སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་གིས་ཞི་བའི་འཕེལ་རྒྱས་ལ་མཉམ་དུ་ཇུས་འགོད་བྱེད་དགོས་ཞེས་པའི་མིང་བཀོད་རྩོམ་ཡིག་ཅིག་སྤེལ།
སྤེལ་དུས། 2017-01-18   ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་སྒྲིག་པ།  རྡོ་རྗེ།
          ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་ཏེ། སུའེ་ཙེར་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ་དང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་ལོ་ཚོགས་ལ་ཞུགས་པར་མ་ཟད་སུའེ་ཙེར་རྒྱལ་སྤྱིའི་རྩ་འཛུགས་ལ་འཚམས་འདྲི་མཛད་པར་མ་ཕེབས་པའི་སྔོན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སུའེ་ཙེར་སྨྱན་བྱད་སྟེང་ཁ་ཡིག་ལ་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཞི་བའི་འཕེལ་རྒྱས་ལ་མཉམ་དུ་ཇུས་འགོད་བྱེད་དགོས་ཞེས་པའི་མིང་བཀོད་རྩོམ་ཡིག་ཅིག་སྤེལ།
          ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་ཏེ། སུའེ་ཙེར་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ་དང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་ལོ་ཚོགས་ལ་ཞུགས་པར་མ་རྩོམ་ཡིག་ནང་དུ་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་བར་གྱི་འབྲེལ་འདྲིས་མཉམ་ལས་ཆུ་བོའི་རྒྱུན་བཞིན་རིང་ལ། ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་ནི་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་ཞིང་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བ་དང་རྒྱལ་ཁབ་ཀྱི་ཆེ་ཆུང་མི་འདྲ་བའི་མཛའ་མཐུན་མཉམ་ལས་ཀྱི་དཔེ་སྟོན་ཡིན། དེ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་ལ་མཛའ་བཤེས་ཟབ་མོ་བཅངས་པའི་རྐྱེན་དང་ལྷག་པར་དུ་ཕྱོགས་གཉིས་ཀྱིས་རང་རང་གིས་གདམ་གསེས་བྱས་པའི་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་བགྲོད་ལམ་ལ་བརྩི་འཇོག་བྱས་པ་དང་། འདྲ་མཉམ་གྱི་ལྟ་ཚུལ་དར་སྤེལ་དང་མཉམ་རྒྱལ་མཉམ་ལས་གསར་སྐྲུན་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་བའི་རྐྱེན་ཡིན། ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་ཀྱིས་མཐོ་རིམ་མགོ་ཁྲིད་པའི་བར་གྱི་འགྲོ་འོང་ཇེ་མང་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་གསར་སྐྲུན་བྱེད་དགོས་ལ། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་ཞིང་ཀྲུང་གོ་དང་སུའེ་ཙེར་བར་གྱི་རང་མོས་ཉོ་ཚོང་ས་ཁུལ་འཐུས་ཚང་དུ་གཏོང་བ་དང་། གསར་སྐྲུན་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཞིང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། དེང་སྐབས་ཀྱི་རྒྱལ་སྤྱིའི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་བྱེད་པ། ཉོ་ཚོང་རང་མོས་ཅན་དུ་འགྱུར་བར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།
          ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་ཏེ། སུའེ་ཙེར་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ་དང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བདུན་ལོའི་ལོ་ཚོགས་ལ་ཞུགས་པར་མ་ཞིས་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ཡོ་རོབ་གླིང་གི་རྒྱལ་ཁབ་དང་བཅས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བར་འཚོལ་ཞིབ་བྱེད་བཞིན་ཡོད། ད་ལོར་ང་རང་ཐོག་དང་པོར་ཏ་ཝོ་སི་ལ་སོང་སྟེ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་སྟེང་ཕྱོགས་སོ་སོ་དང་མཉམ་དུ་བརྗེ་རེས་ཟབ་མོ་བྱེད་པ་དང་འགྲན་རྩོད་ལ་ཁ་གཏད་འཇལ་བའི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་འཛམ་གླིང་དཔལ་འབྱོར་སླར་གསོ་དང་འཕར་སྣོན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་མུ་མཐུད་དུ་འཛམ་གླིང་དཔལ་འབྱོར་འཕར་སྣོན་བྱེད་པར་ཚོང་རའི་བར་སྟོང་ཆེན་པོ་འདོན་སྤྲོད་བྱེད་པ་དང་མུ་མཐུད་དུ་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པར་བྱས་རྗེས་འཇོག་ངེས་ཡིན་ཟེར། །
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716