སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་པེ་ཅིན་ནས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་སོགས་ལ་འཚམས་འདྲི་མཛད་པར་ཕེབས།
སྤེལ་དུས། 2017-01-18   ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་སྒྲིག་པ།  རིན་ཆེན།
          ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་པེ་ཅིན་ནས་ཆེད་བཏང་གནམ་གྲུར་བཞུགས་ཏེ། ལོ་ཡེ་ཐི་ཧ་ཏི་ཀྲུའུ་ཞི་ཡིན་པའི་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་གདན་དྲངས་པ་ལྟར། སུའེ་ཙེར་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པ་དང་། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་གསར་གཏོད་མཁན་དང་ཞོར་དུ་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་མཁན་ཧྲི་བ་པུའུ་ཡིས་གདན་དྲངས་པ་ལྟར། ཏཱ་ཝོ་སི་ནས་བསྡུ་རྒྱུ་ཡིན་པའི་འཛམ་གླིང་དཔལ་འབྱོར་གླེངས་སྟེགས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་ལོ་ཚོགས་ལ་ཞུགས་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཁྲིན་ཧྥུན་ཧྥུའུ་ཀྲིན། རྒྱལ་སྤྱིའི་ཨོ་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་བཅས་ཀྱིས་གདན་དྲངས་པ་ལྟར། མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་ཡི་སྤྱི་ཁྱབ་པུའུ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། རྒྱལ་སྤྱིའི་ཨོ་རྩལ་ཨུ་ཡོན་ལྷན་ཁང་བཅས་ལ་འཚམས་འདྲི་མཛད་རྒྱུ་རེད།
          ཀྲུའུ་ཞི་ཞིས་ཅིན་ཕིང་གི་ལྕམ་མོ་ཕིན་ལིས་ཡོན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཝང་ཧུའུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ལིས་ཀྲན་ཧྲུའུ། རྒྱལ་སྲིད་ཨུ་ཡོན་ཡང་ཅེ་ཁྲི་སོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་འགྲོ་རོགས་བྱས། 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716