སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
《ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཛུགས་མགྱོགས་སུ་གཏོང་དགོས་པའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ།
སྤེལ་དུས། 2017-05-19   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  ཚེ་རྡོ།
ཀྲུང་གུང་ཀྲུང་དབྱང་གིས།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས་ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཛུགས་སྤེལ་མགྱོགས་སུ་གཏོང་་དགོས་པའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད། 《བསམ་འཆར》ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཡོང་བ་བྱེད་དགོས་ན་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཛུགས་མགྱོགས་སུ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་གཏིང་ཟབ་བྱེད་པ། མི་དམངས་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་མཐའ་འཁྱོངས་བྱེད་པ། ཀྲུང་གོར་གཞི་འཛུགས་པ་དང་ཕྱི་རྒྱལ་ལ་དཔེ་ལྟ་བ། ལོ་རྒྱུས་སྔོག་འདོན་དང་དེང་རབས་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ། མིའི་རིགས་ལ་སེམས་ཁུར་དང་འབྱུང་འགྱུར་ལ་ཁ་ཕྱོགས་པ། དེ་བཞིན་རྒྱུན་འཛིན་རང་བཞིན་དང་། མི་རིགས་རང་བཞིན། སྔོན་གཏོད་རང་བཞིན། དུས་རབས་རང་བཞིན། བརྒྱུད་རིམ་རང་བཞིན། ཆེད་ལས་རང་བཞིན་བཅས་གང་ལེགས་མཚོན་པར་བྱེད་པ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གསར་གཏོད་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་བསྒྲུབ་རྒྱུར་བསམ་བློ་དང་རིགས་པའི་གཞུང་ལུགས་ཐོག་ནས་འདེགས་སྐྱོར་ཆེན་པོ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
          《བསམ་འཆར》ནང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་སྔར་བས་ཡག་པོ་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བར་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ནུས་པ་འདོན་སྤེལ་གང་ལེགས་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་པས་ལོ་རྒྱུས་ཀྱི་རླབས་རྩེར་ལངས་པ་དང་བསམ་བློའི་སྔོན་བརྡ་བཏང་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་རིག་ལམ་དང་གཞུང་ལུགས་གཏོད་པ་དང་། སྒྲུབ་བྱེད་གསལ་འདོན་བྱེད་དགོས་པ་མ་ཟད། ད་དུང་ཐབས་འདོན་ཇུས་འདོན་ཡང་བྱེད་དགོས་ཞེས་བསྟན་ཡོད།
          《བསམ་འཆར》ནང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་མཐའ་འཁྱོངས་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དེ་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཏུ་བརྩིས་ཏེ་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་བཅས་སྒྲིག་འཛུགས་བྱས་ནས་གསུང་རྩོམ་སློབ་སྦྱོང་དང་ཞིབ་ཀློག་བྱེད་དགོས་པ་དང་། གསུང་རྩོམ་རྩོམ་སྒྲིག་ཡིག་སྒྱུར་དང་གསལ་འགྲེལ་གྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། སློབ་གསོ་སློབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གསར་པར་སློབ་སྦྱོང་དང་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རྒྱུན་ཆད་མེད་པར་སློབ་སྦྱོང་གཏིང་ཟབ་བྱེད་པ། འཚོལ་ཞིབ་གསར་པ་དང་ལག་ལེན་གསར་པ་ལེགས་སྒྲིག་དང་ཕྱོགས་སྡོམ་ཡག་པོ་བྱེད་པ་བཅས་བྱས་ཏེ་རིགས་པའི་གཞུང་ལུགས་ཐད་ཀྱི་མཐོང་རྒྱ་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་བྱེད་དགོས་ལ་རགས་བསྡུས་གསར་པའང་ཐུབ་པ་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་། དེང་རབས་ཅན། དམངས་བྱིངས་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་དང་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱང་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་དེ་རིག་ཚན་འཛུགས་སྐྱོང་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཚན་རིག་ཞིབ་འཇུག སློབ་ཚན་བཀོད་སྒྲིག བསླབ་གཞི་རྩོམ་འབྲི། རིག་གཞུང་གདེང་འཇོག་སོགས་ལྷུ་ཚིགས་ཁག་ནང་ཁྱབ་པར་བྱེད་དགོས་ཞེས་བསྟན་ཡོད།
          《བསམ་འཆར》ནང་ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རིག་ཚན་མ་ལག་འཛུགས་མགྱོགས་སུ་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རིམ་པ་དང་པོའི་རིག་ཚན་རྨང་གཞིའི་གནས་བབ་བརྟན་དུ་གཏོང་བ་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རིག་གནས་ཁྱབ་ཁོངས་ཁག་གི་མར་ཁེ་སི་རིང་ལུགས་ཀྱི་འབྲེལ་ཡོད་རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་དང་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་འཛུགས་པའི་མ་ལག་གསར་གཏོད་ཀྱི་འཆར་གཞི་ལག་ལེན་བསྟར་བ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ་འཕེལ་རྒྱས་གཏོང་དགོས་པ་དང་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་། ཆབ་སྲིད་དཔལ་འབྱོར་རིག་པ། ཚན་རིག་སྤྱི་ཚོགས་རིང་ལུགས་བཅས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་དགོས། ཕྱོགས་ཡོངས་དང་། ཁྱབ་ཁོངས་ཡོངས། གནད་ཆེའི་རྒྱུ་རྐྱེན་ཡོངས་བཅས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་མ་ལག་ཅིག་ཧུར་ཐག་འཛུགས་པ་དང་།
          མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལ་འདེགས་སྐྱོར་གྱི་ནུས་པ་ལྡན་པའི་རིག་ཚན་མགྱོགས་ནས་མྱུར་དུ་འཐུས་སྒོ་ཚང་དུ་གཏོང་བ། ཤེས་དཔལ་རྒྱུན་འཛིན་ལ་ཤུགས་རྐྱེན་ཧ་ཅང་ཆེ་ཞིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་པའི་རིག་ཚན་ཁག་གཅིག་གཙོ་གནད་བཀོད་སྒྲིག་བྱེད་པ། དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་གསར་དར་རིག་ཚན་དང་སྣོལ་མའི་རིག་ཚན་འཕེལ་རྒྱས་གཏོང་བ། རིག་གནས་ཀྱི་རིན་ཐང་དང་རྒྱུན་འཛིན་གྱི་དོན་སྙིང་གལ་ཆེན་ལྡན་པའི་སྟོངས་ལ་ཉེ་བའི་རིག་ཚན་དང་སྦྱོང་མཁན་ཉུང་བའི་རིག་ཚན་ལ་རྒྱབ་སྐྱོར་བྱེད་དགོས། བསླབ་གཞི་རྩོམ་སྒྲིག་གི་འཆར་འགོད་ལས་དོན་ལ་ཤུགས་རྒྱག་པ་དང་། མཐོ་སློབ་ཀྱི་བསླབ་གཞི་རྩོམ་ཞུས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བསླབ་གཞི་རྩོམ་འབྲི་དང་། ཁྱབ་གདལ། བེད་སྤྱོད་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བཅས་བྱས་ནས་མཁས་པ་དང་། སློབ་གྲྭ དཔེ་སྐྲུན་སྒྲིག་གཞི་བཅས་ཀྱི་ཧུར་བརྩོན་རང་བཞིན་འཕེལ་ཐབས་བྱེད་དགོས་ཞེས་བསྟན་ཡོད།
          《བསམ་འཆར》ནང་ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རིག་གཞུང་མ་ལག་འཛུགས་མགྱོགས་སུ་གཏོང་དགོས། ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་འཛུགས་པ་དང་། དུས་རབས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། རྒྱལ་སྤྱིའི་མིག་རྒྱང་འཛུགས་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་ཡང་གཏོང་བ། ཕྱི་རྒྱལ་གྱི་ཕན་པ་ཆེ་བའི་རིགས་པའི་གཞུང་ལུགས་ཀྱི་ལྟ་ཚུལ་དང་རིག་གཞུང་གྲུབ་འབྲས་ཧུར་བརྩོན་ཆེན་པོས་བསྡུ་ལེན་དང་དཔྱད་གཞིར་འཛིན་པ། ཐོན་ཁུངས་སྣ་ཚོགས་ལ་བརྟེན་པ་བཅས་བྱས་ནས་ཤེས་བྱ་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། བྱེད་སྟངས་གསར་གཏོད་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ་དང་། རིག་གཞུང་མ་རྩོམ་གྱི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། རིག་གཞུང་དང་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཚན་རིག་ཞིབ་འཇུག་གི་གསོན་ཤུགས་འཕེལ་བར་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་། སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་ནོར་སྲིད་ཚན་ཞིབ་རྣམ་གྲངས་ཀྱི་མ་དངུལ་དོ་དམ་དང་སྒྱུར་བཅོས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པ། ཤེས་ལྡན་མི་སྣ་གལ་ཆེན་དང་། གཡུལ་ས་གལ་ཆེན། ཞིབ་འཇུག་འཆར་འགོད་གལ་ཆེན། ཞིབ་འཇུག་རྣམ་གྲངས་གལ་ཆེན། མ་དངུལ་བགོ་བཤའ་གལ་ཆེན་བཅས་ལ་སྤྱི་འདོམས་དོ་དམ་ཡག་པོ་བྱེད་པ། རིག་གཞུང་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རྨང་གཞིའི་སྒྲིག་བཀོད་དང་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་མ་དངུལ་ཞལ་འདེབས་དང་རིག་གཞུང་ཐེབས་རྩ་ལྷན་ཚོགས་འཛུགས་པ་སོགས་ཐབས་ཤེས་བརྒྱུད་ཚན་ཞིབ་ཀྱི་ལས་དོན་སྤེལ་བའི་ཐད་སྤྱོད་རྒྱུར་སྐུལ་ལྕག་བཅས་བྱེད་དགོས་པ་དང་། རང་ངོས་ཀྱི་ཁྱད་ཆོས་ལྡན་པའི་རིག་གཞུང་གདེང་འཇོག་མ་ལག་འཛུགས་པ་དང་རིག་གཞུང་གི་སྟོན་ཕྱོགས་ཡང་དག་མཐའ་འཁྱོངས་བྱེད་དགོས། རིག་གཞུང་གི་སྤུས་ཚད་དང་། སྤྱི་ཚོགས་ཀྱི་ཤུགས་རྐྱེན། ཕན་འབྲས་དངོས་བཅས་བསྡུར་ཞིབ་ཀྱི་ཚད་གཞིར་བྱས་ནས་ཚན་ཞིབ་ཡིད་རྟོན་དོ་དམ་དང་གདེང་འཇོག་བྱས་འབྲས་ཡོངས་བསྒྲགས་སོགས་ལམ་ལུགས་འཛུགས་དགོས་པ་དང་། རིགས་དབྱེའི་གདེང་འཇོག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་ཞིབ་དུས་འཁོར་བཀོད་སྒྲིག་བྱེད་དགོས། ཞིབ་འཇུག་མི་སྣར་བློ་རྩེ་གཅིག་སྒྲིམ་གྱིས་བརྩོན་ཞིབ་དང་ཐོན་རྫས་སྤུས་དག་གཏོད་པའི་ཁྲིད་སྟོན་དང་སློབ་ཁྲིད་བྱེད་དགོས་ཞེས་བསྟན་ཡོད།
          《བསམ་འཆར》ནང་ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་སྐད་གཏམ་མ་ལག་འཛུགས་མགྱོགས་སུ་གཏོང་དགོས། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་གྲུབ་འབྲས་ཀྱི་ཚན་རིག་དང་མཐུན་པའི་ཆོས་ཉིད་འཆད་འགྲེལ་ཟབ་མོ་བྱས་ཏེ་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གྲུབ་འབྲས་ཀྱི་བསམ་བློ་གཙོ་བོ་དང་འགག་རྩའི་གཏམ་དག་རིག་ཚན་གྱི་ཁྱབ་ཁོངས་ཁག་ཏུ་མངོན་པར་བྱེད་དགོས་པ་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་འབྲས་བུ་དེ་ཐབས་ཇུས་བློ་འདྲི་དང་སློབ་གསོ་སློབ་ཁྲིད་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཚོགས་དང་སྤྱི་དམངས་ལ་ཞབས་འདེགས་དེ་བས་ཡག་པ་ཞུ་བ་དང་རྣམ་པ་སྣ་ཚོགས་ཀྱི་ཁྱབ་གདལ་བྱེད་སྒོ་སྤེལ་དགོས། ཀྲུང་གོའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཀྲུང་གོའི་ལག་ལེན་དངོས་ལ་འཆད་འགྲེལ་མཐའ་འཁྱོངས་དང་། ཀྲུང་གོའི་ལག་ལེན་དངོས་ལ་བརྟེན་ནས་ཀྲུང་གོའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་གོང་མཐོར་གཏོང་བ་མཐའ་འཁྱོངས། ཕྱི་ཕྱོགས་ལ་སྐད་ཆ་ཤོད་སྟངས་གསར་གཏོད་བཅས་བྱས་ནས་རྒྱལ་སྤྱིའི་ཐོག་གི་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།
          《བསམ་འཆར》ནང་སྣ་ཁ་འཛོམས་པ་དང་གོང་འོག་སྦྲེལ་མཐུད་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་དགོས། ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་ལས་ཀའི་གོ་མིང་ཞིབ་དཔྱད་གཏན་འཁེལ་བྱེད་པའི་ལམ་ལུགས་དང་ལས་གནས་གདན་ཞུའི་ལམ་ལུགས་ཚད་ལྡན་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཤེས་བྱའི་རིན་ཐང་སྤོར་བ་ཕྱོགས་སྟོན་དུ་བྱས་ཏེ་ཡོང་འབབ་བགོ་བཤའ་དང་ཡར་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རྩེར་སོན་ལ་གོང་བཀུར་དང་། སློབ་སྦྱོང་སློབ་ཁྲིད་དོ་ནན། དྲང་བདེན་ལ་སྣང་ཆེན། འགན་འཁྲི་དོན་འཁྱོལ་བཅས་ཀྱི་སློབ་སྲོལ་བཟང་པོ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། སྤྱོད་གཙང་གཞུང་དྲང་དང་། ཕན་ཚུན་སློབ་སྦྱོང་དང་ཉམས་མྱོང་སྤེལ་རེས། སྔོན་ཐོན་ཡར་བརྩོན་བཅས་ཀྱི་རིག་གཞུང་གི་ཁོར་ཡུག་གཏོད་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལས་དོན་པར་རིག་གཞུང་གི་ཀུན་སྤྱོད་ཡག་པོ་འཛུགས་པ་དང་རིག་གཞུང་ཚད་ལྡན་ལམ་སྲོལ་ལ་སྲུང་རྩི་ཞུ་རྒྱུའི་སློབ་གསོ་གཏོང་དགོས་ལ་ཁྲིད་སྟོན་ཡང་བྱེད་དགོས་ཞེས་བསྟན་ཡོད།
          《བསམ་འཆར》ནང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་དང་འགོ་ཁྲིད་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་དགོས། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་དེ་གནས་བབ་གལ་ཆེན་ཐོག་བཞག་སྟེ་ཆབ་སྲིད་ཀྱི་འགོ་ཁྲིད་དང་ལས་ཀའི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གནད་དོན་དངོས་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། ཇུས་འདོན་ཚོགས་པ་ཁག་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་ནས་ཇུས་འདོན་ཚོགས་པ་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལ་ཚན་རིག་གི་རྣམ་འགྱུར་བཟུང་སྟེ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལས་དོན་པའི་དཀའ་སྤྱད་སྡུག་རུས་དང་ཞིབ་འཇུག་བྱས་འབྲས་ལ་བརྩི་འཇོག་བྱེད་དགོས་པ་དང་། རང་འགུལ་ངང་རིགས་གཅིག་མཁས་ཅན་དང་མཁས་པ་དང་སྤེལ་རེས་དང་གྲོགས་པོ་འགྲིག་དགོས། ཏང་གི་ཤེས་ལྡན་མི་སྣའི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱེད་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་ཤེས་ལྡན་མི་སྣ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གཞུང་ལ་བརྩི་འཇོག་དང་། ཤེས་ལྡན་མི་སྣར་བརྩི་འཇོག ཚན་རིག་གོང་བཀུར། དམ་པ་དོན་གཉེར་བཅས་ཀྱི་རྣམ་པ་ཡག་པོ་ཞིག་གཏོད་དགོས་ཞེས་ནན་བཤད་བྱས་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716