཕེབས། དེ་རྗེས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཏ་ཝོ་སིའི་ཚོགས་འདུའི་2017ལོའི་ལོ་ཚོགས་སུ་ཞུགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་རི་ནི་ཝའི་སྤྱི་ཁྱབ་པུའུ། འཛམ་གླིང་འཕྲོད་བསྟེན་ཚོགས་པ། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་བཅས་སུ་འཚམས་འདྲི་གནང་འཆར་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716