སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་བྱ་འགུལ་སྤེལ་བ།
སྤེལ་དུས། 2013-06-08   ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། སྐྱ་རེངས་ཀྱིས་བསྒྲིགས།
སྤྱི་ཟླ༦པའི་ཚེས༤ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྤྱི་ལེ་གྲུ་བཞི་མ༡༠༠ཡི་ཆུའི་ཐོན་ཁུངས་སྲུང་སྐྱོང་རུ་ཁག་གི་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ།
       སྤྱི་ཟླ༦པའི་ཚེས༤ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཐེན་ཅིན་གྲོང་ཁྱེར་གྱིས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་སོགས་ཀྱིས་གཙོ་སྒྲུབ་བྱས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་བྱ་འགུལ་དེ་མཚོ་སྔོན་ཞིང་ཆེན་ཧི་ནན་སོག་རིགས་རང་སྐྱོང་རྫོང་དུ་སྤེལ། བྱ་འགུལ་ཡུལ་དངོས་སུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལྟེ་གནས་ཁུལ་གྱི་འགུལ་སྐྱོད་ལས་འགན་བསྒྲགས་གཏམ་ཁྱབ་སྒྲོག་བྱས་པ་མ་ཟད་ཆུའི་ཐོན་ཁུངས་ལྟ་ཞིབ་ཚད་ལེན་སྲུང་སྐྱོང་རུ་ཁག་བཙུགས་ལ། རྗེས་ཕྱོགས་སུ་ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་ཡོད་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ་དུས་ཡུན་རིང་བོར་ཆུའི་སྤུས་ཚད་ལ་ཞིབ་བཤེར་ཚད་ལེན་བྱེད་རྒྱུ་རེད།
སྤྱི་ཟླ༦པའི་ཚེས༤ཉིན། བོད་རིགས་ལས་བྱེད་པ་ཞིག་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་བརླན་སའི་ཆུའི་མ་དཔེ་ལེན་བཞིན་པ།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060