སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འདེམས་བསྐོ་བྱེད་རིང་དམངས་གཙོའི་སྤུས་ཚད་མཐོ་རུ་གཏོང་དགོས།
སྤེལ་དུས། 2017-02-16   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྣམ།
          མིག་སྔར། ས་ཁུལ་ཁག་དང་ཚན་པ་ཁག་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བཞིན་པའི་སྐབས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་ནན་ཏན་ངང་སྤེལ་དགོས། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་འཐུས་མི་འདེམས་བསྐོའི་གོ་རིམ་ནན་དུ་གཏོང་རྒྱུ་ནི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཡག་པོ་འདེམས་པ་དང་། འཐུས་མིའི་སྔོན་ཐོན་རང་བཞིན་དང་རྒྱ་ཁྱབ་ཀྱི་མཚོན་བྱེད་རང་བཞིན་ཆེ་རུ་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཡིན། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཡིག་དང་ཀྲུང་དབྱང་གི་བླང་བྱར་གཞིགས་ནས་ནན་ཏན་ངང་བྱ་བ་སྒྲུབ་པ་དང་། གཏན་འབེབས་བྱས་པའི་གོ་རིམ་ལ་བརྩི་སྲུང་ནན་པོ་ཞུ་བ། དམངས་གཙོའི་སྤུས་ཚད་མཐོ་རུ་དང་དངོས་ཕན་ཆེ་རུ་གཏོང་རྒྱུར་དོ་སྣང་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་དབྱང་གི་བླང་བྱ་དང་འཚམ་པ་དང་རྒྱ་ཆེའི་ཏང་ཡོན་གྱི་བརྩི་བཀུར་ཐོབ་པའི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འདེམས་རྒྱུ་འགན་ལེན་བྱེད་དགོས།
          ཏང་ནང་ཁུལ་གྱི་དམངས་གཙོ་ནི་ཏང་གི་སྲོག་རྩ་ཡིན་ཞིང་། ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འདེམས་བསྐོ་བྱ་རྒྱུ་ནི་རྒྱ་ཆེའི་ཏང་ཡོན་ཚོས་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལ་གཞིགས་ནས་དམངས་གཙོའི་དབང་ཆ་སྤྱོད་པ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ནང་ཞུགས་པའི་བྱ་ཐབས་དང་རྣམ་པ་གལ་ཆེན་ཞིག་ཡིན། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་རྒྱུ་དེ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་འབྲེལ་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འདེམས་བསྐོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས།
          ཏང་ཡོན་གྱི་བྱེད་སྒོའི་གནས་བབ་ལ་བརྩི་འཇོག་ཞུས་ནས་ཏང་ཡོན་གྱི་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་། ཞུགས་དབང་། འདེམས་བསྐོའི་དབང་ཆ། ལྟ་སྐུལ་དབང་ཆ་བཅས་འགན་ལེན་བྱེད་པ་དང་། ཆ་རྐྱེན་ཧུར་ཐག་གཏོད་པ། ཏང་ཡོན་གོ་རིམ་ལྡན་པའི་ངང་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ་བཅས་ཀྱི་སྒོ་ནས་ཏང་ཡོན་མི་རེ་ངོ་རེས་རང་ངོས་ཀྱི་འདོད་འདུན་རང་རྟོགས་ངང་གང་ལེགས་བརྗོད་རྒྱུ་འགན་ལེན་བྱས་ཏེ་བདམས་ཐོན་བྱུང་བའི་འཐུས་མིས་ཏང་ཡོན་ཕལ་ཆེ་བའི་འདོད་བློ་མཚོན་ཐུབ་པ་བྱེད་དགོས།
          འཐུས་མི་འདེམས་བསྐོའི་གོ་རིམ་ཚད་ལྡན་དུ་གཏོང་དགོས་ཤིང་། ཚོགས་ཆེན་བཅུ་དགུ་པའི་འཐུས་མི་འདེམས་བསྐོ་བྱེད་པར་འོག་ནས་གོང་དང་། གོང་འོག་ཟུང་འབྲེལ། གྲོས་བསྡུར་ཡང་ཡང་། རིམ་པ་བཞིན་གདམ་གསེས་བཅས་ཀྱི་བྱེད་ཐབས་སྤྱད་ནས་འོས་སྦྱོར་མིང་འདོན་དང་། རྩ་འཛུགས་ཀྱི་རྟོག་ཞིབ། འཐུས་མིའི་འོས་སྒུག་པའི་ཐོག་མའི་འོས་མིའི་མཚན་ཐོ་གཏན་འཁེལ། འཐུས་མིའི་འོས་སྒུག་པའི་གྲ་སྒྲིག་འོས་མི་གཏན་འཁེལ། ཚོགས་འདུའི་འདེམས་བསྐོ་བཅས་ཀྱི་ལྷུ་ཚིགས་གཙོ་བོ་ཁག་ལྔ་ལ་ཕྱེ་ཡོད། ལྷུ་ཚིགས་ཚང་མས་གོ་རིམ་ལག་བསྟར་ནན་པོ་བྱེད་པ་དང་བཀོལ་སྤྱོད་གཟབ་ནན་དང་ཚད་ལྡན་བྱས་ཏེ་བབ་བསྟུན་བཟོ་བཅོས་མི་བྱེད་པ་དང་། རྣམ་པ་ཙམ་མི་བྱེད་པ། འཕྲལ་སེལ་སླ་བཅོས་མི་བྱེད་པ། དཔེར་ན། འོས་སྦྱོར་མིང་འདོན་བྱེད་སྐབས་མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་བྱས་ནས་གཞི་རིམ་གྱི་ཏང་རྩ་འཛུགས་ལ་ཕྱོགས་ཡོངས་ནས་ཁྱབ་རྒྱུའི་དྲིལ་བསྒྲགས་སྐུལ་སློང་བྱས་ཏེ་སྟོང་ཆ་མི་ལུས་པ་བྱེད་དགོས་པ་དང་། རྩ་འཛུགས་ཀྱིས་རྟོག་ཞིབ་བྱེད་སྐབས་ངེས་པར་དུ་འཁྲོལ་ཡོད་རྟོག་ཞིབ་དང་རྟོག་ཞིབ་སྔོན་བརྡ་ལག་བསྟར་བྱས་ནས་འོས་མིའི་སྤྱོད་གཙང་གནས་ཚུལ་རེ་རེ་བཞིན་ལ་ཞིབ་དཔྱད་སྒོས་སྡོམ་ཚིག་རྒྱག་དགོས། འཐུས་མིའི་འོས་མིའི་ཐོག་མའི་འོས་མིའི་གཏན་འཁེལ་བྱེད་སྐབས་ཡོངས་བསྒྲགས་བརྒྱུད་གཞི་རིམ་ཏང་རྩ་འཛུགས་དང་། ཏང་ཡོན། མང་ཚོགས་བཅས་ཀྱི་བསམ་འཆར་སྔར་བས་ཉན་དགོས་པ་དང་། དངུལ་རྩའི་སྒྲིག་གཞི་དང་ཁེ་ལས་སོགས་ཀྱི་ཐོག་མའི་འོས་མིར་ད་དུང་སྲིད་འཛིན་ཁྲིམས་འཛིན་དང་ལས་རིགས་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་གྱི་བསམ་འཆར་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཉན་དགོས། རང་དགར་འཕྲལ་སེལ་སླ་བཅོས་དང་། གོ་རིམ་བབ་བསྟུན་བཟོ་བཅོས། གཏན་འབེབས་ལྷུ་ཚིགས་ཀྱི་གོ་རིམ་ཉུང་དུ་གཏོང་བའམ་ཡང་ན་ལག་བསྟར་གོ་རིམ་ཕྱིའི་རྣམ་པ་ཙམ་བྱས་ནས་མཇུག་འབྲས་ངན་པ་བཟོས་པ་དང་ཤུགས་རྐྱེན་ངན་པ་ཐེབས་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
          རིམ་པ་བཞིན་ལེགས་གྲས་འདེམས་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། རིམ་པ་བཞིན་གདམ་གསེས་བྱེད་པར་གཞི་རིམ་ཏང་རྩ་འཛུགས་ནས་འགོ་བཙུགས་ཏེ་འོས་སྦྱོར་ཚན་པའི་ཏང་རྩ་འཛུགས་བར་དང་སླར་ཡང་འདེམས་བསྐོའི་ཚན་པའི་ཏང་རྩ་འཛུགས་བར་འོག་ནས་གོང་ལ་རྒྱ་ཁྱབ་ངང་འོས་སྦྱོར་དང་། གོང་ནས་འོག་བར་བསམ་འཆར་བསྡུ་ལེན་བྱས་ཏེ་རིམ་པ་བཞིན་འཐུས་མིའི་འོས་མིར་སྡུར་བ་བཏང་ནས་ལེགས་གྲས་འདེམས་དགོས། དེ་ནི་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གང་ལེགས་གཏོང་བའི་རྒྱུད་རིམ་ཞིག་ཡིན་ལ། ཏང་རྩ་འཛུགས་ཀྱི་འགག་སྒོ་ཡང་དག་གཅིག་སྡུད་ངང་སྲུང་ཤུགས་ཆེ་རུ་གཏོང་བའི་བརྒྱུད་རིམ་ཞིག་ཀྱང་རེད། འགག་རྩའི་ལྷུ་ཚིགས་སྟངས་འཛིན་ལ་དོ་སྣང་བྱས་ནས་འཐུས་མིའི་འོས་མིའི་འོས་སྦྱོར་འོས་མི་གཏན་འཁེལ་བྱེད་པ་དང་། འོས་སྦྱོར་ཚན་པས་ཏང་ཨུད་གྲོས་རིམ་གྱི་ཐབས་ཇུས་སྒྲིག་སྲོལ་ལ་བརྩི་སྲུང་ཞུས་ནས་ཏང་ཨུད་རྒྱུན་ལས་ཨུ་ལྷན་དང་ཏང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་འདེམས་སྒྲུག་དང་གཏན་འཁེལ་བྱེད་རིང་གི་འགག་སྒོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། འཐུས་མིའི་འོས་མིའི་ཐོག་མའི་འོས་མི་གཏན་འཁེལ་བྱེད་པར་འདེམས་བསྐོའི་ཚན་པའི་ཏང་རྩ་འཛུགས་ཀྱིས་རྟོག་ཞིབ་བྱས་པའི་གནས་ཚུལ་དང་འཐུས་མིའི་གྲུབ་ཆའི་བླང་བྱ་སོགས་ལ་གཞིགས་ནས་འོས་མིའི་མཚན་ཐོ་སྤྱི་ཐོག་ནས་ཞིབ་འཇུག་བྱས་ནས་འདོན་དགོས། འཐུས་མིའི་འོས་མིའི་གྲ་སྒྲིག་འོས་མི་གཏན་འཁེལ་བྱེད་པར་གྲོས་བསྡུར་ཡང་ཡང་བྱས་པའི་རྨང་གཞིའི་ཐོག་འདེམས་ཤོག་འཕངས་ནས་གཏན་འཁེལ་བྱེད་དགོས།
          ཚོགས་འདུའི་འདེམས་བསྐོ་སྒྲིག་འཛུགས་ཚགས་ཚུད་བྱེད་དགོས་ཤིང་། འདི་ནི་འཐུས་མི་འདེམས་བསྐོའི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པས་ངེས་པར་དུ་ལས་ཀའི་གོ་རིམ་ནན་ཏུ་བཏང་ནས་སྒྲིག་འཛུགས་ལག་བསྟར་ནན་པོ་བྱེད་དགོས། ཏང་གི་འཐུས་མི་ཚོགས་ཆེན་ནམ་ཡང་ན་ཏང་གི་འཐུས་མི་ཚོགས་འདུ་ནན་ཏན་ངང་ཡག་པོ་འཚོགས་ནས་ཏང་གི་འཐུས་མིའི་ཚོགས་འདུར་ཞུགས་མཁན་འཐུས་མི་གཏན་འཁེལ་ཡག་པོ་བྱེད་དགོས། འདེམས་བསྐོའི་བྱ་ཐབས་ལེགས་བཅོས་འཐུས་ཚང་ཡོང་བ་བྱས་ནས་འཁྲོལ་ཡོད་འདེམས་བསྐོ་བྱས་ཏེ་འཁྲོལ་ཡོད་བསྡུར་ཚད་དེ་15%ལས་མང་བ་དགོས་པ་དང་། འོས་མི་ངོ་སྤྲོད་བྱེད་ཐབས་ལེགས་སུ་བཏང་ནས་འདེམས་མཁན་གྱིས་འོས་མི་ཤེས་རྟོགས་ཐུབ་ཚད་ཆེ་རུ་གཏོང་དགོས་པ། འདེམས་བསྐོའི་ཁོར་ཡུག་བཟང་པོ་བཏོད་དེ་འདེམས་མཁན་གྱི་འདོད་འདུན་ངོ་མ་མཚོན་པ་དང་དམངས་གཙོའི་དབང་ཆ་རང་རྟོགས་ངང་སྤྱོད་རྒྱུར་ཆ་རྐྱེན་སྐྲུན་དགོས། ཏང་ཨུད་ཀྱིས་འདེམས་བསྐོའི་ལས་དོན་གྱི་འགོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱས་ནས་འདེམས་བསྐོའི་བྱ་ཐབས་ཚན་རིག་དང་མཐུན་པའི་སྒོ་ནས་བཟོས་ཏེ་འོས་མིའི་མཚན་ཐོའི་གསལ་བཤད་ནན་ཏན་ངང་ཡག་པོ་དང་། གྲོས་བསྡུར་གང་ལེགས། འཐུས་མིར་དམངས་གཙོའི་དབང་ཆ་ཡང་དག་ངང་སྤྱོད་རྒྱུའི་ཁྲིད་སྟོན་བཅས་བྱས་ནས་དམངས་གཙོ་དར་སྤེལ་དང་རྩ་འཛུགས་ཀྱི་དགོངས་པ་ལག་ལེན་གཅིག་གྱུར་བསྟར་དགོས། འདེམས་བསྐོའི་ལས་ཀའི་གོ་རིམ་དང་ལྷུ་ཚིགས་ཚགས་ཚུད་ཡོང་བ་དང་། འདེམས་བསྐོའི་གནས་ཚུལ་འགྱུར་ལྡོག་ལ་སྟངས་འཛིན་ཐུབ་པ། འཕྲལ་སྡོམ་སྔོན་ཇུས་བཟོ་བ་བཅས་ཀྱི་སྒོ་ནས་འདེམས་བསྐོ་ཚད་ལྡན་གོ་རིམ་ལྡན་པ་དང་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱེད་དགོས། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་བ་བརྒྱུད་རྒྱ་ཆེའི་ཏང་ཡོན་གྱི་ཧུར་སེམས་དང་རང་རྟོགས་བསམ་པ་སྐོང་འཐེན་གང་ལེགས་དང་ཏང་ཡོན་ལས་བྱེད་པ་སྐུལ་སློང་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ངང་འབད་འབུངས་ཡར་བརྩོན་དང་ཧུར་བསྐྱེད་བརྩོན་ལེན་བྱས་ཏེ་མིག་སྔའི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་13ཉིན་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716