སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རོགས་སྐྱོབ་ཟླ་བའི་བྱེད་སྒོ་འགོ་བཙུགས་པ།
སྤེལ་དུས། 2017-02-14   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ཆོས་སྒྲོན།
          དཔྱིད་གསར་དུས་ཆེན་བཏང་རྗེས་གདན་ཞུ་དང་ལས་ཀ་འཚོལ་བའི་ཚ་རླབས་ཤིག་འཕྱུར་ཞིང་། ཟླ་2ཚེས་8ཉིན་2017ལོའི“རྒྱལ་ཡོངས་བཟོ་ཚོགས་ཀྱི་ལས་ཞུགས་ལས་གཏོད་ཀྱི་རོགས་སྐྱོབ་ཟླ་བའི”བྱེད་སྒོ་འགོ་འཛུགས་པའི་མཛད་སྒོ་དང་གདན་ཞུའི་ཚོགས་འདུ་ཆེ་གྲས་ཀོང་ཤིས་ནན་ཉིང་གྲོང་ཁྱེར་དུ་འཚོགས་ཏེ་ཁེ་ལས་དང་ལས་ཀ་འཚོལ་མཁན་ལ་འོས་འགན་ངང་འབྲེལ་ཟམ་བཙུགས་པ་རེད།
          ད་ཐེངས་ཀྱི་གདན་ཞུའི་ཚོགས་འདུ་དེ་ཕྱི་ཕྱོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་གདན་ཞུའི་ཁུལ་དང་། ལྗོངས་ནང་ཁུལ་གྱི་ཁེ་ལས་གདན་ཞུའི་ཁུལ། ཁྱིམ་ལས་ཞབས་ཞུ་དང་གསོ་སྦྱོང་གདན་ཞུའི་ཁུལ། ལས་གཏོད་དཔེ་སྟོན་ཞབས་ཞུའི་ཁུལ་བཅས་ཁུལ་བཞིར་དབྱེ་ནས་པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་། ཀྲེ་ཅང་། ཅང་སུའུ། ཧོ་པེ། ཀོང་ཤིས་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཁེ་ལས་550ལྷག་ཙམ་ཞུགས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716