སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོཊ་པའི་འགོ་ཁྲིད་པའི་དབུ་ཚོཊ་ཐེངས་བཅུ་གཉིས་པར་མུ་མཐུད་ཞུཊ་པ།
སྤེལ་དུས། 2017-07-11   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  པ་སངས་ཀྱིས་བསྒྱུར།
          ཤིན་ཧྭ་གསར་འགྱུར་ཁང་འཇར་མན་གྱི་གྲོང་ཁྱེར་ཧན་པའོ་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་གཉིས་པ་འཇར་མན་གྱི་གྲོང་ཁྱེར་ཧན་པའོ་རུ་མུ་མཐུད་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཞུགས་པ་རེད།
          ཨ་ཧྥེ་རི་ཁའི་རོགས་ཟླའི་འབྲེལ་བའི་གནད་དོན་སྐོར་ལ་གྲོས་བསྡུར་བྱེད་སྐབས་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་འཛམ་གླིང་གི་དཔལ་འབྱོར་དོ་སྙོམས་དང་བསྟུན་མཁས་ངང་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད། ཀྲུང་གོ་ནི་ཨ་ཧྥེ་རི་ཁ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ལྷག་བསམ་རྣམ་དག་གི་རོགས་ཟླ་ཡིན། ང་ཚོས་ཨ་ཧྥེ་རི་ཁར་དོན་དངོས་དང་ལྷག་བསམ་རྣམ་དག་གི་སྲིད་ཇུས་འདུ་ཤེས་འཛིན་པ་ལས་ཆབ་སྲིད་ཀྱི་ཆ་རྐྱེན་གཞན་གང་ཡང་མི་འདོན་པ་མ་ཟད། རྣམ་གྲངས་འཛུགས་སྐྲུན་ཧུར་ཐག་བྱས་ཏེ་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རོགས་རམ་བྱས་ཡོད། 2015ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དབུ་ཚོགས་ཐོག་ཀྲུང་གོས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི“མཉམ་ལས་ཀྱི་འཆར་གཞི་ཆེན་པོ་བཅུ”བཏོན་ནས་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་སྣེ་འཁྲིད་དུ་བྱེད་པ་དང་ཐོན་ལས་སྦྲེལ་མཐུད་དང་ཐོན་ནུས་མཉམ་ལས་གཙོ་གནད་དུ་བཞག་པ་དེ་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི《2063ལོའི་གྲོས་རིམ》དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་དོ་ཁུར་དང་མ་དངུལ་འཇོག་ཚད་མང་དུ་བཏང་སྟེ་ཐུན་མོང་ཐོག་ཧང་ཀྲའོ་དབུ་ཚོགས་ཀྱི《རྒྱལ་ཁབ་ཉི་ཤུ་ཚོགས་པས་ཨ་ཧྥེ་རི་ཁ་དང་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་བཟོ་ལས་ཅན་ལ་རྒྱབ་སྐྱོར་བྱ་རྒྱུའི་གྲོས་འགོ》དོན་འཁྱོལ་བྱ་རྒྱུའི་རེ་བ་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁའི་བྱ་བ་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་རང་ཐག་རང་གཅོད་བྱ་རྒྱུ་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཡང་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་རང་མོས་གདམ་ག་བྱེད་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད། ཨ་ཧྥེ་རི་ཁ་དང་མཉམ་ལས་བྱེད་པའི་ཐད“ཨ་ཧྥེ་རི་ཁས་བཏོན་པ་དང་། ཨ་ཧྥེ་རི་ཁས་མོས་མཐུན་བྱེད་པ། ཨ་ཧྥེ་རི་ཁས་གཙོ་ཁྲིད་བྱེད་པ”བཅས་ཀྱི་རྩ་དོན་ལ་བསྟུན་ནས་ཨ་ཧྥེ་རི་ཁའི་རང་ངོས་འཕེལ་རྒྱས་ཀྱི་འཆར་གཞི་དང་སྦྲེལ་མཐུད་ཐུབ་པ་བྱས་ཡོད་ཅེས་གསུངས་པ་རེད།
          གྲངས་གཞི་ཅན་གྱི་གནད་དོན་ལ་གྲོས་བསྡུར་གནང་སྐབས་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པས་ལག་གདང་སྦྲེལ་ནས་མཛའ་གྲོགས་རང་བཞིན་དང་ལས་ཞུགས་མཛའ་གྲོགས་རང་བཞིན་གྱི་གྲངས་གཞིའི་དཔལ་འབྱོར་བསྐྲུན་ཏེ་འཛམ་གླིང་དཔལ་འབྱོར་གྱི་ཡངས་པའི་བར་མཐོངས་གཏོད་ཆེད། གཅིག་ནས་ང་ཚོས་རང་འགུལ་ངང་གྲངས་གཞི་ཅན་གྱི་འགྱུར་ལྡོག་དང་མཐུན་པ་བྱས་ཏེ་དཔལ་འབྱོར་འཕར་རྒྱུའི་སྒུལ་ཤུགས་གསར་པ་སྐྱེད་སྲིང་དང་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་གྲངས་གཞིའི་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཉིས་ནས་ང་ཚོས་ཐུན་མོང་ཐོག་ཉེན་ཁ་དང་འགྲན་སློང་བསལ་ཏེ་གྲངས་གཞིའི་དཔལ་འབྱོར་བསྟུན་མཁས་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་གྲངས་གཞིའི་དཔལ་འབྱོར་གྱི་ཁྱབ་ཚུལ་རང་བཞིན་རྒྱ་ཆེར་གཏོང་བ་དང་ལྷོ་བྱང་གི་གྲངས་གཞིའི་འོབ་དོང་ཆུང་དུ་གཏོང་བ། གསུམ་ནས་ང་ཚོས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་ཐུན་མོང་ཐོག་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ཕན་པའི་རྒྱལ་སྤྱིའི་ཁོར་ཡུག་གཏོད་པ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་གྲངས་གཞི་ཅན་གྱི་བཀོལ་སྤྱོད་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716