སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་གིས་མཐོ་རིམ་ལས་བྱེད་པས་ཆབ་སྲིད་ཀྱི་ནུས་པ་མཐོར་འདེཊ་བྱེད་པ་གཙིཊ་སུ་འཛིན་དགོས་ཞེས་གསུང་བ།
སྤེལ་དུས། 2017-02-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བསོད་ནམས་འཚོས་བསྒྱུར།
          ཟླ2པའི་ཚེས13ཉིན། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་རིམ་པའི་འགོ་ཁྲིད་པ་གཙོ་བོས་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཆེད་དོན་ཞིབ་འཇུག་དང་གྲོས་བསྡུར་འཛིན་གྲྭ་ཚུགས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཞིབ་བསྡུར་འཛིན་གྲྭ་ཚུགས་པའི་མཛད་སྒོ་སྟེང་གསུང་བཤད་གལ་ཆེན་གནང་སྟེ། “མཐོ་རིམ་ལས་བྱེད་པས་ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་བྱེད་པ་གཙིགས་སུ་འཛིན་དགོས”ཞེས་ལོ་གསར་པའི་ནང“ཏང་གི་སློབ་ཁྲིད”ཐོག་མ་གནང་བྱུང་། ཐེངས་འདིའི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་གོ་དོན་ཕུན་སུམ་ཚོགས་ལ། ཆོད་གཏམ་གསར་པ་དང་རིགས་ལམ་གསར་པ་མི་ཉུང་བ་བཏོན་ཡོད། རྒྱལ་སྲུང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡན་ཞའོ་ཧྥུན་སོགས་མཁས་པས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་འདིས“རང་ཉིད་ཀྱིས་ཅི་ལྟར་བསྒྲུབ་དགོས་པ་དང”“དཔུང་སྡེར་སྣེ་ཁྲིད་ཅི་ལྟར་བྱེད་པའི” གནད་དོན་རིགས་གཉིས་གསལ་བོར་གསུང་ཡོད་སྙམ། 
          “ཆབ་སྲིད་གླེང”བ་ལ་ངེས་ཤུགས་བཞི་ཇེ་དྲག་ཏུ་གཏོང་བ་སྟེ། འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ནུས་པ་དང་འགོ་ཁྲིད་ཀྱི་འགན་འཁྲི་ཕན་ཚུན་ཆ་སྡེབ་ཡོང་དགོས། 
          ཚད་དང་མཐུན་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཇི་ལྟར་བྱེད་དགོས་ཞེ་ན། “ཆབ་སྲིད་གླེང་བ”ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་པའི་བླང་བྱ་ཞིག་ཡིན། ན་ནིང་གི་ཟླ1པའི་ཚེས11ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བརྒྱད་གཅིག་ཐོག་ཁང་ཆེན་མོ་རུ་ལེགས་སྒྲིག་འཛུགས་གྲུབ་བྱུང་བའི་རྗེས་ཀྱི་དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་སོ་སོའི་འགན་འཁྲི་པར་མཇལ་འཕྲད་གནང་སྐབས“དམག་ཨུའི་ལས་ཁུངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་གླེང་བ་ནི་བླང་བྱ་དང་པོར་འཇོག་དགོས”ཞེས་ནན་གྱིས་བསྟན། “ཆབ་སྲིད་གླེང་བ་ནི་རང་རེའི་ཏང་གིས་འཚོ་བཅུད་ཁ་སྣོན་གྱིས་ལུས་སྟོབས་རྒྱས་པར་བྱེད་པའི་གཞི་རྩའི་ཁག་ཐེག་ཡིན” དང་། “མཐོ་རིམ་ལས་བྱེད་པས་ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་བྱེད་པ་གཙིགས་སུ་འཛིན་དགོས”ཞེས་ཚེས13ཉིན་གྱི་གསུང་བཤད་ཁྲོད།  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཀྱིས་རྒྱ་ཆེ་བའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་སྒོས་སུ་མཐོ་རིམ་ལས་བྱེད་པར་བྱེ་བྲག་གི་བླང་བྱ་བཏོན་པ་སྟེ། ཆབ་སྲིད་ཀྱི་གོམས་སྦྱོང་བརྡར་གསུམ་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་ཉམས་མྱོང་གསོག་འཇོག་བྱས་ཏེ། རང་རྟོགས་སྒོས་ཆབ་སྲིད་གླེང་བ་དེ་ཏང་གཤིས་སྦྱོང་བརྡར་གྱི་གོ་རིམ་ཡོངས་སུ་བསྟར་ལ་བརྒྱུས་ནས། རང་ཉིད་ཀྱི་ཆབ་སྲིད་ནུས་པ་དང་ཁུར་དུ་བླངས་པའི་འགོ་ཁྲིད་ཀྱི་འགན་འཁྲི་ཕན་ཚུན་ཆ་སྡེབ་ཡོང་བར་བྱེད་དགོས།  གསུང་བཤད་དེ་ནི་མཐོ་རིམ་ལས་བྱེད་པར་ཡང་བསྐྱར་ཏང་གི་སློབ་ཁྲིད་ཅིག་གནང་བ་དང་མཚུངས་ཏེ།“རང་ཉིད་ཀྱིས་ཅི་ལྟར་བསྒྲུབ་དགོས་པ་དང”“དཔུང་སྡེར་སྣེ་ཁྲིད་ཅི་ལྟར་བྱེད་པའི” གནད་དོན་རིགས་གཉིས་གསལ་བོར་གསུང་འདུག 
          འགོ་ཁྲིད་ལས་བྱེད་པ་དང་སྒོས་སུ་མཐོ་རིམ་ལས་བྱེད་པས་ཉིན་རྒྱུན་འཚོ་བ་དང་བྱ་བའི་ཁྲོད་ཆབ་སྲིད་ཀྱི་ནུས་པ་མཐོར་འདེགས་ཇི་ལྟར་བྱེད་པའི་ཐད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་གསུང་བཤད་ཁྲོད“ངེས་ཤུགས”བཞི་ཇེ་དྲག་ཏུ་གཏོང་དགོས་པའི་གྲོས་གཞི་བཏོན་པ་མ་ཟད། “མི་རུང་བ་གསུམ”གྱི་བླང་བྱ་བཏོན་པ་སྟེ། “ཆབ་སྲིད་ངེས་ཤུགས་དང་སྒྲིག་ཁྲིམས་ངེས་ཤུགས། ཀུན་སྤྱོད་ངེས་ཤུགས།  རུལ་འགོག་ངེས་ཤུགས” བཅས་ཇེ་དྲག་ཏུ་གཏོང་བ་དང་། དུས་ནམ་ཡང“མི་ལྷོད་པ་དང་སྒྲིག་ལམ་དང་མི་འགལ་བ། ལམ་སྲོལ་དང་མི་འགལ་བ”བཅས་བྱེད་དགོས།  སྒོས་སུ་སྒེར་ལྐོག་གང་རུང་དང་མི་མེད་ས།  དོན་བྱ་ཕྲན་བུ་བཅས་ཀྱི་སྟེང་ནས་རང་ཞིབ་གཟབ་ནན་བྱེད་པ་དང་། ནམ་ཡང་ཞེད་སྣང་ཡོད་པ་དང་ལག་ཏུ་ཚད་ཤིང་ཐོགས་དགོས། 
          རང་ཉིད་གསར་བརྗེ་བྱེད་ཕོད་པ་སྟེ། རྙིང་དོར་གསར་འཛུགས་བྱས་ཏེ་ཏང་དང་མི་དམངས་ཀྱི་ལས་དོན་ལ་སྐྱེ་སྟོབས་གསར་པ་སྣོན་པ། 
          རང་ཉིད་གསར་བརྗེ་བྱེད་ཕོད་པ་ནི་རང་རེའི་ཏང་གི་ཆེས་ཁྱད་ཆོས་ལྡན་པའི་གཤིས་ཀ་ཡིན་ལ། རང་རེའི་ཏང་གི་ཆེས་ཆེ་བའི་ལེགས་ཆ་ཞིག་ཀྱང་ཡིན།  ན་ནིང་གི་ཟླ7པའི་ཚེས1ཉིན་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར95འགོར་བའི་ཚོགས་ཆེན་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ང་ཚོས་རང་ཉིད་གསར་བརྗེ་བྱེད་ཕོད་པའི་སྙིང་སྟོབས་དང་། བློ་བརྟན་འགྱུར་མེད་ཀྱི་སེམས་ཤུགས་ལ་བརྟེན་ནས་བཅོས་བསྒྱུར་སྐུལ་སྤེལ་བྱེད་དགོས་ཞེས་བསྟན། ཚེས13ཉིན་གྱི་གསུང་བཤད་ཁྲོད། སྤྱི་ཁྱབ་ཧྲུའུ་ཅིས་ཡང་བསྐྱར“རང་ཉིད་གསར་བརྗེ་བྱེད་པའི་སྙིང་སྟོབས”ནན་གྱིས་བསྟན་པ་མ་ཟད། ཏང་དར་སྤེལ་དང་ཏང་སྟོབས་ལྡན་དུ་གཏོང་ན། ངེས་པར་དུ་རང་ཉིད་གསར་བརྗེ་བྱེད་ཕོད་པའི་སྙིང་སྟོབས་ཀྱིས་རང་ཉིད་གསར་སྐྲུན་དང་ཞུན་བརྡར་བྱེད་དགོས་ཞེས་གསུང་། རྙིང་དོར་གསར་འཛུགས་དང་དྲང་བདེན་འཛིན་ཞོར་གསར་འཛུགས་བྱེད་པའི་ཁྲོད་རང་ཉིད་མཆོང་བརྒལ་བྱེད་པར་བརྩོན་ན། ད་གཟོད་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་རྒྱུན་ཆད་མེད་པར་སྐྱེ་སྟོབས་ལྡན་པའི་གསོན་ཤུགས་བསྩལ་ཐུབ། 
          ཏང་ཡོན་ཁྲི8800ལྷག་དང་ཏང་རྩ་འཛུགས་ཁྲི440ལྷག་ཡོད་པའི་ཏང་སྲིད་ཅིག་གིས་རང་ཉིད་གསར་བརྗེ་ཇི་ལྟར་བྱེད་དམ། “ཏང་གིས་རང་ཉིད་གཙང་སྒྱུར་དང་རང་ཉིད་འཐུས་ཚང་། རང་ཉིད་གསར་སྒྱུར། རང་ཉིད་མཐོར་འདེགས་བཅས་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་ནི།  རང་རེ་ཏང་གིས་རང་ཉིད་གསར་བརྗེ་བྱེད་ཕོད་པའི་མཚོན་སྟངས་གལ་ཆེན་ཡིན” 
          སྨྱན་སྦྱོར་པས་དཔྱད་བརྗོད་སྤེལ་བའི་ནང་བསྟན་པ་ནང་བཞིན། ལོ་རྒྱུས་ཀྱི་ལས་འགན་ཁུར་དུ་ལེན་ཕོད་པའི་ཏང་ཆེན་པོ་ཞིག་ཡིན་པའི་ཆ་ནས། ཀྲུང་གོ་གུང་ཁྲན་ཏང་གིས་རང་ཉིད་གསར་སྒྱུར་བྱེད་པའི་ནང་ཁུལ་གྱི་ནང་རྐྱེན་ཆ་ཚང་ཞིག་བདག་ཏུ་བཟུང་སྟེ། རང་སྟེང་གི་སྟོབས་ཤུགས་ལ་བརྟེན་ནས་རང་ཉིད་ཀྱི་ནོར་འཁྲུལ་ཡོ་བསྲང་བྱེད་བཞིན་འདུག ལོ་རྒྱུས་ལ་ཕྱི་མིག་ཅིག་འཕངས་ཚེ། རང་རེ་ཏང་དེང་རབས་ཀྲུང་གོའི་ཆབ་སྲིད་ཀྱི་སྟོབས་ཤུགས་སྣ་ཚོགས་ཀྱིས་ཉམས་སད་ཡང་ཡང་བྱས་འོག་གཟེངས་སུ་ཐོན་ཏེ། ནམ་ཡང་དུས་རབས་ཀྱི་མདུན་གྲས་སུ་སྐྱོད་པ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གཙོ་གཞིར་གྱུར་དོན་ཡང་རང་རེ་ཏང་གིས་ཐོག་མཐའ་བར་གསུམ་ནས་རང་སྟེང་གི་གསར་བརྗེ་སྙིང་སྟོབས་རྒྱུན་འཁྱོངས་བྱས་པས་རེད། 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716