སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“འགན་འཁྲིའི་ས་ཞིང”ཡག་པོ་འདེབས་པ་དང་། “གཞུང་དངུལ”ལ་དོ་དམ་ཡག་པོ་བྱེད་པ། “རྐང་འཛིན་པ”སེམས་གནས་པ་བྱེད་པ།
སྤེལ་དུས། 2017-02-22   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ཚེ་རྡོ།
《ཤང་དང་གྲོང་རྡལ་སྲིད་གཞུང་གི་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ལ་གོ་བ་ཡང་དག་ལེན་པ།
         “འགན་འཁྲིའི་ས་ཞིང”ཡག་པོ་འདེབས་དགོས་པ།
          དུས་བབ་གསར་པའི་འོག་ཤང་དང་གྲོང་རྡལ་སྲིད་གཞུང་ལ་གཞི་རྩའི་སྤྱི་པའི་ཞབས་ཞུའི་འགན་འཁྲི་གང་དག་ཡོད་དམ། ཤང་དང་གྲོང་རྡལ་སྲིད་གཞུང་གི“གཞུང་དངུལ”ལ་ཇི་ལྟར་བྱས་ནས་དོ་དམ་ཡག་པོ་བྱེད་དགོས་སམ། ཇི་ལྟར་བྱས་ཏེ་གཞི་རིམ་གྱི་ལས་བྱེད་པ“གཞུང་དྲང་ཚུལ་ལྡན”ཡོང་བ་བྱེད་པ་དང་། ཤང་དང་གྲོང་རྡལ་གྱི“རྐང་འཛིན་པ”སེམས་གནས་པ་བྱེད་དགོས་སམ། དེའི་ཐད་ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཤང་དང་གྲོང་རྡལ་སྲིད་གཞུང་གི་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》འགྲེམས་སྤེལ་བྱས་ནས་ཤང་དང་གྲོང་རྡལ་སྲིད་གཞུང་གི་འགན་ནུས་གཞན་སྒྱུར་སོགས་ཀྱི་ཐད་དམིགས་ཚད་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་བཏོན་ཡོད།
          ཤང་དང་གྲོང་རྡལ་སྲིད་གཞུང་གིས་འགན་འཁྲི་གང་དག་འཁུར་དགོས་སམ། དེའི་ཐད་བསམ་འཆར་ནང་ཤང་དང་གྲོང་རྡལ་སྲིད་གཞུང་གི་འགན་ནུས་སྒྱུར་མགྱོགས་སུ་བཏང་ནས་སྤྱི་པའི་ཞབས་ཞུའི་འགན་ནུས་ལ་ཤུགས་སྣོན་རྒྱག་དགོས་ཞེས་ཁ་གསལ་བཏོན་ཡོད། བསམ་འཆར་གཞིར་བཟུང་། ཤང་དང་གྲོང་རྡལ་སྲིད་གཞུང་གིས་མཁོ་འདོན་བྱེད་དགོས་པའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནང་དོན་གཤམ་གསལ་ཕྱོགས་ཁག་དྲུག་ཚུད་པ་སྟེ།
          —— འོས་འགན་སློབ་གསོའི་སྤུས་ཚད་དང་ཆུ་ཚད་སྲ་བརྟན་དང་མཐོ་རུ་བཏང་ནས་གྲོང་གསེབ་ཀྱི་སློབ་ཁྲིད་ཁོར་ཡུག་ལེགས་སུ་གཏོང་བ་དང་། སློབ་གྲྭ་དང་དགེ་སློབ་ཚོའི་བདེ་འཇགས་འགན་ལེན་བྱེད་པ། སློབ་ཤོར་ཚོད་འཛིན་དང་སློབ་ཞུགས་འགན་ལེན་དང་། ཁྱིམ་ཚང་གི་དཔལ་འབྱོར་ཐད་དམིགས་བསལ་དཀའ་ངལ་ཡོད་པའི་སློབ་མར་སློབ་གསོའི་རོགས་སྐྱོར་བྱེད་པ་སོགས་ཀྱི་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་འདེགས་ཡག་པོ་ཞུ་དགོས་པ་དང་།
          —— ལས་རིགས་ཞིང་པ་གསར་པ་གཙོ་བོར་བྱེད་པའི་གྲོང་གསེབ་ཀྱི་ཉེར་སྤྱོད་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་སྡེ་ཁུལ་གྱི་སློབ་གསོ་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་། ལས་ཞུགས་མཛུབ་ཁྲིད། ལས་གཏོད་རོགས་སྐྱོར་སོགས་ཀྱི་ངལ་རྩོལ་ལས་ཞུགས་ཞབས་ཞུར་ཤུགས་སྣོན་རྒྱག་དགོས་པ།
          —— གཞི་རྩའི་རྒན་གསོ་འགན་བཅོལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ། ལས་རྨས་ལས་ཤོར་དང་བུ་བཙའི་འགན་བཅོལ་སོགས་ཀྱི་སྤྱི་ཚོགས་ཀྱི་འགན་བཅོལ་ཞབས་འདེགས་ཡག་པོ་ཞུ་དགོས་པ།
          —— སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་སྤྱི་ཚོགས་ཀྱི་ཕན་བདེའི་ལམ་ལུགས། གཟིགས་སྐྱོང་བཀོད་སྒྲིག་སྲིད་ཇུས་བཅས་དོན་འཁྱོལ་བྱས་ནས་འགན་ལེན་བྱ་ཡུལ་ལ་གཞི་རྩའི་རྒན་གསོའི་ཞབས་འདེགས་ཞུ་བ་དང་། དབང་པོ་སྐྱོན་ཅན་ལ་གཞི་རྩའི་སྤྱི་པའི་ཞབས་འདེགས་ཞུ་དགོས་པ་དང་། ཞིང་པ་ལས་མི་དང་དམིགས་བསལ་དཀའ་ངལ་ཡོད་པའི་བྱིས་པ་སོགས་དམིགས་བསལ་མི་ཚོགས་དང་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ཁེ་དབང་སྲུང་སྐྱོང་བྱེད་པ་སོགས་ཀྱི་གཞི་རྩའི་སྤྱི་ཚོགས་ཞབས་འདེགས་ཞུ་དགོས་པ།
          —— སྤྱི་པའི་འཕྲོད་བསྟེན་དང་། གཞི་རྩའི་སྨན་བཅོས། འཆར་ལྡན་བུ་བཙའ་སོགས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ལས་དོན་ལེགས་པར་སྒྲུབ་དགོས་པ།
          —— སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་གནའ་བོའི་གྲོང་སྡེ་དང་། གྲགས་ཅན་གནའ་བོའི་ཤིང་རིགས། ལོ་རྒྱུས་རིག་གནས་ལྡན་པའི་གྲོང་ཚོ་དང་གྲོང་རྡལ་སྲུང་སྐྱོང་དང་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ། དམངས་ཡོངས་ཀྱིས་དཔེ་དེབ་བལྟ་བ་དང་། གྲངས་འཛིན་རླུང་འཕྲིན་བརྙན་འཕྲིན་དུད་ཚང་ཀུན་ལ་ཁྱབ་པ། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་རིག་གནས་ལུས་རྩལ་བྱེད་སྒོ་སོགས་སྤྱི་པའི་རིག་གནས་ལུས་རྩལ་ཞབས་ཞུའི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་དགོས་པ་བཅས་རེད།
          “གཞུང་དངུལ”ལ་དོ་དམ་ཡག་པོ་བྱེད་དགོས་པ།
          ཤང་དང་གྲོང་རྡལ་སྲིད་གཞུང་གི“གཞུང་དངུལ”ལ་ཇི་ལྟར་བྱས་ནས་དོ་དམ་ཡག་པོ་བྱེད་དགོས་སམ། དེའི་ཐད་བསམ་འཆར་ནང་ཤང་དང་གྲོང་རྡལ་གི་གཞི་རྩའི་སྤྱི་པའི་ཞབས་ཞུར་མ་དངུལ་གཏོང་བའི་ལམ་སྲོལ་ལེགས་སུ་གཏོང་བ་དང་ཤང་དང་གྲོང་རྡལ་གི་ནོར་སྲིད་དོ་དམ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུར་བླང་བྱ་ཁ་གསལ་བཏོན་ཡོད་པ་སྟེ།
          —— རྫོང་རིམ་པ་ཡན་གྱི་ས་གནས་རིམ་ཁག་སྲིད་གཞུང་གིས་ཤང་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྤྱི་པའི་ཞབས་ཞུའི་རྣམ་གྲངས། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་བཅས་ལ་རྒྱབ་སྐྱོར་བྱས་ཏེ་ཡིད་རྟོན་དངུལ་བུན་གྱི་མ་དངུལ་གྲོང་གསེབ་དང་གྲོང་རྡལ་ཆུང་གྲས་ལ་གཏོང་དགོས་པ་དང་།
          —— རྫོང་རིམ་པ་ཡན་གྱི་སྲིད་གཞུང་དང་དེའི་སྡེ་ཚན་གྱིས་བཀོད་སྒྲིག་བྱས་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་འཛུགས་སྐྲུན་རྣམ་གྲངས་གཞན་དག་རྫོང་རིམ་པ་ཡན་གྱི་སྲིད་གཞུང་གི་འགན་དབང་ཁོངས་སུ་གཏོགས་པས་མ་དངུལ་འདང་ངེས་བཀོད་སྒྲིག་བྱེད་དགོས་པ་ལས་ཤང་དང་གྲོང་རྡལ་གྱི་རྣམ་གྲངས་ཀྱི་ལྷན་སྦྱར་མ་དངུལ་བཀོད་སྒྲིག་བྱེད་རྒྱུའི་རེ་བ་འདོན་མི་རུང་བ།
          —— རྫོང་རིམ་པའི་སྲིད་གཞུང་གིས་ཁོངས་གཏོགས་ཤང་དང་གྲོང་རྡལ་གྱི་མཐུན་སྦྱོར་འཕེལ་རྒྱས་འགན་འཁྲིར་སྤྱི་འདོམས་བྱས་ནས་ཤང་དང་གྲོང་རྡལ་གྱི་མ་དངུལ་ཁ་ཐང་བའི་སྟོང་ཆ་སྐོང་རོགས་བྱེད་དགོས་པ་བཅས་རེད།
          དེ་དང་དུས་མཚུངས་བསམ་འཆར་ནང་ཤང་དང་གྲོང་རྡལ་གྱི་སྔོན་རྩིས་གཅུན་འདོམས་བྱེད་ནན་དུ་བཏང་ནས་སྔོན་རྩིས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ་དང་། གྲོན་དངུལ་འགྲོ་སོང་ཚད་ལྡན་དུ་གཏོང་བ། ལྟ་སྐུལ་དོ་དམ་བྱེད་ནན་དུ་གཏོང་བ། ཤང་དང་གྲོང་རྡལ་གྱིས་བུ་ལོན་ལེན་རྒྱུ་གཏན་འགོག་བྱེད་པ། བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་སེལ་བ་བཅས་བྱས་ནས་ནོར་སྲིད་ཀྱི་གཏོང་སེམས་དོ་སྙོམས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད།
          “རྐང་འཛིན་པ”གནས་པ་བྱེད་པ།
          ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་ནི་ཤང་དང་གྲོང་རྡལ་གྱི་ལས་ཀའི་བྱེད་པོ་ཡིན་པས་ཤང་དང་གྲོང་རྡལ་གྱི་བྱ་གཞག་གི“རྐང་འཛིན་པ”དེ་དག་གནས་ཐུབ་པ་བྱེད་པ་དང་ཁོང་ཚོ་བློ་བདེ་པོའི་ངང་ལས་ཀ་བྱེད་ཐུབ་པ་བྱ་རྒྱུ་ནི་ཤང་དང་གྲོང་རྡལ་གྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་འགག་རྩ་ཞིག་ཡིན། ཤང་དང་གྲོང་རྡལ་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བསམ་འཆར་ནང་རིགས་ཁག་གི་ཤེས་ལྡན་མི་སྣ་ཤང་དང་གྲོང་རྡལ་སྐྱོད་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་མ་ལག་འཛུགས་པ་དང་ འཐུས་སྒོ་ཚང་དུ་བཏང་སྟེ་འཆར་གཞི་ཡོད་པའི་སྒོ་ནས་རྫོང་རིམ་པ་ཡན་ལས་ཁུངས་ཀྱི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་གཞོན་ནུ་ལས་བྱེད་པ་ཤང་གྲོང་དུ་ལས་གནས་བསྐོ་གཞག་དང་གནས་སྐབས་ལས་གནས་འཁུར་རྒྱུར་འདེམས་གཏོང་བྱས་ཏེ་ཕུལ་བྱུང་གི་གྲོང་ཚོའི་ལས་བྱེད་པའི་ཁྲོད་ནས་ཤང་དང་གྲོང་རྡལ་གཞུང་ལས་པ་དང་བྱ་གཞག་ཚན་པའི་སྒྲིག་ཁོངས་ཀྱི་མི་སྣ་བསྡུ་ཚད་ཆེ་རུ་བཏང་སྟེ་ཤང་དང་གྲོང་རྡལ་དབར་དང་ཤང་གྲོང་དང་རྫོང་རིམ་པའི་ལས་ཁུངས་དབར་གྱི་ལས་བྱེད་པ་སྤེལ་རེས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པ་དང་།
          ཤང་དང་གྲོང་རྡལ་བྱ་གཞག་ཚན་པའི་སྒྲིག་ཁོངས་མི་སྣའི་ལས་གནས་གདན་ཞུ་དང་། གོ་གནས་སྤོར་བ། གོ་མིང་ཞིབ་དཔྱད་གཏན་འཁེལ་བཅས་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་པ།
          ཤང་དང་གྲོང་རྡལ་བྱ་གཞག་ཚན་པའི་སྒྲིག་ཁོངས་མི་སྣ་དང་། ཕུལ་བྱུང་གྲོང་ཚོའི་ལས་བྱེད་པ། སློབ་ཆེན་ཐོན་པའི་གྲོང་དཔོན་བཅས་ཀྱི་ཁྲོད་ཤང་གྲོང་འགོ་ཁྲིད་ལས་བྱེད་པ་འདེམས་བསྐོ་བྱ་རྒྱུར་སྣང་ཆེན་བྱེད་དགོས་པ།
          རྫོང་རིམ་པ་མན་གྱི་ལས་ཁུངས་ཀྱི་གཞུང་ལས་པའི་ལས་གནས་དང་རིམ་པ་མཉམ་སྒྲུབ་ཀྱི་ལམ་ལུགས་ལག་བསྟར་བྱས་ནས་ཤང་དང་གྲོང་རྡལ་ལས་ཀའི་ཁ་གསབ་དང་དཀའ་ཚེགས་ཆེ་བའི་རྒྱང་རིང་ལུང་ཁུག་གི་ཁ་གསབ་དངུལ་གྱི་སྲིད་ཇུས་དོན་འཁྱོལ་བྱེད་དགོས་པ་བཅས་ཁ་གསལ་བཏོན་ཡོད།
          རིགས་གཅིག་མཁས་ཅན་གྱིས་བསམ་འཆར་བཏོན་པ་དེས་ཤང་གྲོང་སྲིད་གཞུང་གི་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས་ཤང་གྲོང་སྲིད་གཞུང་གི་ཞབས་ཞུ་སྒྲུབ་ནུས་མཐོ་རུ་ཕྱིན་ཏེ་ཤང་དང་གྲོང་རྡལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྔར་བས་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་བཤད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716