སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིས་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པ་གཙོ་སྐྱོང་གནང་བ།
སྤེལ་དུས། 2017-03-02   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  མིག་དམར་རྒྱ་མཚོས་བསྒྱུར།

          ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཞིས་ཅིན་ཕིང་གིས་སྤྱི་ཟླ་གཉིས་པའི་ཚེས་༢༨ཉིན་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས་བཅོ་ལྔ་པ་གཙོ་སྐྱོང་གནང་ཡོད། ཞིས་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་བ་དང་། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ལས་འགན་གལ་ཆེན་ཞིག་ཡིན་པས། སྤྱི་ཁོག་དང་ཕྲ་མཐོང་། རྒྱལ་ནང་དང་རྒྱལ་སྤྱི། འཐབ་ཇུས་དང་འཐབ་རྩལ་བཅས་ཟུང་སྦྲེལ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་དང་། གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས། དུས་ཐོག་ཏུ་གལ་ཆེའི་འཐབ་ཇུས་གནད་དོན་ལ་ཞིབ་འཇུག གནས་བབ་ཧྲིལ་པོ་དང་འབྲེལ་བ་ཡོད་པ་དང་རྒྱང་རིང་དང་འབྲེལ་བ་ཡོད་པའི་གནད་དོན་སྔ་ཙམ་བཀོད་སྒྲིག་བྱེད་པ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་མཛུབ་ཁྲིད་བྱས་ཏེ། དོན་ཆེན་འཆར་འགོད་དང་ཞིབ་ཕྲའི་སྲིད་ཇུས་གཏན་འབེབས་བཟོ་རྒྱུ་གཉིས་ཟུང་སྦྲེལ་དམ་ཟབ་བྱེད་པ། འགན་ཁྲིའི་ལས་བགོས་ལ་ཤུགས་སྣོན། དོན་དངོས་ཕན་འབྲས་མ་ཐོན་བར་ཏན་ཏན་ཏིག་ཏིག་ངངལས་དོན་སྒྲུབ་དགོས་པའི་ནན་བཏོན་གནང་ཡོད།

          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཀྲང་ཀའོ་ལིས་གྲོས་ཚོགས་ལ་ཕེབས་ཡོད་པ་རེད།

          གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་གྱི་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་ལས་དོན་དང་སྤྱི་ལོ་༢༠༡༧ལོའི་གཙོ་གནད་ལས་དོན་སྐོར་གྱི་སྙན་ཞུར་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་། མི་དམངས་དངུལ་ཁང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ། བཟོ་སྐྲུན་ལས་རིགས་དར་རྒྱས་སོགས་ཀྱི་ལས་ཀའི་རིག་ལམ་སྐོར་གྱི་སྙན་ཞུ་གསན་གནང་ཡོད།

          ཞིས་ཅིན་ཕིང་གིས། སྤྱི་ལོ་༢༠༡༧ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་བརྟན་པོའི་ཁྲོད་ཡར་རྒྱས་གཏོང་བའི་ལས་དོན་གྱི་སྤྱིའི་གནས་གཞི་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་འགན་ལེན། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་འགན་ལེན་བྱེད་པ། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་ལ་ནུས་ལྡན་གྱི་འཕེལ་རིམ་ཐོན་པ་བཅས་བྱེད་དགོས་པའི་ནན་བཏོན་གནང་བ་དང་།

          ཞིས་ཅིན་ཕིང་གིས། དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་པར་ལྟ་སྐུལ་དོ་དམ་གྱི་མཐུན་སྦྱོར་སྒྲིག་གཞི་གང་མགྱོགས་འཛུགས་དགོས། རྒྱལ་སྤྱིའི་ཚད་གཞི་གཞིར་བཟུང་། བླང་བྱ་གསལ་པོ་འདོན་དགོས་པའི་ནན་བཏོན་གནང་བ་དང་། ཞིས་ཅིན་ཕིང་གིས། ས་ཁང་ཐོན་ལས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་ཐུབ་པའི་ཕུགས་ཕན་སྒྲིག་གཞི་འཛུགས་པ་དང་། ཁང་པ་སྡོད་ས་ཡིན་པ་ལས་མགོ་བདེ་གླག་འཚོང་བྱེད་ས་མིན་པའི་གནས་བབ་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས། སྲིད་ཇུས་རབ་དང་རིམ་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁང་ཐོན་ལས་ཀྱི་ཁྲོམ་ར་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན་པ་དང་། ཞིས་ཅིན་ཕིང་གིས། བཟོ་སྐྲུན་ལས་རིགས་དར་རྒྱས་གཏོང་བར་བཟོ་སྐྲུན་ལས་རིགས་དེ་འབོར་ཚད་མང་དུ་གཏོང་བ་ནས་སྤུས་ཚད་ལེགས་སུ་གཏོང་བའི་བར་གྱི་འཐབ་ཇུས་རང་བཞིན་གྱི་བརྗེ་སྒྱུར་ལ་སྐུལ་འདེད་བཏང་སྟེ། མཁོ་སྤྲོད་ཕྱོགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་འདུ་ཤེས་ལས་རིགས་དང་ཁེ་ལས་ཚང་མའི་སེམས་དབུས་སུ་གཏིང་ཟབ་ཟུག་པ་བྱེད་དགོས། རྒྱང་རིང་གི་འདུ་ཤེས་བཅངས་ཏེ་འབད་བརྩོན་ཆེན་པོས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས་པའི་ནན་བཏོན་གནང་བ་དང་། ཞིས་ཅིན་ཕིང་གིས། ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐོག་གཏན་འབེབས་བྱས་པའི་དོན་དག་རྣམས་དམ་འཛིན་ཡག་པོ་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། ལམ་ལུགས་ཐོག་འགན་ཁྲི་གསལ་པོ་བཟོ་བ་དང་། ལྟ་སྐུལ་འགན་ཁྲི་ཤུགས་ཆེར་བཏང་སྟེ། བཀའ་གསུང་ཅི་སྒྲུབ་ཞུ་རྒྱུར་འགན་ལེན་བྱེད་དགོས་ཞེས་གསུངས་གནང་བ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716