སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མངོན་པ།
སྤེལ་དུས། 2017-03-08   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ཚེ་རྣམ།
སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བླང་བྱ་མངོན་པ་དང་སྲིད་འཛིན་མཁན་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་མཛད་ཇུས་མངོན་པ།
          ནང་གནས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།
          སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འདས་ཟིན་པའི་ལོ་གཅིག་ནང་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་བ་དུ་མ་ཁྱད་དུ་བསད་དེ་མུ་མཐུད་མདུན་སྐྱོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས“ལོ་ལྔ་ཚན་བཅུ་གསུམ་པ”ཡི་འགོ་ཡག་པོ་ཞིག་བཙུགས་ཡོད་ཅེས་བསྟན་ཡོད། འཐུས་མི་དང་ཨུ་ཡོན་ཚོས་གྲོས་ཞིབ་དང་གྲོས་བསྡུར་གནང་སྐབས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བླང་བྱ་མངོན་གྱི་འདུག་ལ་སྲིད་འཛིན་མཁན་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་མཛད་ཇུས་ཀྱང་མངོན་གྱི་འདུག་ཅེས་གསུངས་པ་རེད།
          “སྤྱི་ཁྱབ་ཧྲུའུ་ཅིས་གསར་གཏོད་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་། གསར་གཏོད་དོན་གཉེར་བྱེད་པ་ནི་འབྱུང་འགྱུར་དོན་གཉེར་བྱེད་པ་ཞིག་ཡིན་ཞེས་གསུངས་མྱོང་ཡོད”ཧྲན་ཤིས་ཞིང་ཆེན་ཞིང་ལས་ཚན་རིག་ཁང་ཞིང་ལས་ཐོན་ཁུངས་དང་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་འཐུས་མི་ཡའོ་ཅན་མིན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མཐོ་སློབ་དང་ཚན་རིག་ཞིབ་འཇུག་ཁང་སུའོ་ཡི་རང་བདག་དབང་ཆ་དོན་འཁྱོལ་ཏན་ཏིག་དང་ལྕག་སྐུལ་སྲིད་ཇུས་ཁག་དོན་འཁྱོལ་བྱེད་དགོས་ཞེས་བཏོན་པ་དེ་ཚན་རྩལ་ལས་རིགས་དང་། ཤེས་ཡོན་ཅན། ཁེ་ལས་ཀྱི་ཤེས་ལྡན་པའི་གསར་གཏོད་ཀྱི་གསོན་ཤུགས་དངོས་འབྲེལ་འཕེལ་བར་བྱ་རྒྱུའི་ངོས་ནས་བརྗོད་ན་ཕན་པ་ཆེ་བ་ཞིག་རེད། གསར་གཏོད་ཀྱི་རྣམ་པའི་ཐོག་ནས་དངོས་ཚན་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་ཁྲིད་སྟོན་བྱེད་དགོས། གསར་གཏོད་ཀྱི་དཔྱིད་ཀ་ཤར་རྗེས་དཔལ་འབྱོར་འཕེལ་རྒྱས་ལ་ནང་གནས་ཀྱི་སྒུལ་ཤུགས་རྒྱུན་མི་ཆད་པར་ཡོང་རྒྱུ་ཡིན་ཞེས་གསུངས་པ་རེད།
          “སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ན་ནིང‘གསུམ་འདོར་གཅིག་གཅོག་གཅིག་གསབ’ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་འཁོད་ཡོད”ཧུའུ་པེའི་ཉི་འོད་ཁའེ་ཏི་ནུས་རྒྱུ་གསར་པ་ཚོགས་པ་ཚད་ཡོད་ཀུང་སིའི་འཐུས་མི་ཁྲེན་དབྱིས་ལུང་གིས་དེའི་ཐད་བློ་ཡིད་ཚིམ་པོ་གནང་ཞིང་། ཁོང་གིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་བྱེད་པར་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པའི་ཐད་སྔར་བཞིན་ཤུགས་རྒྱག་དགོས། ཞིབ་པར་བརྗོད་ན་ནུས་རྒྱུའི་ཁྱབ་ཁོངས་སུ་ནུས་རྒྱུ་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ནུས་རྒྱུའི་མཁོ་སྤྲོད་ཀྱི་གྲུབ་ཆ་ལེགས་སྒྲིག་བྱེད་པ། ཐཱན་ཉུང་དང་། ལྗང་མདོག རེས་འཁོར་བཅས་ཀྱི་འཕེལ་རྒྱས་ཡོང་བ་བྱེད་པ་བཅས་བྱས་ནས་དཔལ་འབྱོར་གྱི་ལས་རྣམ་གསར་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས་ཞེས་གསུངས་པ་རེད།
          ཁྲོམ་རའི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།
          “ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་རྗེས་ང་ཚོའི་ཁེ་ལས‘འཆིང་ཐག’ལས་རྦད་དེ་གྲོལ་སོང”ཧྲན་ཏུང་ཅིན་ཀྲེང་སྣོད་བཅུད་འདུ་འགོད་ཆེ་མོ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་འཐུས་མི་དབན་ལེན་པུའུ་ཡིས་སྲིད་འཛིན་མཆན་འགོད་དོན་ཚན་ཉུང་དུ་བཏང་རྗེས་ཁེ་ལས་ཀྱི་ཉོ་ཚོང་གི་མ་གནས་ཆག་པ་དང་། དེའི་ཁར་ཐོ་འགོད་མ་རྩའི་ཐོ་འགོད་ཆ་རྐྱེན་རིམ་བཞིན་ལྷུག་ཏུ་གཏོང་བ་ལས་ཁེ་ལས་གསར་པ་གཉེར་བར་སྟབས་བདེ་རུ་འགྲོ་གི་འདུག ཁྲོམ་རའི་ཁོར་ཡུག་ལེགས་པོ་ལས་ཁྲོམ་རའི་གསོན་ཤུགས་དང་ཁེ་ལས་ཀྱི་གསར་གཏོད་ནུས་པ་ཇེ་ཆེར་འགྲོ་བཞིན་ཡོད། སླད་ཕྱིན་སྲིད་གཞུང་གིས་སྒྱུར་བཅོས་རྣམ་གྲངས་དེར་སྔར་བས་སྐུལ་འདེད་བཏང་སྟེ་ཁེ་ལས་ལ་འགྲན་རྩོད་ཀྱི་ཁོར་ཡུག་དེ་བས་ལེགས་པ་ཞིག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          “རང་རྒྱལ་གྱི་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པས་ངེས་པར་དུ་ཕྱི་ཕྱོགས་སུ་སྒོ་དབྱེའི་ཆུ་ཚད་སྔར་བས་རྒྱ་ཆེར་གཏོང་དགོས”ཧྥུའུ་ཏན་སློབ་ཆེན་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དགེ་རྒན་ཆེ་མོ་བ་ཨུ་ཡོན་སུན་ནན་ཧྲེན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རང་རྒྱལ་གྱིས་ཕྱི་དངུལ་ཁྲོམ་རའི་ཆོག་འཐུས་ཚད་གཞི་སྔར་བས་དམའ་རུ་གཏོང་རྒྱུ་དང་། ཕྱི་དངུལ་ཁེ་ལས་འཛུགས་པ་དང་བསྒྱུར་རྒྱུ་དེ་ཞིབ་མཆན་འགོད་པ་ནས་ཐོ་འགོད་སྙན་སེང་གི་དོ་དམ་དུ་བསྒྱུར་རྒྱུ་ཡིན་ཞེས་འཁོད་ཡོད། སྒྱུར་བཅོས་བྱེད་ཤུགས་དེ་རིགས་ཕྱི་དངུལ་ནང་འདྲེན་གྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ཕྱི་དངུལ་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་མཚོན་བྱེད་ཅིག་ཡིན་པ་དེ་ཐོག་ནས་ཆུ་ཚད་མཐོ་བའི་སྒོ་དབྱེའི་དཔལ་འབྱོར་འཛུགས་སྐྱོང་བྱེད་པའི་ང་ཚོའི་ཆོད་སེམས་མངོན་གྱི་ཡོད་ཅེས་གསུངས་པ་རེད།
          འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།
          “སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འཐབ་ཇུས་ཆེན་པོ་གསུམ་དང་ཕྱོགས་ཆེན་པོ་བཞི་ཡི་འཕེལ་རྒྱས་ལས་འཕར་གཞི་དང་འཕར་རྒྱུད་གསར་པ་ཞིག་ཆགས་ཡོད་ཅེས་བསྟན་ཡོད”ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚན་ཧྲི་འཐུས་མི་ཀྲུའུ་ཡུས་ཧྭ་ཡིས་དར་རྒྱས་འགྲོ་འགོར་བའི་ས་ཁུལ་ལ་སྣང་ཆུང་བྱེད་མི་རུང་བའི་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་ཤུགས་ལྡན་ཡོད། ཁྱབ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན། ས་ཁུལ་དབར་གྱི་བར་ཁྱད་ཆུང་དུ་འགྲོ་བ་བྱེད་དགོས་ན་སྲིད་གཞུང་གི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རིམ་མགྱོགས་སུ་ཏན་ཏིག་གཏོང་དགོས་པ་མ་ཟད། ད་དུང་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་མཐའ་མཚམས་ས་ཁུལ་སོགས་ཁྱབ་ཁོངས་དབུལ་པོར་རྒྱབ་སྐྱོར་བྱེད་ཤུགས་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
          “སྔོ་ཞིང་དྭངས་པའི་རི་ཆུ་དང་གསེར་རི་དངུལ་རི་ཕན་ཚུན་མཉམ་འདྲེས་དང་གཉིས་ཕན་བྱེད་ཆོག་མོད། འོན་ཀྱང་འགག་རྩ་ནི་སྣོད་བཅུད་ཀྱི་མཐའ་ཚད་བསྲུངས་ཏེ་འཕེལ་རྒྱས་དོན་གཉེར་བྱ་རྒྱུར་ཐུག་ཡོད”ཀོང་ཏུང་ཧུའེ་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་འཐུས་མི་ཁྲེན་དབྱིས་ཝུའེ་ཡིས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་སྣོད་བཅུད་སྲུང་སྐྱོང་དང་ཁ་འབྲལ་ཐབས་མེད། “ལྗང་མདོག”བསྐྱུར་ཏེ“དེང་རབས་ཅན”གླེང་བ་ནི་མིག་རྒྱང་ཐུང་བའི་བྱ་སྤྱོད་ཅིག་རེད། དེ་གཉིས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ནུས་པ་ཆེ་རུ་བཏང་ཐུབ་ན་རྒྱུན་སྲིང་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་ཤུགས་གཞི་ནས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་མི་དམངས་མང་ཚོགས་ལ་ཐོབ་ཚོར་དེ་བས་མང་བ་ཡོང་ཐུབ་ཅེས་གསུངས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716