སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མངའ་རིས་ས་ཁུལ་གྱི་འདམ་རའི་སྲུང་སྐྱོང་ལས་གཞིར་དགའ་འོས་པའི་གྲུབ་འབྲས་ཐོབ་པ།
སྤེལ་དུས། 2013-06-08   ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།   རྩོམ་སྒྲིག་པ།  སྐྱ་རེངས་ཀྱིས་བསྒྲིགས།

       གསར་འགོད་པས་བོད་ལྗོངས་མངའ་རིས་ས་ཁུལ་ནགས་ལས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མ་ཕམ་གཡུ་མཚོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འདམ་ར་སྲུང་སྐྱོབ་དང་། འཛུགས་སྐྲུན་སླར་གསོའི་ལས་གཞི་ཉིན་ཤས་གོང་གཞི་རྩའི་ཐོག་ལེགས་སྒྲུབ་བྱུང་ནས། འདམ་རའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་ནུས་པ་དང་སྐྱེ་ཁམས་དོ་མཉམ་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད། འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། མ་ཕམ་གཡུ་མཚོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འདམ་ར་སྲུང་སྐྱོབ་དང་འཛུགས་སྐྲུན་སླར་གསོའི་ལས་གཞིའི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི་ཚོ༢༩༠༠བཏང་ཡོད་པའི་ནང་། སྲུང་སྐྱོབ་ལས་གཞི་དང་ནུས་པ་འཛུགས་སྐྲུན་ལས་གཞི། སྦག་བཙོག་དངོས་པོ་ཚོད་འཛིན། ན་ག་དང་འདམ་ར་བཀག་གསོ། སྔོ་ཁེབས་སླར་གསོ་སོགས་རྣམ་གྲངས་ཚུད་ཡོད་པ་རེད།
      
ཤེས་རྟོགས་བྱུང་བར་གཞིགས་ན། འདས་ཟིན་པའི་ལོ༥ནས༦ཙམ་གྱི་དུས་ཚོད་ནང་། རང་ལྗོངས་ཀྱིས་མ་ཕམ་གཡུ་མཚོ་དང་སྨི་ཏི་ཁ་སོགས་རང་སྐྱོང་ལྗོངས་རིམ་པའི་འདམ་རྭའི་རང་བྱུང་སྲུང་སྐྱོབ་ཁུལ་བརྒྱད་གསར་དུ་སྐྲུན་པར་རྒྱ་ཁྱོན་སྤྱི་ཆིང་ཁྲི་ཚོ༥༣ལྷག་ཟིན་གྱི་ཡོད་པ་དང་། ད་ལྟ་མ་ཕམ་གཡུ་མཚོ་དང་སྨེ་ཏི་ཁ་འདམ་རྭ་རང་བྱུང་སྲུང་སྐྱོབ་ཁུལ་གཉིས་རྒྱལ་སྤྱིའི་གལ་ཆེའི་འདམ་རའི་མིང་ཐོའི་ནང་བཅུག་ཡོད་པ་རེད།
      
སླད་ཕྱིན་ལོ་ཤས་ནང་། རང་ལྗོངས་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་མཚོ་མོ་ངང་ལག་རིང་མོ་དང་ཟང་ཟང་། རྟ་མཆོག་ཁ་འབབ། ར་འོག་མཚེའུ་སོགས་གལ་ཆེའི་འདམ་ར་སྲུང་སྐྱོབ་དང་སླར་གསོའི་ལས་གཞི9ལག་བསྟར་བྱས་ཏེ། འདམ་ར་མང་ཆེ་བ་མུ་མཐུད་དེ་སྔོན་གྱི་རང་བྱུང་རྣམ་པ་རྒྱུན་འཁྱོངས་ཐུབ་པ་བྱས་ཐོག འདམ་རས་བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྐྲུན་པའི་ཐད་གལ་ཆེའི་ནུས་པ་འདོན་སྤེལ་ཐུབ་པ་བྱེད་རྒྱུ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060