སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མཚོ་སྔོན་གྱི་ཡང་བའི་བཟོ་ལས་ཐོན་སྐྱེད་མགྱོགས་མྱུར་ངང་གོང་དུ་འཕེལ་ཞིང་སྤྱི་ཟླ༥བར་འཕར་བའི་རིན་ཐང་སྒོར་དུང་ཕྱུར༨༥ལེགས་འགྲུབ་བྱས་པ།
སྤེལ་དུས། 2013-06-21   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་སྒྲིག་པ།  རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། སྐྱ་རེངས་ཀྱིས་བསྒྲིགས།
       མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུའུ་ཡིས་བསྡོམས་རྩིས་ཆ་འཕྲིན་ལས་མངོན་པ་ལྟར་ན། སྤྱི་ཟླ༥བར། མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱིས་འཕར་བའི་རིན་ཐང་སྒོར་དུང་ཕྱུར༨༥ལེགས་འགྲུབ་བྱས་པ་དང་ལོ་སྔོན་མའི་དུས་མཉམ་ལས༡༠.༥%འཕར་ཡོད། དེའི་ནང་ཡང་བའི་བཟོ་ལས་ཀྱིས་འཕར་བའི་རིན་ཐང་སྒོར་དུང་ཕྱུར༦.༨༢ལེགས་འགྲུབ་བྱས་པ་དང་དུས་མཉམ་ལས༢༥.༦%འཕར་ཡོད།
       ལས་རིགས་ཐད་ལ་གཞིགས་ན། ཐོན་འབབ་ཡོད་པའི་ཡང་བའི་བཟོ་ལས་ལས་རིགས༡༡ཁྲོད་ལས་རིགས༨ལ་འཕེལ་རྒྱས་བྱུང་ལ། འཕར་ཚད༧༢.༧%ལ་སླེབས། ན་ནིང་གི་དུས་མཉམ་ལས་འཕར་ཚད་ཅུང་མགྱོགས་པའི་ལས་རིགས་ལ་ཞིང་ཞོར་ཟས་རིགས་ལས་སྣོན་བཟོ་ལས༣༢%འཕར་བ་དང་། ཟས་རིགས་བཟོ་སྐྲུན་ལས་རིགས༢༧.༨%འཕར་ཡོད། སྨན་རྫས་བཟོ་སྐྲུན་ལས་རིགས༥༡.༢%འཕར་ཞིང་། རིག་སློབ་དང་བཟོ་རྩལ། ལུས་རྩལ་དང་རོལ་རྩེད་མཁོ་རྫས་བཟོ་སྐྲུན་ལས་རིགས༢༠.༥%འཕར། འཁལ་འཐག་ལས་རིགས༧༣.༦%འཕར་ཡོད་པ་དང་། ལས་རིགས་ལྔ་བོ་འདི་ཡིས་བཟོ་ལས་ཀྱི་འཕར་བའི་རིན་ཐང་སྒོར་དུང་ཕྱུར༤.༤༤མངོན་འགྱུར་བྱས་ལ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཚད་བརྒྱ་ཆའི་ཆ༡.༦འཕར་བར་སྐུལ་ཁྲིད་བྱས།
       ཐོན་རྫས་ཐད་ལ་གཞིགས་ན། ལག་བཟོས་ས་གདན་དང་འགེལ་གདན་ལ་ལྡབ༡.༣འཕར་བ་དང་། འཕྲུལ་འཐག་ས་གདན་དང་འགེལ་གདན༩༥.༣%འཕར་ཞིང་། གྱོན་གོས་ཐོན་རྫས༤༠%དང་འོ་མའི་ཐོན་རྫས༡༠.༨%འཕར་བ་དང་། ཤ་རིགས་འཕར་ཚད༥༥.༦%ལ་སླེབས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060