སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
དཀར་མཛེས་རྫོང་དུ་ལས་རིགས་ལག་རྩལ་གྱི་སྦྱོང་བརྡར་སྤེལ་ནས་དབང་སྐྱོན་མི་སྣའི་སེམས་སུ་བདེ་དྲོད་སྟེར།
སྤེལ་དུས། 2013-01-28   ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོར་གྱིས་བསྒྲིགས།

   རྫོང་ཁྲོད་དུ་གཅེས་སེམས་འབུལ་བའི་རོགས་སྐྱོར་བྱེད་སྒོ་སྤེལ་བ་དེས་ང་ཚོ་དབང་པོ་སྐྱོན་ཅན་རྣམས་ལ་དེ་བས་སེམས་ཁུར་དང་དོན་ཁུར་བྱས་ཡོད་པས་མ་ཚད།སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་དང་རོགས་རམ་འོག་ངས་ཞོར་ཟས་ཁང་ཞིག་ཀྱང་བཙུགས་ཐུབ་བྱུང་། ཐེངས་འདིར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་ཏེ་ལག་རྩལ་སྦྱོང་བརྡར་སྤེལ་བ་དེས་ང་ཚོར་དེ་བས་ལས་རིགས་ལག་རྩལ་ཤེས་སུ་བཅུག་ནས་ཚོང་གཉེར་ཞོར་ཟས་ཁང་གི་ལས་ཀར་ཕན་ཐོགས་ཆེན་པོ་ཐོབ་ཡོད། ང་ཚོ་དབང་སྐྱོན་མི་སྣས་རྒྱལ་ཁབ་ཀྱི་རོགས་རམ་དང་རང་ཉིད་ཀྱིས་འབད་བརྩོན་ལ་བརྟེན་ནས་རང་ཁ་རང་གསོ་བྱས་ཐུབ་བྱུང་ཞེས་དབང་སྐྱོན་མི་སྣ་ཝང་ཀྲེང་ལིང་གིས་སེམས་འགུལ་ཐེབས་པའི་ངང་ནས་དེ་ལྟར་བརྗོད། ཉེ་ཆར། དཀར་མཛེས་རྫོང་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁམས་པའི་མགྲོན་ཁང་དུ་ཉིནརིང་གི་ལས་རིགས་ཞབས་ཞུའི་སྦྱོང་བརྡར་འཛིན་གྲྭ་བཙུགས་ཡོད་ཅིང་དཀར་མཛེས་གྲོང་རྡལ་ནས་ཡོང་བའི་དབང་སྐྱོན་མི་སྣ༣༡སྦྱོང་བརྡར་ནང་ཞུགས་པ་རེད།
རྫོང་དེའི་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྫོང་ཁྲིམས་འཛིན་ཅུས་དང་རྫོང་མི་ནུས་ཐོན་ཁུངས་དང་སྤྱི་ཚོགས་ཐོན་ཁུངས་ཅུས། དེ་མིན་ཞིང་ལས་ཚན་རྩལ་ཅུས་ཀྱི་ཆེད་ལས་མི་སྣ་གདན་འདྲེན་བྱས་ནས་དཔེ་ཁྲིད་བྱས་ཅིང་དབང་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་གི་བཅའ་ཁྲིམས་དང་རྣམ་པ་གསར་པའི་ཞིང་སྡེའི་མཉམ་ལས་སྨན་བཅོས་འགན་ལེན། ལས་གཉེར་སྲིད་ཇུས། སྔོ་ཚལ་སོན་འདེབས་ཀྱི་ལག་རྩལ། ཕྱུགས་ཟོག་གི་ནད་རིགས་འགོག་བཅོས་བཅས་ཀྱི་ནང་དོན་ཐད་ལ་སྒྲོག་འགྲེལ་གང་ལེགས་བྱས་པ་རེད།སྦྱོང་བརྡར་གྱི་སྐབས་སུ་སློབ་མ་ཚང་མས་སྤྲོ་སེམས་རབ་ཏུ་འཕེལ་བ་དང་བློ་རྩེ་གཅིག་ཏུ་བསྒྲིམས་ནས་སློབ་སྦྱོང་ལ་འབད་བརྩོན་བྱས་པས།སྦྱོང་བརྡར་དགེ་རྒན་ལའང་ཁོ་ཚོའི་སྙིང་སྟོབས་དང་སྡུག་རུས་ལས་སེམས་འགུལ་ཐེབས་པ་རེད།
ཉེ་ཆར་ལོ་ཤས་རིང་། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རོགས་རམ་དང་མཛུབ་སྟོན་འོག རྫོང་དེའི་གྲོང་རྡལ་གྱི་དབང་སྐྱོན་མི་སྣ༤༠ལྷག་ལ་ལས་གཉེར་གསར་སྣོན་བྱས་ཡོད་པ་རེད། ང་ཚོར་ཡིད་ཆེས་ཡོད། སྦྱོང་བརྡར་འདྲ་མིན་བརྒྱུད་ནས་འབྱུང་འགྱུར་དུ་དབང་སྐྱོན་མི་སྣ་དེ་བས་མང་པོ་ཞིག་གིས་རང་ཉིད་ཀྱི་བློ་གྲོས་དང་ཧུར་བརྩོན་གྱི་ལག་ཟུང་ལ་བརྟེན་ནས་མཛེས་སྡུག་གི་འཚོ་བ་ཞིག་རོལ་ཐུབ་ངེས་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060