སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལི་ཁེ་ཆང་གིས་རིགས་གཅིག་མཁས་ཅན་དང་མཁས་དབང་དང་ཁེ་ལས་ལས་རིགས་མི་སྣའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་།
སྤེལ་དུས། 2017-01-17   ཡོང་ཁུངས། མི་དམངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྣམ།
སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོ་གསན་པ།
          ཟླ་1ཚེས་13ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་རིགས་གཅིག་མཁས་ཅན་དང་མཁས་དབང་དང་ཁེ་ལས་ལས་རིགས་མི་སྣས《སྲིད་གཞུང་གི་ལས་དོན་སྙན་སྒྲོན(བསམ་འཆར་བསྡུ་ལེན་མ་ཟིན)》ཐད་བཏོན་པའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཕེབས་ཡོད་པ་རེད།
          ཚོགས་འདུའི་ཐོག་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཀའོ་ཕེ་ཡུང་གིས་ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་དཔྱ་ཁྲལ་དང་གྲོན་དངུལ་ཆག་ཡང་གཏོང་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་དང་། ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཙེང་ཤང་ཆོན་གྱིས་གཙོ་གནད་ས་ཁུལ་དང་། ལས་རིགས། མི་ཚོགས་བཅས་འབུར་དུ་ཐོན་པ་བྱས་ཏེ་དམིགས་སའི་རང་བཞིན་ཆེ་བའི་ལས་ཞུགས་སྐུལ་འདེད་བྱ་སྤྱོད་ལག་བསྟར་བྱེད་དགོས་ལུགས་བཏོན་པ། ཆིང་ཧྭ་སློབ་ཆེན་གྱི་ཀྲུའུ་མིན་གྱིས་དངུལ་རྩའི་ཉེན་ཁར་འགོག་ཟོན་དང་དེ་བསལ་ནས་དངུལ་རྩས་དངོས་གཞིའི་དཔལ་འབྱོར་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་དགོས་ལུགས་བཏོན་པ། ཀྲུང་ཁྲེ་ཚོགས་པའི་ལིའུ་ཧྭ་ལུང་གིས་དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་དང་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་རྒྱུན་མཐུད་ངང་བསྐྲུན་ནས་སྣེ་འདྲེན་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་ལུགས་བཏོན་པ་བཅས་རེད།
          ལི་ཁེ་ཆང་གིས་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ་དང་འབྲེལ་ཚང་མ་དང་སྤེལ་རེས་གཏིང་ཟབ་གནང་ཞིང་། ཁོང་གིས་འདས་ཟིན་པའི་ལོ་གཅིག་ནང་། རྒྱལ་ཁབ་ཕྱི་ནང་གི་ཛ་དྲག་དང་རྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་གཏད་གཅོག་སྐབས། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་འབད་འཐབ་དང་དཀའ་གནད་འགག་སྒྲོལ་བྱས་ཏེ་ཀྲུང་གོའི་དཔལ་འབྱོར་འཁོར་རྒྱུག་བརྟན་པོ་དང་བརྟན་ཐོག་ལེགས་འགྱུར་བྱུང་ནས་ལས་ཞུགས་གང་མང་མངོན་འགྱུར་ཐུབ་པ་དང་འབྲེལ་སྲོལ་རྒྱུན་གྱི་འགུལ་ནུས་སྒྱུར་བཅོས་དང་འགུལ་ནུས་གསར་པ་སྐྱེད་སྲིང་དང་། དཔལ་འབྱོར་གྲུབ་ཆ་མགྱོགས་མྱུར་རིམ་སྤོར། དམངས་འཚོ་ལེགས་གཏོང་བཅས་ལ་འཕེལ་རིམ་གསར་པ་བྱུང་ཡོད། གྲུབ་འབྲས་དེ་དག་ལས་སླ་པོར་ཐོབ་པ་ཞིག་མིན། མ་ཟད་ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ཕུལ་བའི་ལེགས་སྐྱེས་ཀྱང་སྔར་བས་ཆེ་རུ་འགྲོ་བཞིན་ཡོད། འདི་ལོ་རྒྱལ་སྤྱིའི་ཁོར་ཡུག་གི་རྙོག་འཛིང་རང་བཞིན་སྔར་བས་ཆེ་རུ་ཕྱིན་ནས་ས་ཁོངས་ཀྱི་ཆབ་སྲིད་ཉེན་ཁ་དང་། རྒྱལ་སྤྱིའི་ཆབ་སྲིད་གནས་སྟངས་ཀྱི་འགྱུར་བ། དཔལ་འབྱོར་སྒྲིག་སྲོལ་ལ་འགྲན་སློང་འཕྲད་པ་སོགས་ཚང་མས་གཏན་འཁེལ་མེད་པའི་རང་བཞིན་ཆེན་པོ་དང་ཤུགས་རྐྱེན་མང་པོ་བཟོས་ཡོད་པས་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཡང་གནོན་ཤུགས་དང་དཀའ་ངལ་ཆེ་ཙམ་འཕྲད་ཡོད། ང་ཚོས་ཡིད་ཆེས་བརྟན་དུ་གཏོང་དགོས་ལ་སེམས་ཁྲལ་གྱི་འདུ་ཤེས་ཀྱང་ཟབ་ཏུ་བཏང་ནས་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཡག་པོ་བྱེད་པ་དང་། རང་འགུལ་ངང་སྟངས་འཛིན་བྱེད་པ་དང་། གོ་སྐབས་དམ་འཛིན་བྱེད་པ། འགྲན་སློང་བྱེད་ཕོད་པ་བཅས་བྱས་ཏེ་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི་རྨང་གཞིའི་ཐོག་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས་པ་རེད།
          ལི་ཁེ་ཆང་གིས་འདི་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་སྙིང་པོ་མཐའ་འཁྱོངས་བྱེད་པ་དང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། “གསུམ་འདོར་གཅིག་དམའ་གཅིག་གསབ”ལ་མུ་འཐུད་སྐུལ་འདེད་གཏོང་བ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ཁག་དོན་འཁྱོལ་བྱ་རྒྱུར་དམིགས་པ། ཞིབ་ཕྲའི་ལས་དོན་ཁྲོད་སྤྱི་ཁོག་སྙོམས་སྒྲིག་གི་མ་འོངས་སྔོན་མཐོང་རང་བཞིན་དང་གནད་སྨིན་རང་བཞིན་སྔར་བས་ཆེ་རུ་གཏོང་བ། དཔལ་འབྱོར་འཁོར་རྒྱུག་ཁྲོད་ཀྱི་འགལ་ཟླ་དང་མངོན་མེད་ཉེན་ཁའི་གནས་ལ་དམིགས་ནས་བྱེད་ཐབས་ནུས་ལྡན་སྤྱོད་པ། དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་བར་མཚམས་སུ་གནས་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས་བརྟན་ཐོག་ལེགས་འགྱུར་གྱི་རྣམ་པ་བརྟན་དུ་གཏོང་དགོས། ཁེ་ལས་ལ་ཁོར་ཡུག་བཟང་པོ་ཞིག་སྐྲུན་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ། ཞབས་ཞུ་ལེགས་གཏོང་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ལག་བསྟར་དང་རིམ་གྱིས་འཐུས་སྒོ་ཚང་དུ་གཏོང་བའི་དབང་ཆའི་རྩིས་ཐོ་དང་འགན་འཁྲིའི་རྩིས་ཐོ་མགྱོགས་མྱུར་བཟོས་ནས་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དམའ་རུ་ཏན་ཏིག་གཏོང་དགོས། སྲིད་གཞུང་གིས་གྲོན་ཆུང་བསྲི་ཚགས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་མུ་མཐུད་ཉུང་དུ་བཏང་ནས་ཁེ་ལས་ལ་དཔྱ་ཁྲལ་དང་གྲོན་དངུལ་ཆག་ཡང་གཏོང་རྒྱུར་སྟོང་ཆ་འཇོག་དགོས། འདི་ལོ་གྲོན་དངུལ་བསྡུ་ཚད་དམའ་རུ་གཏོང་བ་སོགས་ཁྲལ་དངུལ་མིན་པའི་ཁུར་པོའི་ཐད་ཁྲོམ་རའི་བྱེད་པོས་གང་ལེགས་ཚོར་བ་བྱ་རྒྱུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེའི་ཐད་ལྟ་ཞིབ་བྱ་རྒྱུ་རེད། འགུལ་ནུས་གསར་རྙིང་བརྗེ་སྒྱུར་ཐད་སྔར་བས་མགྱོགས་སུ་བཏང་སྟེ་རྗེས་ལུས་ཀྱི་ཐོན་ནུས་ཁྲིམས་ལྟར་ཕྱིར་འབུད་མཐའ་གཅིག་ཏུ་བྱེད་པ་དང་། དེ་བས་དགེ་མཚན་ལྡན་པའི་སྲིད་ཇུས་ལག་བསྟར་བྱེད་པ། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་ནས་འདུན་ལམ་དེ་བས་ཆེ་བ་དང་ལས་ཞུགས་ལ་སྐུལ་མ་ཐེབས་པའི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་ཐོན་པ་བྱེད་དགོས་ཞེས་བསྟན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716